བོད་མི་ཡོངས་ཀྱིས་དམར་ཟས་སྤོང་རོགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༥ཉིན། ཁ་སང་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག འབྱུང་ལ་ཉེ་བའི་༧གོང་ས་མཆོག་གི་འཁྲུངས་སྐར་དང་སྟབས་བསྟུན། བོད་མི་ཡོངས་ཀྱིས་དམར་ཟས་སྤོང་དགོས་པའི་རེ་སྐུལ་གྱི་གསར་འགོད་གསལ་བསྒྲགས་ཤིག་བྱས་འདུག

དེ་ཡང་ཟླ་འདིའི་ཚེས་༦རེས་གཟའ་མིག་དམར་ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུངས་གྲངས་༧༥ཕེབས་པའི་སྐུའི་འཁྲུངས་སྐར་ཁེལ་གྱི་ཡོད་པ་དང༌། ཁ་སང་རྒྱ་གར་ལྷོ་ཕྱོགས་མེ་སོར་ཁུལ་བྷེ་ཀོ་བོད་མིའི་གཞིས་གྲོངས་སུ། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང༌། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག བོད་མི་ཡོངས་ཀྱིས་དམར་ཟས་སྤོང་དགོས་པའི་རེ་སྐུལ་གྱི་གསར་འགོད་གསལ་བསྒྲགས་ཤིག་བྱས་ཡོད་འདུག

སྐབས་དེར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་པདྨ་ཚེ་དབང་ལགས་དང༌། ས་གནས་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་དབང་མོ་ལགས་གཉིས་ཀྱིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་རྒྱུན་དུ་འགྲོ་བ་མི་ཙམ་མ་ཟད་སེམས་ཅན་ཐམས་ཅད་ལ་བྱམས་སྙིང་རྗེ་ཆེན་པོས་ཐུགས་བརྩེ་བ་སྦྱིན་མཁན་ཞིག་ཡིན་པ་དང༌། གཉིས་ནི་མགོན་པོ་གང་ཉིད་ཀྱི་སྐུ་ཚེ་ཡུན་རིང་བསྟན་ཆེད་བོད་མི་ཡོངས་ཀྱིས་ངེས་པར་དུ་དམར་ཟས་སྤོང་དགོས་པའི་སྐོར་གསུངས་བཤད་གནང་འདུག གཞན་ཡང་སྐུའི་འཁྲུངས་སྐར་ཉིན་མོར་བྷེ་ཀོ་ས་གནས་སུ་མཛད་སྒོའི་ལས་རིམ་མང་པོ་ཞིག་སྤེལ་རྒྱུ་ཡིན་སྐོར་ཡང་འགྲེལ་བརྗོད་གནང་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༤༢༠༡༠༡༠༣༨
བོད་མི་ཡོངས་ཀྱིས་དམར་ཟས་སྤང་ཐུབ་ན་ཡག་པོ་འདུག་མོད། སྐད་ཆ་བཤད་མཁན་དེ་བོད་ལ་ཟུར་ཙམ་ཡང་རྒྱས་མེད་པའི་ཨུ་ཚུགས་མཁན་ཞིག་རེད། རྒྱ་གར་ལུང་པར་མཚོན་ན་དམར་ཟས་སྤང་རྒྱུ་ལས་སླ་བོ་རེད། བོད་ནང་ན་མཚོན་ན་འབྲོག་པ་མང་ཚོགས་ཀྱི་ཁ་ནང་ལ་ཐལ་གཏོར་བ་རེད། བོད་ཀྱི་ས་ཆ་གང་མང་ཞིག་ནི་ད་ལྟ་བར་དུ་བོད་མི་མ་གཏོགས་འཚོ་མི་ཐུབ་པའི་རྒྱུ་མཚན་དེ་ཤེས་དགོས་པ་རེད། ན་ནིང་ད་ལོ་བླ་རྒན་བླུན་པོ་ཁ་ཤས་ཀྱིས་བོད་མིས་ཟོག་འཚོང་མི་ཆོག ནོར་བསད་ནས་ཤ་ཟས་མི་ཆོག་ཅེས་སངས་རྒྱས་ལས་འདས་པའི་བཀའ་ཆེན་མོ་གཏོང་བཞིན་འདུག སྙིང་རྗེ་བའི་འབྲོག་པོ་ཚོ་བྱ་རྒོད་རོ་ལ་རེ་བ་ལྟར་ནོར་ལུག་ཞིག་ཤི་སོང་ན་བསམས་ནས་སྒུགས་ཞིང་ཤི་རོའི་ཤ་ཟ་བའི་ཚུལ་དེ་མཐོང་ཙ་ན་མིག་ཆུ་དབང་མེད་དུ་བཞུར་འགྲོ་བའོ་ཚུལ་ཡིན་ནོ། ནོར་དང་ཟོག་ཞེས་པ་ཚོང་གི་དོན་ཡིན་པ་ཧ་གོ་གི་ཡོད་ས་མ་རེད། ཚོང་མེད་ན་བོད་ལ་ཅི་ཡོད་ནེ༏ དཔལ་འབྱོར་འཕེལ་རྒྱས་མེད་ན་མི་རིགས་ཡར་རྒྱས་ཟེར་བ་དེ་ག་ནས་ཡོངས་གི་རེད༏ སྙིང་ནད་སློང་གི་མ་འདུག་ལགས།



བརྗོད་གཞི་གཞན་ཁག་ལ་གཟིགས།