འོས་མིར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་ཟེར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༧ཚེས་༣ཉིན། མངའ་རིས་སྤྱི་འཐུས་ཚོགས་པའི་ཚོགས་ཆེན་ཐེངས་༧པའི་སྐབས་ཐག་གཅོད་བྱུང་དོན་ལྟར། དེ་རིང་སྔ་དྲོ་ཆུ་ཚོད་༡༠་༣༠ཐོག མངའ་རིས་སྤྱི་འཐུས་ཚོགས་པས་མ་འོངས་བཀའ་སྤྱི་གཉིས་ཀྱི་འོས་མི་ཁག་གཅིག་གསར་འགོད་གསལ་བསྒྲགས་བྱས་སོང༌ལ། ཁོང་ཚོའི་འོས་མིར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་ཟེར།

ཁོང་ཚོའི་གསལ་བསྒྲགས་ནང་བཀའ་བློན་གྱི་འོས་མི་༥དང་སྤྱི་འཐུས་ཀྱི་འོས་མི་གྲངས་༢༧བཏོན་འདུག་ལ། མངའ་རིས་སྤྱི་འཐུས་ཚོགས་པའི་ངོས་ནས་བཏོན་པའི་འོས་མི་དེ་དག་ལ་སྔོན་འགྲོའི་ཆ་རྐྱེན་དང༌། ས་རྟགས། དེ་བཞིན་འགེངས་ཤོག་སོགས་གང་ཡང་གནང་མི་དགོས་པར་ལྷག་བསམ་རྣམ་དག་གི་རྒྱབ་སྐྱོར་ཐོག་འོས་འདོན་བྱ་རྒྱུའི་ཐག་གཅོད་བྱས་པ་ཡིན་ཟེར།

སྐབས་དེར་མངའ་རིས་སྤྱི་འཐུས་ཚོགས་པའི་ཚོགས་གཙོ་ཨཅྱར་ཡེ་ཤེས་ཕུན་ཚོགས་ལགས་ཀྱིས། ཟླ་སྔོན་མའི་ཚེས་༢༦ནས་༣༠བར་མངའ་རིས་སྤྱི་འཐུས་ཚོགས་པའི་ཚོགས་ཆེན་ཐེངས་༧པའི་སྐབས་བསྐྱངས་པའི་གྲོས་གཞི་དང་གྲོས་ཆོད་ཁག་ངོ་སྤྲོད་དང༌། བཀའ་ཁྲི་དང་སྤྱི་འཐུས་ཀྱི་འོས་མི་དེ་དག་ནི་ས་གནས་ཁག་ནས་འོས་མི་བཏོན་པ་དེ་དག་ཚོགས་ཆེན་ཐོག མང་མོས་རྩེ་བཏོག་བྱས་པ་ཡིན་ཞེས་དང༌། ཐེངས་འདིར་ང་ཚོས་བཏོན་པའི་འོས་མི་དེ་དག་ལ་ཆ་རྐྱེན་གྱི་དགོས་འདུན་གང་ཡང་བཏོན་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་གནང་སོང༌།

མངའ་རིས་སྤྱི་འཐུས་ཚོགས་པའི་བཏོན་པའི་བཀའ་ཁྲིའི་འོས་མི་ནི། ༡༽བཀའ་དྲུང་མི་འགྱུར་རྡོ་རྗེ། ༢༽བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ། ༣༽རྒྱ་རི་སྒྲོལ་མ།  ༤༽བློ་བཟང་སེངྒེ། ༥༽ རྔ་ལ་ཚེ་རྒྱམ་བཅས་རེད་འདུག

སྤྱི་འཐུས་ཀྱི་འོས་མི་ནང༌། ༡༽ ཡེ་ཤེས་ཕུན་ཚོགས། ༢༽བསོད་ནམས་བཟང་པོ། ༣༽པདྨ་འབྱུང་གནས། ༤༽ རིན་ཆེན་ཚེ་རིང༌། ༥༽ བསོད་ནམས་བཟང་པོ། ༦༽ སྨན་པ་ཐོག་མེད། ༧༽སྐལ་བཟང་གཡུ་སྒྲོན། ༨༽འཇིགས་མེད་འབྱུང་གནས། ༩༽ཀརྨ་ཡེ་ཤེས། ༡༠༽ ཀརྨ་ཆོས་འཕེལ། ༡༡༽ཟླ་བ་ཕུན་སྐྱིད། ༡༢༽ཉི་མ་བསམ་མཁར། ༡༣ བསམ་གཏན་ཆོས་སྒྲོན། ༡༤༽ ཚེས་བསྟན་ནོར་བུ། ༡༥༽ལེགས་བཤད་རྒྱལ་མཚན། ༡༦༽ཚེ་དབང་བསོད་ནམས། ༡༧༽ ཁམས་གསུམ་དབང་འདུས། ༡༨༽ཟླ་བ་ཚེ་རིང༌། ༡༩༽སྒྲོལ་མ་ཚེ་རིང༌། ༢༠༽ཨོ་རྒྱན་བསྟན་འཛིན། ༢༡༽བསྟན་འཛིན་སྒྲོལ་མ། ༢༢༽ བསོད་ནམས་ཚེ་རིང༌། ༢༣༽བསོད་ནམས་སྒྲོལ་དཀར། ༢༤༽ དཀའག་ལྡན་གྲྭ་བག་དྲོ། ༢༥༽རྟ་མགྲིན་ཆོས་དར། ༢༦༽འཇིགས་མེད་བཀྲིས། ༢༧༽ གཡུང་དྲུང་འཆི་མེད། བཅས་རེད་འདུག

གཞན་ཡང་དེང་སང་ཚོགས་པ་དང་སྐྱིད་སྡུག་ཁག་མང་པོ་ཞིག་ནས་མ་འོངས་བཀའ་སྤྱི་གཉིས་ཀྱི་འོས་མི་བཏོན་བཞིན་པའི་ནང༌། བདུན་ཕྲག་སྔོན་མར་དབུས་གཙང་ཆོལ་ཁས་ཕྱི་ལོ་༢༠༡༡ལོའི་སྐབས་༣པའི་བཀའ་བློན་ཁྲི་པའི་འོས་མི་༡དང༌། སྐབས་༡༥པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མི་༢༠ཕྱིར་བསྒྲགས་བྱས་ཡོད་པ་རེད། དབུས་གཙང་ཆོལ་ཁའི་སྐབས་༣པའི་བཀའ་བློན་ཁྲི་པའི་འོས་མི་ནི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་རེད་འདུག

སྐབས་དེར་དབུས་གཙང་ཆོལ་ཁའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་སྒྲོལ་མ་ཚེ་རིང་ལགས་ཀྱིས། དབུས་གཙང་ཆོལ་ཁས་ཆོལ་ཁ་དབྱེ་མེད་ཀྱིས་དང་ཐོག་བཀའ་ཟུར་རྗེ་བཙུན་པདྨ་མ་མཆོག་དང༌། བཀའ་ཟུར་བཀྲ་ཤིས་དབང་འདུས།  བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་བཅས་ཁོང་གསུམ་པོ་མ་འོངས་བཀའ་ཁྲིའི་འོས་མིར་བཏོན་ཡང༌། རྗེས་སུ་ཁོང་གཉིས་པོ་དགོངས་པ་ཞུས་སོང་ཞེས་དང༌། དེ་བཞིན་དབུས་གཙང་ཆོལ་ཁས་སྤྱི་འཐུས་ཀྱི་འོས་མི་ཁྱོན་མི་གྲངས་༢༠བཏོན་ཡོད་པ་དང༌། དེ་དག་ཚང་མར་རང་བཙན་གྱི་ལྟ་བ་ཁྱེར་མཁན་མིན་པ་དང༌། བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་བཞིན་དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་སྐྱོར་གནང་མཁན། དེ་བཞིན་དབུས་གཙང་ཆོལ་ཁར་ཤ་ཚ་ཞེན་ཁོག་དགོས་རྒྱུ་བཅས་ཆ་རྐྱེན་ཁག་གཉིས་བཏོན་ནས། ཚང་མར་ཆ་རྐྱེན་དེ་གཉིས་ལ་མོས་མཐུན་ཡོད་པའི་ས་རྟགས་རྒྱག་བཅུག་ཡོད་པ་རེད་ཟེར། དབུས་གཙང་ཆོལ་ཁས་བཏོན་པའི་སྤྱི་འཐུས་ཀྱི་འོས་མི་ནི།

༡༽སྤྱི་འཐུས་སྒྲོལ་མ་ཚེ་རིང༌།   ༢༽སྤྱི་འཐུས་ཟླ་བ་ཚེ་རིང༌།   ༣༽སྤྱི་འཐུས་ཟླ་བ་ཕུན་སྐྱིད། ༤༽སྤྱི་ཟུར་ཨོ་རྒྱན་བསྟན་འཛིན།   ༥༽སྤྱི་འཐུས་ཀརྨ་ཡེ་ཤེས།  ༦༽སྤྱི་འཐུས་ཚེ་བརྟན་ནོར་བུ།   ༧༽སྤྱི་འཐུས་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས།  ༨༽ དབུས་གཞོན་ནུའི་ཚོགས་ཟུར་སྐལ་བཟང་ཕུན་ཚོགས། ༩༽དངོས་གྲུབ་དཔལ་ལྡན།   ༡༠༽བུད་མེད་ཚོགས་ཟུར་བུ་མོ་ཆེ་རིང༌།  ༡༡༽སྤྱི་འཐུས་པདྨ་འབྱུང་གནས།   ༡༢༽སྤྱི་འཐུས་ཚེ་རིང་སྒྲོལ་མ། ༡༣༽འཕན་པོ་རྒྱལ་མཚན།  ༡༤༽སྤྱི་འཐུས་ངག་དབང་ལྷ་མོ།  ༡༥༽སྐྱིད་གྲོང་ཚེ་དབང་ནོར་བུ།  ༡༦༽འཇམས་དབྱངས་རྡོ་རྗེ།   ༡༧༽འཇིགས་མེད་འབྱུང་གནས།  ༡༨༽བྱ་ཉལ་ཚེ་རིང་ལྷ་སྐྱབས།   ༡༩༽བདེ་སྐྱིད་གླིང་ཚེ་རིང་དོན་གྲུབ།  ༢༠༽དགེ་བཤེས་ངག་དབང་དཔལ་ལྡན་བཅས་ཡིན་པ་རེད།

སྐབས་དེར་དབུས་གཙང་ཆོལ་ཁའི་འོས་མི་ནང༌། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི་ཁག་ཅིག་གིས་ཀྱང༌། ཁོང་ཚོའི་ཆ་རྐྱེན་དེ་དག་ལ་ས་རྟགས་བརྒྱབ་པ་ནི། མིང་གང་མང་ཞིག་མགོ་འཐོམ་བཅུག་ཡོད་པས་མ་ཚད། སྤྱི་ཚོགས་དང་དྲྭ་བའི་བརྒྱུད་ལམ་སོགས་སུའང་དེའི་སྐོར་གླེང་སློང་ཤུགས་ཆེར་བྱེད་བཞིན་པའི་གནས་ཚུལ་ཐོན་ཡོད་པ་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (12)
12 ༡༥༢༠༡༠༠༩༤༡
དྲ་རྒྱ་དོ་དམ་པ།
བཀུར་འོས་རྒྱ་ཆེ་བའི་དྲ་རྒྱ་ཀློག་པ་པོ་དང་མཆན་འདེབས་པ་པོ་རྣམས་ལ་ཆེད་ཞུ། སྤྱིར་དྲ་རྒྱ་འདི་རང་དབང་གི་གླེང་སྟེགས་ཤིག་ཡིན་ཡང་དྲ་རྒྱ་ཐོག་གལ་སྲིད་དངོས་མིང་མེད་པའི་མི་གཞན་ལ་སྐྱོན་བརྗོད་དང་ཉེས་འཛུགས་སོགས་ཀྱི་རྩོམ་ཡིག་དང་། དགོངས་ཚུལ་རྣམས་གཙང་གསུབ་བྱ་རྒྱུ་ཡིན་པས་དེ་དོན་དགོངས་འཇགས་འཚལ། རྗེས་སུ་སྐྱོན་བརྗོད་དང་ཉེས་འཛུགས་ཀྱི་གནས་ཚུལ་རིགས་སྤེལ་ཚེ་ངེས་པར་དུ་དངོས་མིང་དང་ཁ་པར་ཨ་གྲངས་བཅས་འགོད་དགོས་པ་ཡིན།
བཀྲ་ཤིས་དཔལ་ལྡན་ལགས། ཁྱེད་ཀྱི་གསུངས་པ་ནི་དངོས་གནས་རེད་འདུག མི་མང་པོ་ད་ལྟ་ཆ་གཞི་འཁྲུགས་ཡོད་པ་གཏན་འཁེལ། སྐུ་ངོས་ཀརྨ་ཆོས་འཕེལ་ལགས་ནི་དངོས་སུ་རང་བཙན་གྱི་ལྟ་བ་འཁྱེར་ནས་གྲོས་ཚོགས་སུ་བཀའ་སློབ་ལན་མང་གནང་ཡོད་པ་དང་ད་དུང་དབྱིན་ཇིའི་བརྡ་སྤྲོད་ལ་ཆེས་མཁས་པ་ཞིག་ཡིན་སྟབས་མི་མང་ནས་དངོས་སུ་བཀའ་ཁྲི་འདེམས་སྐབས་ཁོང་གི་མཚན་དེ་མཐོང་དཀའ། མངའ་རིས་སྤྱི་མཐུན་ཚོགས་པ་དང་མདོ་སྟོད་ཆུ་སྒང་གི་འོས་གཞི་སྟོན་སྐབས་སྐུ་ངོས་ལ་བཀའ་དྲི་མ་ཞུས་པ་མིན་ནམ་སེམས། སྐུ་ཉིད་དུས་ཁོམས་བྱུང་ཚེ་ངེས་པར་དུ་སྐུ་ངོས་མཆོག་ལ་བཀའ་དྲི་ཞིག་གནང་སྐྱོང་ཡོད་པ་ཞུ། ད་དུང་མགྱོགས་མྱུར་བོད་ལྗོངས་དམངས་གཙོའི་དུས་ཆེན་ཉིན་སྐུ་ངོས་འཇར་མན་གནམ་ཐང་བར་སྤྲོ་གསེང་སུ་ཕེབས་པའི་རྣམ་ཐར་རྒྱས་པ་ཞིག་ཆུ་སྒང་ཚོགས་གཙོ་དགེ་བཤེས་གཡུང་དྲུང་རྒྱལ་མཚན་ལགས་ནས་བྲིས་ཟིན་ནས་དབུ་འབྱེད་གནང་རྒྱུ་གཏན་འཁེལ་འདུག ཁྱེད་ལ་དེབ་ཕྲེང་གཅིག་ངེས་པར་དུ་ཐོབ་པ་གནང་དགོས་དེའི་ནང་དོན་ཟབ་ལ་བརྗོད་ཚིགས་སྙན་ངག་གི་རྒྱན་སོགས་མེད་པ་གོ་བདེ་ཞིག་ཡོད་ཚོད་འདུག
བསམ་ཕོད་པ་བཤད་ཕོད་པ་བྱེད་ཕོད་པ་ནི་སྤྱི་ཟུར་བསོད་ནམས་སྟོབས་རྒྱལ་གཅིག་པུ་རེད། སྤྱི་འཐུས་གྲོས་ཚོགས་ནང་ཀརྨ་ཆོས་འཕེལ་གྱི་སྐད་བཟང་མཐོན་པོས་མདོ་སྟོད་མི་མང་ལ་སྐབས་བཅོ་ལྔ་པའི་སྤྱི་འཐུས་སུ་བསོད་ནམས་སྟོབས་རྒྱལ་འོས་འདེམས་དགོས་པའི་ལམ་ལོག་པ་ཞིག་བསྟན་ཡོད་ཀྱང་། བསམ་ཤེས་པ་དང་བྱེད་ཕོད་པ་དངོས་སུ་སྐབས་བཅོ་ལྔ་པའི་སྤྱི་འཐུས་འོས་མི་ནས་དགོངས་པ་ཞུས་པ་ནི་ཀརྨ་ཆོས་འཕེལ་གྱི་ལམ་སྟོན་དེ་ཀྱོག་ཀྱོག་ཡིན་པ་དོན་གྱི་གསལ་བཤད་བྱས་འདུག རང་ཉིད་ར་བཟི་ནས་གཞན་ལ་སྐྱུར་འགོང་ཤོད་ཏུ་བཅུག ཧ་ཧ་མདོ་སྟོད་མི་ཡི་ཆོལ་ཁ་ལ་མི་ཡོད་སྤྱི་འཐུས་དགོས་པ་ཡོད་ན་འོས་མི་མང་པོ་ཡོད་ད་ལྟ་རྐུབ་སྟེགས་ཉུང་བས་སྐྱོན་ཡིན།
བཀའ་བློན་ཁྲི་པའི་འོས་འདེམས་ལ་བཞུགས་མཁན་རྣམས་ལ་འཚམས་འདྲི་དང་བཀྲིས་བདེ་ལེགས་ཞུ། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ནི་དངོས་གནས་ཀྱི་ཆབ་སྲིད་པ་ཞིག་ཡིན་པའི་ངེས་པ་རྙེད་བྱུང་། སྔར་ལོ་བོད་གཞུང་ཟློས་གར་ཚོགས་ཁང་དུ་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་ནས་༢༠༡༡ལོའི་བཀའ་བློན་ཁྲི་པའི་འོས་འདེམས་སྐོར་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་དང་སྤྱི་འཐུས་ཚོགས་གཙོ་གཉིས་བགྲོ་གླེང་ལ་གདན་ཞུ་མཛད་འདུག་ལ། སྐབས་དེར་བེུད་ཞིག་ནས་སྤྱི་འཐུས་ཚོགས་གཙོ་ལ་སྐུ་ངོས་ཁྱོད་བཀའ་བློན་ཁྲི་པ་གནང་འཆར་ཡོད་མེད་བཀའ་དྲི་གནང་སྐབས། ཁོང་གིས་ང་རྨི་ལམ་ལའང་བཀའ་ཁྲི་བྱེད་རྒྱུ་གཏོང་གི་མིན་འདུག་ཅེས་གསུངས་པ་ཚང་མས་བརྗེད་ཡོད་ཀྱི་མ་རེད། ད་ཆ་བཀའ་བློན་ཁྲི་པའི་དྲ་རྒྱའི་ནང་སྤྱི་འཐུས་ཚོགས་གཙོ་དངོས་སུ་བཀའ་བློན་ཁྲི་པའི་འོས་མིར་སྐུ་བཞེངས་གནང་འདུག་པས། མི་ཆེན་གྱི་བརྫུན་ལ་མི་མང་མགོ་ཐོམ་དགོས་པ་འདུག རྡ་སར་ཡོད་པའི་བོད་མི་རྣམས་ནས་དྲ་རྒྱ་མ་མཐོང་བ་དང་ཡང་ན་གནས་ཚུལ་བརྗེད་ཚར་བ་ཡིན་ནམ། ཡང་ན་སྐུ་ངོས་ཐུགས་དྲན་ཉམས་པ་ཡིན་ནམ། རྡ་སའི་ཕྱི་རོལ་ཏུ་ཡོད་པའི་མི་མང་གི་གང་ཡང་མི་ཤེས་པ་ནི་ཨེ་ཡིན་སྙམ། སྐད་ཆ་རྙིང་པ་ལྟ་བུ་ཡིན་ཡང་ད་ཆ་བསམ་ཞིབ་བྱེད་རྒྱུའི་དུས་ཚོད་ཞིག་ཀྱང་རེད།
དབུས་གཙང་དང་མངའ་རིས་གཉིས་སུ་ཡིན་ནའང་། དངོས་གནས་སྤྱི་མིའི་འདེམས་ཤེས་འདུག དཔེ་ཡག་པོ་འདམས་འདུག་ལ། དེའི་ནང་ནས་དབུས་མངའ་གཙང་གསུམ་གྱི་ད་ཡོད་སྤྱི་འཐུས་སྐུ་ངོ་ཀརྨ་ཆོས་འཕེལ་མཆོག་ནི་དངོས་ནས་སྤྱིའི་ཐུགས་འགན་བཞེས་སྟང་དང་ཤེས་ཡོན་གཞུང་དྲང་ལྷ་བསམ་སོགས་གང་ཐད་ལ་བབལྟས་ན། བཀའ་བློན་ཁྲི་པར་འདེམས་འོས་པ་ཞིག་རེད་ཏེ། ཆོས་ཁ་སུས་ཀྱང་ཁོང་གི་མཚན་དེ་བཀའ་ཁྲིའི་འོས་བསྡུའི་ནང་བཀོད་མི་འདུག་པས་བློ་ཕམ་ཆེན་པོ་བྱུང་། ད་དུང་དེའི་ནང་ནས་མངའ་རིས་པ་དང་། ་མདོ་བསྟོད་ཆུ་སྒང་གིས་ཁོང་གི་མཚན་དེ་བཀའ་ཁྲིའི་འོས་ཁོངས་སུ་བཞག་ཐག་གཅོད་བསམ་ཡོད།
མངའ་རིས་སྤྱི་མཐུན་ཚོགས་པ་དང་། དབུས་གཙང་ཆོལ་ཁ་གཉིས་ནས་ཡང་བསྐྱར་ཕན་མེད་འོས་ཆོས་མི་ཚང་བའི་ཟླ་ནག་གཉིས་དང་། ཀརྨ་མིང་ཅན་གཉིས་སླར་ཡང་སྤྱི་འཐུས་ཀྱི་འོས་གཞིར་བཏོན་པ་ནི། མི་ཟད་ཐེབས་པའི་རྟགས་དང་། ཡང་ན་ཤེས་ཡོན་ལྷག་བསམ་སོགས་ཀྱི་འོས་ཆོས་ལ་མ་བལྟས་པར་ཉེ་དགའ་ཕྱོགས་ཞེན་དང་། ངོ་ཤེས་སྤུན་ཉེ་ཡིན་པ་སོགས་ལ་བལྟས་ནས་འོས་གཞིར་བདམས་པའམ། ཡང་ན་མིག་ལྡན་གཡང་འཆོངས་བྱས་པ་ཞིག་ལས་མ་འདས། མི་དེ་དགི་གས་སྤྱི་དོན་མི་གླེང་པར་རང་དོན་གླེང་བ་དང་། སྤྱི་དོན་མི་སྒྲུབ་པར་རང་དོན་སྒྲུབ་པ། ཡང་བསྐྱར་བོད་གཞུང་ཁྲིམས་ལ་སྦྱར་རྒྱུ་དང་། གྲོས་ཚོགས་ཀྱི་ར་བ་དེ་ངར་སྐད་དང་ཁུ་ཚུར་གྱི་ཁྲོད་དུ་སྐྱེལ་རྒྱུར་ངེས་པས་མང་ཚོགས་རྣམས་ནས་སྔོན་འགྲོ་དང་དངོས་གཞིའི་འོས་འཕན་སྐབས་གདམ་ཁ་མ་ལོག་པ་ཞིག་དང། འདེམས་ནོར་མ་ཤོར་བ་ཞིག་གནང་གལ་ཆེ།
དབུས་གཙང་ཆོལ་ཁས་སྟོན་པའི་སྤྱི་འཐུས་ཀྱི་འོས་ཆོས་ཆ་རྐྱེན་ལ་རང་བཙན་གྱི་ལྟ་བ་འཁྱེར་མཁན་མིན་པ་དང་། དབུ་མའི་ལམ་གྱི་ལྟ་བ་ལ་རྒྱབ་སྐྱོར་བྱེད་མཁན། དབུས་གཙང་ཆོལ་ཁར་ཞེན་ཁོག་ཡོད་པ་གསུམ་སྟོན་འདུག་ཀྱང་། འོས་མིའི་ཁོངས་ནས་སྒོ་ཕྲུག་སྐལ་བཟང་ཕུན་ཚོགས་དང་། ཚེ་བརྟན་ནོར་བུ། ཀརྨ་ཡེ་ཤེས་སོགས་ནི་རྒྱལ་སྤྱིའི་ནང་དངོས་སུ་རང་བཙན་གྱི་ལྟ་བ་འཁྱེར་ནས་གཞོན་ནུ་ཚོགས་པའི་ཚོགས་གཙོ་དང་། རྒྱུན་ལས་ཟུར་པ་། ཚོགས་མི་ཤ་སྟག་ཡིན་པས་དེ་དག་གིས་དབུ་མའི་ལམ་གྱི་དགོངས་དོན་ལ་རྒྱབ་བསྐྱོར་གནང་ན་རང་ཉིད་ཀྱི་ལྟ་གྲུབ་རང་བཙན་དོར་དགོས་ལ། གལ་ཏེ་རང་བཙན་གྱི་ལྟ་བ་དོར་ན་སྔར་གྱི་རང་བཙན་ལྟ་བ་ལ་སྐྱོན་ཡོད་པ་མཁས་ལེན་ནམ། ཁོ་ཚོ་རྒྱ་མགོ་མཐོ་ན་རྒྱ་མགོ་དང་། བོད་མགོ་མཐོ་ན་བོད་མགོ་ཞེས་པའི་དཔེ་ལྟར་སྐབས་རེ་རང་བཙན་གྱི་ལྟ་བ་འཁྱེན་མཁན་གྱི་གཞོན་ནུའི་ཚོགས་གཙོ་དང་། ཡང་སྐབས་རེ་དབུ་མའི་ལྟ་བ་འཁྱེར་ནས་སྤྱི་འཐུས་ཀྱི་རྐུབ་སྟེགས་ལ་འཚང་ཀ་ཤིག་ཤིག་གི་རང་ཉིད་ཁོ་ནའི་ཁེ་ཕན་ཙམ་ལས་རང་ཉིད་ལ་རང་བཙན་དང་དབུ་མའི་ལམ་གྱི་ལྟ་བ་འདི་ཡིན་གྱི་གཏད་སོ་མེད་པས་ནམ་ཞིག་རྐང་པ་གང་ལ་བཙུགས་མིན་རང་ཉིད་ལའང་ལྐོག་ཏུ་གྱུར་པས་འོས་ཆོས་དང་འོས་མིའི་ལྟ་བ་ལ་ནང་འགལ་མི་འདུག་གམ། རང་བཙན་གྱི་ལྟ་བ་འཁྱེར་མཁན་ཡིན་ན་ལྷ་བཟང་ཚེ་རིང་ལགས་དང་འཇམ་དབྱངས་ནོར་བུ་གཉིས་ལྟར་རང་ལུགས་གཏད་སོ་ཡོད་པ་དང་རྒྱུན་འཁྱོངས་ཐུབ་པ་ཞིག་དགོས་འགལ་ཆེ། གཞོན་ནུའི་རྒྱུན་ལས་ཟུར་པ་རེ་ཟུང་གིས་དཔལ་ལྡན་སྐུ་སྒེར་ཡིག་ཚང་ནང་ལམ་ཟུར་བརྒྱུད་ནས་ཚང་ཀ་ཤིག་ཤིག་གིས་སྲིད་ཞུ་སྒྲུབ་ཁུལ་ཡོད་ཀྱང་རྒྱ་ཕྱོགས་ནས་༸གོང་ས་མཆོག་ལ་སྐྱོན་འཛུགས་བྱེད་རྐྱེན་གྱི་ལག་ཆ་དང་དཔང་རྟགས་ལྟ་བུར་གྱུར་ཡོད་པས་གཞུང་སྒེར་གཉིས་ཀས་དགོངས་པ་ཟབ་ནན་བཞེས་དགོས་པ་དང་སྤྱི་ཚོགས་ཁྲོད་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་ལེགས་གྲས་འདེམས་སྒྲུབ་མཛད་གནང་ཡོད་པ་ཞུ། དབུས་གཙང་ཆོལ་ཁ་ལ་ཞེན་ཁོག་ཡོད་པ་ཞེས་པ་དེ་མེད་ན་དགེ་མཚན་ཆེ་ལ། གལ་ཏེ་ཆ་རྐྱེན་གསུམ་པ་ཞིག་ངེས་པར་དུ་འཇོག་དགོས་ན་བོད་དང་བོད་མི་རིགས་ལ་ཤ་ཚ་ཞེན་ཁོག་ཡོད་པ་དང་བོད་མིའི་རྩ་དོན་ལ་ལྷག་བསམ་རྣམ་དག་ཡོད་པ། བཞག་ན་མི་ལེགས་སམ།
དབུས་གཙང་ཆོའ་ཁའི་སྤྱི་འཐུས་ཀྱི་འོས་མིར་ཚང་དགོས་པའི་ཆ་རྐྱེན་ནི་ཧ་ལས་དགོས་པའི་ཆ་རྐྱེན་དང་ཁྱད་མཚར་དེ་འདྲ་སྟོན་པ་ཕལ་ཆེར་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ཐུགས་སྣང་བྱུང་ཡོད་ངེས། སྤྱི་འཐུས་སྒྲོལ་མ་ཚེ་རིང་ནི་གནམ་ཀུན་གྲོས་ཚོགས་རྭ་བའི་ནང་གཟེངས་སུ་ཐོན་པའི་བེུད་སྤྱི་འཐུས་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། སྟབས་མི་ལེགས་པ་ཞིག་ལ་དབུས་གཙང་ཆོལ་ཁས་སྤྱི་འཐུས་འོས་མིར་ཆ་རྐྱེན་དེ་ལྟ་བུ་སྟོན་འཆར་ནི་ཧ་ཅང་གི་བློ་ཕམ་དགོས་པ་མིན་ནམ་སྙམ། ད་ལན་ལྷག་ཕྱོགས་གང་ནས་འཐོན་པ་ཡིན་ནམ།
སྔོན་འགྲོ་དང་དངོས་གཞིའི་ཆ་རྐྱེན་མི་ཚང་བའི་མི་གསུམ། མངའ་རིས་སྤྱི་དོན་ཚོགས་པའི་འོས་མི་སྐར་མ་ཆོས་འཕེལ་ཟེར་བའི་མི་ངན་དེས་ལུང་པའི་ཕུ་མདའ་དཀྲུགས་ནས་ད་དུང་སྤྱི་འཐུས་འོས་མིར་སྟོན་དགོས་དོན་ཡོད་དམ། བོད་ལ་ཕོ་ཟད་མོ་ལ་ཐུག་ཀྱང་དབུས་གཙང་མི་དམངས་ཀྱི་འདེམས་སྲིད་དམ། ཁོ་པར་སྤྱི་འཐུས་ཀྱི་འོས་ཆོས་ཚང་མེད་པ་མཁྱེན་བཞིན་དུ་དོན་མེད་མངའ་རིས་རྒྱུན་ལས་ཚོས་སྤྱི་ཚོགས་ནང་རྙོག་དྲ་གསར་པ་ཞིག་བཟོས་དགོས་པའི་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་གཏན་འཁེལ། མི་དམངས་ནང་ཕན་ཚུན་ཐུགས་སྣང་གནང་དགོས། བཀའ་བློན་ཁྲི་པ་ལས་སྤྱི་འཐུས་ཀྱི་ས་དམིགས་ལ་ཐུགས་སྣང་མང་བ་གནང་དགོས་པས་དགོངས་བཞེས་དང་འོས་མི་རྣམས་ལ་རྒྱུས་མངའ་གནང་སྐྱོང་ཡོད་པ་མཁྱེན། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་འོས་མིར་གཟིགས་དང་སྤྱི་འཐུས་རྙིང་པ་རང་འཇགས་སྟོན་འདུག་འོས་མི་གསར་པ་གཉིས་འདུག འཆི་མེད་གཡུང་དྲུང་དང་ཡབ་ཆེན་གཉིས་རེད་ལོ་རྒྱུས་ཟུར་དུ་ཕུལ་མེད། གང་ལྟར་དེ་གཉིས་ཆོ་མེད་ཀྱི་མི་རེད། བསམ་བློ་ཡག་པོ་གཏོང་དགོས། སྔར་ལོའི་གྲོས་ཚོགས་འཇུག་བསྡོམས་མེད་པའི་རྒྱུ་རྐྱེན་གང་ལ་ཐུག་ཡོད་པ་བརྙན་འཕྲིན་དང་གསར་འགྱུར་ནང་མི་དམངས་ཚང་མས་གཟིགས་ཡོད་པ་བརྗེད་རྒྱུ་མེད། སྤྱི་འཐུས་ཁ་ཤས་ཀྱིས་གཏམ་དཔེ་ཡག་པོ་དྲངས་སོང་། ལ་མཐོ་པོའི་རྩེ་ནས་ཀི་ཞིག་བརྒྱབ། དེ་མ་ཐོས་ཟེར་ན་འོན་པ་རེད། ཐང་བདེ་མོའི་སྒང་ལ་རྟ་ཞིག་རྒྱུགས། དེ་མ་མཐོང་ཟེར་ན་ཞ་ར་རེད། མི་དམངས་རྣམས་ནས་ངེས་པར་དུ་སྔར་ལོའི་གྲོས་ཚོགས་ཀྱི་འོད་སྡེར་དེ་ངེས་པར་དུ་སྤྱི་འཐུས་སྔོན་འགྲོའི་འོས་ཤོག་མི་འཕེན་གོང་དུ་བལྟ་དགོས། རབ་བྱུང་ན་སྔ་ལོ་ཕྱི་ལ་འགྲོ་མཁན་ཚོ་སླར་ཡང་སྤྱི་འཐུས་ཀྱི་འོས་མིར་ཆ་རྐྱེན་མི་ཚང་བར་ངོས་འཛིན་བྱེད་དགོས། བོད་གཞི་བྱེས་མི་དམངས་བློ་ཕམ་འཇུག་མཁན་དང་རྒྱ་མིའི་འདོད་པ་སྒྲུབ་མཁན་ལ་དུས་ཀུན་ཏུ་རྒྱབ་བསྐྱོར་བྱེད་མི་རུང་།
ཉི་མ་གང་འཁྱོལ་ལགས། བཀྲ་ཤིས་བདེ་ལེགས། ངས་འདི་ལྟར་ཞུ་གི་ཡོད། ཡང་དག་པའི་དམངས་གཙོའི་ལམ་དུ་མདུན་སྐྱོད་བྱེད་མཁན་ཞིག་ཡིན་ཕྱིན། དམངས་ཀྱི་ལམ་ཕྱོགས་དང་ལྟ་བ་གང་ཞིག་བཟུང་རུང་དེ་ལ་འགོག་རྐྱེན་དང་མདུན་ལམ་བཀག་མི་རུང་ལ། དམངས་གཙོའི་ཁེ་དབང་ལ་སྲུང་རྩི་ཞུ་སེམས་ཡོད་ན་ཆོལ་ཁའི་ཞེན་ ཁོག་ཅེས་པའི་མིང་ཚིག་དེ་ཡང་ཡོང་མི་འོས་པ་ཞིག་ཏུ་མཐོང་། །
བསླབ་གསུམ་ངུར་སྨྲིག་འཛིན་པ་དགེ་བཤེས་ཚེ་དབང་མཐར་པྱིན་ལགས་ཁྱེད་ལྟར་ན་དབུས་གཙང་ཆོལ་ཁའི་རྒྱུན་ལས་ནས་སྤྱི་འཐུས་ཀྱི་ཆ་རྐྱེན་གཉིས་འདོན་གནང་བར་མི་འོས་ཟེར་བ་རེད་དམ། དབུས་གཙང་རྒྱུན་ལས་ནས་མི་དམངས་ཀྱི་དམངས་གཙོའི་ཁེ་དབང་འཕྲོག་ཞིང་དམངས་གཙོར་སྲུང་རྩི་མ་བྱས་ཟེར་བ་རེད། དེ་མིན་དབུས་གཙང་རྒྱུན་ལས་ཀྱི་སྣ་སྟེང་རྣོ་ངར་ལྡན་པའི་ཕྲག་དོག་དང་འགྲན་སེམམས་མཛུབ་མོ་བཙུགས་པར་ཕན་པ་ཡོད་མི་སྲིད།
ངས་ཐོག་མ་མངའ་རིས་རྒྱུན་ལས་རྣམ་པ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་འབྲེལ། ཁྱེད་རྣམ་པས་བྱེད་སྟངས་དེ་ནི་དམངས་གཙོའི་རྒྱ་ལས་མ་འདས་ཤིང་། དམངས་གཙོའི་ཁེ་དབང་ལ་སྲུང་རྩི་བླ་མེད་ཞུས་འདུག་པ་དེ་ནི་དམངས་གཙོ་ལ་དགའ་བའི་མི་མང་རྣམས་དགའ་འོས་པ་ཞིག་དུ་མཐོང་ལ། དབུས་གཙང་རྒྱུན་ལས་ཚོའི་སྣ་སྟེང་དུ་དོན་ལ་རྣོ་ངར་ལྡན་པའི་མཛུབ་མོ་ཞིག་བཙུགས་པ་དེ་ཡང་འགྲིག་ངེས་རེད། །



བརྗོད་གཞི་གཞན་ཁག་ལ་གཟིགས།