གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་སུམ་ཅུ་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

finallamp

ལོ་གསར་གྱི་ཚབ་ཏུ་མཆོད་འབུལ།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

ྋགོང་ས་མཆོག་ལ་རྒྱ་རིགས་བུད་མེད་རྩོམ་པ་པོ་ཞིག་གིས་མཇལ་མོལ་ཞུས་པ།

30december2008202

ཤམ་བྷ་ལའི་ཕོ་ཉ་དྲ་བས་ཟླ་༡༢ཚེས་༣༡ཉིན་སྤེལ། ཟླ་༡༢ཚེས་༣༠ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་མཆོག་ལ་རྒྱ་རིགས་བུད་མེད་རྩོམ་པ་པོ་ཀྲུ་རེས་ལགས་ཀྱིས་མཇལ་ཁ་ཞུས་ཡོད་པ་དང༌། སྐབས་དེར་རྩོམ་པ་པོ་དེས་ད་ལྟའི་བོད་རྒྱའི་འབྲེལ་ལམ་དང་བོད་ཀྱི་ཐུན་མོང་མིན་པའི་ཆོས་རིག བོད་ཀྱི་ཁོར་ཡུག་གནས་བབས། གཉིས་སྨན་དབུ་མའི་ལམ་སོགས་ཀྱི་སྐོར་བཀའ་འདྲི་ཞུས་ཡོད་པ་རེད།

དེ་ཡང་རྒྱ་རིགས་རྩོམ་པ་པོ་ཀྲུ་རེས་ཀྱིས་ྋགོང་ས་མཆོག་ལ་བཀའ་འདྲི་ཞུས་པའི་ཁོངས་སུ་ཉེ་དུས་ནས་ྋགོང་ས་མཆོག་གིས་རྒྱ་ནག་གཞུང་ལ་ཐུགས་རེ་ཕྲ་མོ་ལས་མེད་ལུགས་བཀའ་སློབ་ཕེབས་ཡོད་ཀྱང་རྒྱ་ནག་མི་མང་ལ་ཐུགས་རེ་ཆེན་པོ་གནང་གི་ཡོད་ལུགས་བཀའ་ཕེབས་ཡོད་པ་རེད། གང་ལྟར་ཡང་རྒྱ་རིགས་རྩོམ་པ་པོ་ཀྲུ་རེས་ཀྱིས་རྒྱ་རིགས་འགའ་ཤས་ནས་རྒྱལ་ཞེན་རིང་ལུགས་ཀྱི་ལྟ་བ་བཟུང་སྟེ་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་སུ་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ཚུལ་བརྗོད་བཞིན་ཡོད་པ་དེ་ནི་ཉེ་ཆར་རྒྱ་ནག་ཏུ་ཡོད་པའི་རྩོམ་པ་པོ་དང་ཁྲིམས་རྩོད་པ། མང་གཙོ་དོན་གཉེར་བ། ཤེས་ཡོན་ཁྱད་ལས་པ། སྒྱུ་རྩལ་བ། སོ་ནམ་པ་སོགས་ཆེད་མཁས་མི་སྣ་༣༠༠ལྷག་གིས་མཚན་རྟགས་བཀོད་པའི་༢༠༠༨ལོའི་རྩ་འཛིན་ཁྲིམས་གཞི་ཞེས་པའི་ཡིག་ཆ་བཏོན་ཡོད་པ་དང་ཡིག་ཆ་དེར་བོད་མི་རྣམས་ལ་རང་སྲིད་རང་སྐྱོང་གི་གནས་བབས་སྤྲད་དགོས་པ་དང༌། རྒྱ་ནག་ཏུ་མང་གཙོ་དགོས་ལུགས་ཀྱི་དགོས་འདུན་བཅས་དང་དངོས་སུ་འགལ་ཟླར་གྱུར་ཡོད་ལུགས་ཞུས་པ། ད་དུང་རྒྱ་ནག་དང་ཐེ་ཝན་ཡུལ་གཉིས་དབར་འབྲེལ་བ་ཇེ་དམ་དུ་འགྲོ་བཞིན་པའི་སྐབས་འདིར་ྋགོང་ས་མཆོག་ཐེ་ཝན་དུ་ཆིབས་བསྒྱུར་གནང་ཐུབ་ཀྱི་ཡོད་མེད་བཀའ་འདྲི་ཞུས་ཡོད་པ་རེད།

ལྷག་པར་དུ་རྒྱ་ནག་གི་རང་བྱུང་ཐོན་ཁུངས་ཆེས་ཇེ་ཉུང་དུ་ཕྱིན་དང་འགྲོ་བཞིན་པའི་སྐབས་དེར་བོད་ཀྱི་རང་བྱུང་གི་ཐོན་ཁུངས་ཀྱི་གནས་བབས་དང༌། བོད་རང་སྲིད་རང་སྐྱོང་གི་གནས་བབས་ཡོང་ཐབས་སུ་ད་ལྟ་འགྲོ་བཞིན་པའི་འབྲེལ་མོལ་ཐད་རྒྱ་ནག་ཕྱོགས་ཀྱི་རྣམ་འགྱུར་ལ་འགྱུར་བ་གཏན་ནས་ཕྱིན་མེད་པ། རྒྱ་ནག་གཞུང་གིས་ྋགོང་ས་མཆོག་ལ་དུས་རྟག་ཏུ་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་རང་བཞིན་ཅན་ཞིག་ཏུ་བསྒྱུར་ཐབས་གནང་གི་ཡོད་ཚུལ་མཚན་སྨོད་རྒྱུན་མི་ཆད་པར་ཞུས་ཡོད་ནའང་རྒྱ་ནག་རང་ཉིད་ནས་བྱང་ཨ་རི་དང་ཡོ་རོབ་ཡུལ་གྲུ་ཁག་ཏུ་མཐོ་རིམ་འགོ་ཁྲིད་ཁག་ལས་གྲུབ་པའི་ཚོགས་ཆུང་ཐེངས་མང་བཏང་སྟེ་བོད་དོན་དེ་རྒྱལ་སྤྱི་ཅན་དུ་སྒྱུར་བཞིན་ཡོད་པར་བརྟེན། གནད་དོན་དེ་དག་གི་ཐོག་ྋགོང་ས་མཆོག་ལ་དགོངས་ཚུལ་གང་ཡོད་སྐོར་བཀའ་འདྲི་ཞུས་ཡོད་པ་རེད།

བོད་ཀྱི་དབུ་ཁྲིད་ྋགོང་ས་མཆོག་ལ་རྒྱ་རིགས་རྩོམ་པ་པོ་ཀྲུ་རེས་ལགས་ཀྱིས་ཐེངས་འདིར་མཇལ་མོལ་ཞུས་པ་དེ་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་ཅིང༌། ཁོང་གིས་བཀའ་འདྲ་ཞུས་པའི་གནས་ཚུལ་རྒྱས་པ་ཁོང་གི་ཐེངས་རྗེས་མའི་རྩོམ་ཡིག་ཏུ་འཁོད་རྒྱུ་ཡིན་ལུགས་འགྲེལ་བརྗོད་གནང་སོང༌།

རྒྱ་རིགས་བུད་མེད་རྩོམ་པ་པོ་ཀྲུ་རེས་ལགས་ནི་བོད་དོན་ལ་དོ་སྣང་ཆེན་པོ་གནང་མཁན་ཞིག་ལ་ཡིན་ལ། ཁོང་གིས་བརྩམས་བྲིས་གནང་བའི་རྩོམ་ཡིག་རིགས་སྣ་ཚོགས་པ་ཞིག་ཡོད་པ་དེ་དག་ཕལ་ཆེ་བ་བོད་དོན་སྐོར་བློ་སྟོབས་ཆེན་པོས་ངོ་ལྐོག་མེད་པར་གླེང་སློང་གནང་ཡོད་པ་མ་ཟད། ཁོང་དེ་སྔོན་བོད་ཀྱི་རྒྱལ་ས་ལྷ་སར་བཞུགས་སྐབས་གསར་ཁང་གི་གསར་འགོད་པ་དང་རྩོམ་སྒྲིག་པའི་ལས་ ཁུར་ཞུས་ཡོད་པས་རྒྱ་རིགས་རྩོམ་པ་པོ་གཞན་དང་མི་འདྲ་བར་བོད་མིའི་དངོས་ཡོད་ཀྱི་འཚོ་བ་དང་གནས་སྟངས་སོགས་ལའང་རྒྱུས་མངའ་ཆེན་པོ་ཡོད་པ་རེད། ཕྱིས་སུ་ཁོང་ཁེ་ན་ཌ་རུ་ཕེབས་ཏེ་ད་ལྟ་མུ་མཐུད་ཡུལ་དེར་གནས་སྡོད་བྱེད་ཀྱི་ཡོད་པ་རེད།།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
རྒྱ་མོ་དེ་ཧམ་པ་ཆེ་བ་ལ་དཀོན་མཁྱེན།
4 ༡༢༢༠༠༩༡༧༥༥
ལི་ལྗོངས་ཀྱི་གངས་ཕྲུག
རྒྱ་མོ་དེ་ཧམ་པ་ཆེ་བ་ལ་དཀོན་མཁྱེན།
ནག་མོ་དེ་རྗེ་བཙུན་སྒྲོལ་མ་ནི་ཡིན་རྒྱུ་མ་རེད།
3 ༠༨༢༠༠༩༡༡༥༠
ནག་མོ་དེ་རྗེ་བཙུན་སྒྲོལ་མ་ནི་ཡིན་རྒྱུ་མ་རེད། ཨ་བདུད་མོ་ཨེ་ཤེས། མ་གཞི་ཅི་ཤེས།
ནག་མོ་དེ་རྗེ་བཙུན་སྒྲོལ་མ་ནི་ཡིན་རྒྱུ་མ་རེད།
2 ༠༨༢༠༠༩༡༡༤༩
ནག་མོ་དེ་རྗེ་བཙུན་སྒྲོལ་མ་ནི་ཡིན་རྒྱུ་མ་རེད། ཨ་བདུད་མོ་ཨེ་ཤེས། མ་གཞི་ཅི་ཤེས།
རྒྱ་མོ་དེ་ཧམ་པ་ཆེ་བ། ཐབས་སྡུག་རེད།
1 ༣༡༢༠༠༨༡༥༤༠
རྒྱ་མོ་དེ་ཧམ་པ་ཆེ་བ། ཐབས་སྡུག་རེད།