བོད་གཞུང་མང་གཉིས་ཀྱིས་གསེར་གྱི་གཟེངས་རྟགས་འབུལ་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༡༡ཉིན། འདི་ལོ་ཕྱི་ཟླ་༩པའི་ཚེས་༢ཉིན་བཙན་བྱོལ་དུ་མང་གཙོ་དབུ་བརྙེས་ནས་ལོ་ངོ་༥༠འཁོར་བའི་དུས་དྲན་ཐོག བོད་གཞུང་མང་གཉིས་ཀྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་༼གསེར་གྱི་གཟེངས་རྟགས་༽ཤིག་འབུལ་གཏན་ཁེལ་ཡོད་པ་རེད།

དེ་ཡང་འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་ལ་གཟེངས་རྟགས་དེའི་སྐོར་བཀའ་འདྲི་ཞུས་སྐབས། ཁོང་གིས་ཕྱི་ལོ་༢༠༡༠ཟླ་༩པའི་ཚེས་༢ཉིན་ང་ཚོ་བཙན་བྱོལ་ནང་མང་གཙོ་དབུ་བརྙེས་ནས་ལོ་ངོ་༥༠འཁོར་དུས་དྲན་སྲུང་བརྩི་དང་སྟབས་བསྟུན་ནས། བོད་གཞུང་མང་གཉིས་ཀྱིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཞིག་འབུལ་རྒྱུར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཐག་གཅོད་བྱུང་བ་ལྟར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཀྱང་དགོངས་བཞེས་བཟང་པོ་ཞིག་ཐོབ་སོང་ཞེས་དང༌།

སྤྱིའི་ཆར་གཟེངས་རྟགས་དེའི་ཐོག་འགྲོ་སོང་ཚང་མ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སམ་བོད་གཞུང་གིས་གཏོང་གནང་རྒྱུ་ཡིན་པ་རེད། འོན་ཀྱང་མི་མང་སོ་སོའི་ངོས་ནས་ཀྱང་ཆ་ཤས་ལེན་ནས་དངུལ་སྒོར་སོགས་ཕུལ་རྒྱུའི་འདུན་པ་ཆེན་པོ་ཡོད་དུས། གོ་སྐབས་དེ་མི་མང་ལའང་འབུལ་དགོས་ཀྱི་འདུག་ཅེས་གཟེངས་རྟགས་གོ་སྒྲིག་ཚོགས་ཆུང་དང༌། དེ་བཞིན་སྤྱི་འཐུས་རྒྱུན་ལས་ཐོག་ནས་ཀྱང་ཐག་གཅོད་བྱུང་ནས་ང་ཚོས་གསལ་བསྒྲགས་ཞིག་ཀྱང་ཕུལ་ཡོད་ཅེས་གསུངས་སོང༌།

ཡང་ཁོང་གིས་མི་མང་རྣམ་པ་ཚོས་མཁྱེན་དགོས་པ་ཞིག་ལ་སྤྱི་ནོར་༧གོང་ས་སྐྱབས་མགོན་རིན་པོ་ཆེ་མཆོག་ལ་བོད་གཞུང་མང་གཉིས་ཀྱིས་བཀའ་དྲིན་རྗེས་དྲན་གྱིས་༼གསེར་གྱི་གཟེངས་རྟགས་༽ཤིག་འབུལ་རྒྱུར་ང་ཚོས་གོ་སྒྲིག་ཞུ་བཞིན་པ་ཡིན།

གལ་སྲིད་མི་མང་སོ་སོའི་ངོས་ནས་ཞལ་འདེབས་འབུལ་རྒྱུ་ཡོད་པ་ཡིན་ན། རྒྱ་བལ་འབྲུག་གསུམ་དུ་ཡོད་པའི་བོད་མི་ཚོས་ས་གནས་འགོ་འཛིན་ལས་ཁུངས་བརྒྱུད་ནས་ཡར་འབུལ་རྒྱུའི་ལམ་ཁ་ཡོད་པ་རེད། དེ་མིན་ནུབ་ཕྱོགས་སོགས་རྒྱལ་ཁབ་གཞན་དུ་ཡོད་པའི་བོད་མི་ཚོས་སྐུ་ཚབ་དོན་གཅོད་ལས་ཁུངས་ལ་འབྲེལ་བ་གནང་ནས་འབུལ་སའི་ལམ་ཁ་ཡོད་པ་རེད་ཅེས་གསལ་བཤད་ཞུ་རྒྱུ་ཡིན།

གཞན་ཡང་འདི་ལོ་སྤྱི་ཟླ་༩པའི་ཚེས་༡ཉིན་རྒྱ་གར་ལྷོ་ཕྱོགས་བྷེ་ཀོ་དུ་བོད་གཞུང་མང་གཉིས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བསྟན་བཞུགས་རྒྱས་པ་ཞིག་ཀྱང་འབུལ་གཏན་ཁེལ་ཡོད་པ་རེད། དེའི་ཐོག་ལའང་མི་མང་ཚོ་མཉམ་ཞུགས་གནང་མཁན་ཡོད་པ་ཡིན་ན་ང་ཚོའི་ཚོགས་དྲུང་ལས་ཁུངས་སུ་འབྲེལ་བ་གནང་རོགས་ཞེས་གསུངས་སོང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
རང་ཅག་གངས་ཅན་པ་རྣམས་ཀྱི་ལྷ་སྐལ་འཛམ་གླིང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་འཕགས་མཆོག་ཕྱག་ན་པད་མོའི་རྣམ་སྤྲུལ་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། བོད་གཞུང་མང་གཉིས་ཀྱིས་༧རྒྱལ་དབང་མཆོག་ལ་བཀའ་དྲིན་རྗེས་དྲན་མཚོན་ཕྱིར་གསེར་གྱི་གཟིངས་རྟགས་འབུལ་འཆར་གྱི་གཏམ་བཟང་ཕྲན་གྱི་སྒྲ་འཛིན་རྣ་བའི་ཡུལ་དུ་ལྷུང་མ་ཐག་མ་བཅོས་ཡིད་ཀྱི་འཛིན་མ་རུ་འགོག་མེད་དགའ་བའི་མེ་ཏོག་འབུམ་ཕྲག་དུས་གཅིག་ཏུ་བཞད་སོང་བ་དང་མཉམ་དུ་བོད་མི་མང་སྤྱི་མཐུས་ལྷན་ཁང་དུ་ཡང་འདི་ལྟར་བསམ་ཤེས་པ་ཞིག་ཡོད་པ་ནི་ངོ་མ་ཡ་མཚན་དངོས་བྱུང་ལྟ་བུ་མ་ཡིན་ནམ་སྙམ་པའི་དྲི་བ་ཞིག་ཀྱང་འགོག་མེད་དུ་འཆར། །
5 ༡༧༢༠༡༠༡༦༤༥
སེ་ར་ལ་བཀྲ་ཤིས་པའི་བྱ་ཞིག་བསྔགས་བརྗོད་ཡོད།
བོད་མི་མང་སྤྱི་ཐོས་ལྷན་ཚོགས་ལ་ཐུག་རྗེ་ཆེ་རྗེས་སུ་ཡིད་རིང་ཡོད། དང་སང་ཁྱེད་རང་ཚོ་གཉིད་ཡག་པོ་སད་ཡོད་པ་འདྲ། ད་ཡང་སྐྱར་གཉིད་ཁུག་བྱེད་གཉིད་སྨན་མ་ཟ་རོག་ཐུགས་རྗེ་ཆེ། ཁྱེད་རྣམ་པའི་རླབ་ཆེན་གྱིས་ལས་དོན་ལ་རྒྱབ་སྐྱོད་བསྔགས་རྗོད་ཡོད་བཀྲ་ཤིས་བདེ་ལེགས།
བཀྲ་ཤིས་བདེ་ལེགས་ཞུ། ༧གོང་ས་མཆོག་ལ་བོད་གཞུང་དམངས་གཉིས་ཀྱིས་གཟེར་གྱི་གཟེངས་རྟགས་འབུལ་འཆར་ཡོད་ན་ངོས་ནས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་རྒྱུ་ཡིན།
བཀྲ་ཤིས་ཤོག  ༧གོང་ས་༧མཆོག་ལ་བོད་མིའི་གཞུང་དམངས་གཉིས་ཀྱིས་གསེར་གྱི་གཟེངས་རྟགས་འབུལ་ཆར་ཡོད་ན་ངོས་ནས་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
1 ༡༡༢༠༡༠༢༣༡༧
ཁྱེད་ཡོད་ན་དགའ་བ་ལ།



བརྗོད་གཞི་གཞན་ཁག་ལ་གཟིགས།