སྦིར་རི་མགོ་དགོན་པས་ས་ཡོམ་གྱི་གོད་ཆག་ལ་མྱ་ངན་མཆོད་འབུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༦ཚེས་༢ཉིན། སྐྱེ་དགུ་མདོར་ས་ཡོམ་གྱི་གོད་ཆག་ཐེབས་ནས་བདུན་དྲུག་པའི་སྐབས། སྦིར་རི་མགོ་དགོན་པའི་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་དབུ་བཞུགས་ཀྱིས། ཉིན་བདུན་རིང་སྒྲུབ་མཆོད་དང་ས་གནས་སྦིར་གཞིས་ཆགས་ཁག་ནས་ཀྱང་མཉམ་ཞུགས་མ་ཎི་གསོག་སྒྲུབ་སོགས་བསྔོ་སྨོན་བརྒྱ་ཆེ་བྱས་ཡོད་འདུག

མཁྱེན་གསལ་ལྟར་བོད་མདོ་ཁམས་སྐྱེ་རྒུ་མདོར་སྤྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༡༤ ཉིན་ས་ཡོམ་གྱིས་མི་རྒྱུ་གཉིས་ལ་བསམ་ཡུལ་ལས་འདས་པའི་རྐྱེན་ངན་ཚབ་ཆེར་བྱུང་ཞིང་ཤ་རུས་གཅིག་པའི་བོད་མི་མང་པོ་ཞིག་རྐྱེན་འདས་སུ་སོང་བ་དང་།

གྲངས་མེད་ཞིག་ལ་རྨས་སྐྱོན་བྱུང་བ་དེ་དག་ལ་དམིགས་ནས་གསོན་པོ་རྣམས་ལ་གདུང་སེམས་མཉམ་སྐྱེ་ཞུ་རྒྱུ་མ་ཟད་མྱུར་དུ་རྐྱེན་ངན་ལས་གྲོལ་བ་དང༌།  གཤིན་པོ་རྣམས་དལ་རྟེན་བཟང་པོ་རིམ་བརྒྱུད་ཀྱིས་ཐར་པའི་གོ་འཕང་ཐོབ་པའི་ཆེད་དུ་དམིགས་ཏེ།  སྔ་འགྱུར་རྙིང་མའི་ཆོས་སྡེ་སྦིར་དཔལ་ཡུལ་ཆོས་འཁོར་གླིང་གི་འདུས་སྡེ་ཡོངསནས་ཞག་ བཞི་བཅུ་ཞེ་དགུ་རིང་ཉིན་ལྟར་བསྔོ་སྨོན་རྒྱུན་ཚོགས་དང༌། བདུན་དྲུག་པའི་སྐབས་རི་མགོ་སྤྲུལ་སྐུ་རིན་པོ་ཆེ་དབུ་ བཞུགས་ཀྱིས་མཁན་སྤྲུལ་དགེ་འདུན་པ་ལྷན་འཛོམས་ཀྱིས་དཔལ་རྡོ་རྗེ་སེམས་དཔའི་སྒྲུབ་མཆོད་ཉིན་བདུན་རིང་ཚོགས་ ནས་ཁྲུས་སྦྱོང་གནས་འདྲེན་དང་འབྲེལ་བའི་བསྔོ་སྨོན་གསུངས་པ་དང༌།  ས་གནས་སྦིར་གཞིས་ཆགས་ཁག་ཀྱང་མཉམ་ ཞུགས་ཀྱིས་མ་ཎི་བསག་བསྒྲུབས་དང༌། བདུན་ཚིགས་ཐ་མའི་སྐབས་གཞིས་མི་དག་དང་མཉམ་དུ་མར་མེའི་ སྨོན་ལམ་དང་འབྲེལ་བའི་བསྔོ་སྨོན་ཟབ་རྒྱས་དང༌། ནད་པ་རྣམས་ནད་ལས་གྲོལ་ཆེད་ཚེ་མདོ་དང་སྨན་གཟུངས་བསགས་བསྒྲུབས་གནད་སྨིན་ཞུས་ཡོད་པ་བཅས་སོ།།
སྔ་འགྱུར་རྙིང་མའི་ཆོས་སྡེ་དཔལ་ཡུལ་ཆོས་འཁོར་གླིང་གི་རྒྱུན་ལས་ཡིག་ཚང་ནས་གནས་ཚུལ་མཁོ་སྤྲོད་གནང་།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༥༢༠༡༠༡༥༡༦
བོད་མིས་སྐྱིད་སྡུག་མཉམ་མྱོང་གི་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།