རྒྱལ་ཚོཌ་ཀྱི་སྤྱི་ཁྱབ་དྲུང་ཆེས་བོད་དོན་གླེང་བར་བོད་གཞུང་གིས་དགའ་བསུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

18december20085ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༡༩ཉིན་སྤེལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་བྷན་ཀི་མོན་མཆོག་གིས་ཉེ་དུས་བད་རྒྱའི་དཀའ་རྙོག་ཡོངས་རྫོགས་སེལ་ཐབས་སུ་རྒྱ་ནག་གཞུང་གི་དབུ་ཁྲིད་ཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་དང་ཞི་བ་དང་འཆམ་མཐུན་གྱི་སྒོ་ནས་གྲོས་མོལ་གནང་ཐབས་ཡོང་རྒྱུར་རེ་བ་ཆེན་པོ་གནང་གི་ཡོད་ལུགས་གསར་འགོད་པར་བཀའམལན་གནང་ཡོད་པ་དང༌། དེའི་ཐད་བཙན་བྱོལ་བོད་གཞུང་གིས་དགའ་བསུ་ཞུས་ཡོད་པའི་གསལ་བསྒྲགས་ཤིག་སྤེལ་ཡོད་པ་རེད། དེ་ཡང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་བྷན་ཀི་མོན་མཆོག་ནས། རྒྱ་ནག་གི་དཔོན་རིགས་ཚོས་གནད་དོན་ཚང་མ་མུ་མཐུད་འབྲེལ་མོལ་གྱི་ལམ་ནས་ཐག་གཅོད་བྱེད་པའི་རེ་བ་ཡོད། ྋགོང་ས་མཆོག་དང་རྒྱ་ནག་གཞུང་གི་སྐུ་ཚབ་ཚོའི་དབར་ལོ་ཤས་སྔོན་ནས་འབྲེལ་མོལ་འགོ་འཛུགས་བྱུང་བ་རེད། བོད་པའི་སེམས་ཚོར་ཚང་མ་ཞི་འཇམ་དང་འཆམས་མཐུན་གྱི་སྒོ་ནས་ཐག་གཅོད་ཡོང་ཆེད་ལྷག་བསམ་རྣམ་དག་གི་སྒོ་ནས་འབྲེལ་མོལ་དེ་མུ་མཐུད་གནང་བའི་རེ་བ་བྱེད་ཀྱི་ཡོད། ཅེས་གསུངས་པར་བཙན་བྱོལ་བོད་གཞུང་བཀའ་ཤག་གིས་དགའ་བསུ་ཞུ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ནས་གཏམ་བཤད་སྤེལ་བ་དེས་བོད་ནང་གི་ད་ལྟའི་ཡ་ང་བའི་གནས་སྟངས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ནས་སེམས་ཚོར་ཡོད་པ་མཚོན་གྱི་ཡོད། དེ་ལྟ་བུའི་གཏམ་བཤད་ཀྱིས་རྒྱ་ནག་གི་དཔོན་རིགས་ཚོས་བོད་ཀྱི་གནད་དོན་དེ་བོད་རྒྱ་མི་རིགས་གཉིས་ཀའི་འདོད་བློ་ཚིམས་པ་ཞིག་ཐག་གཅོད་ཡོང་བར་སྐུལ་འདེད་བྱེད་པའི་ཡིད་ཆེས་ཞུ་ཡི་ཡོད།

དེ་དང་དུས་མཚུངས་བློ་འཚབ་སྐྱེ་གཞི་ཞིག་ལ་རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁུངས་ནས་སྤྱི་ཁྱབ་དྲུང་ཆེའི་གཏམ་བཤད་ཀྱི་ལན་དུ་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། འབྲེལ་མོལ་མདུན་བསྐྱོད་ཐུབ་ཐབས་མེད་པའི་སྔོན་འགྲོའི་ཆ་རྐྱེན་དུ་མ་བསྐྱར་ཟློས་བྱེད་པའི་སྒོ་ནས་འབྲེལ་མོལ་གྱི་རྒྱལ་སྒོ་ད་དུང་ཡང་ཕྱེ་བཞིན་པ་ཡིན་ཞེས་བཤད་འདུག

གསལ་བསྒྲགས་ནང༌། འགག་རྩ་ནི་ཏཱ་ལའི་བླ་མས་རང་ཉིད་ཀྱི་ཆབ་སྲིད་ལངས་ཕྱོགས་ལ་ཞིབ་འཇུག་དང༌། ཆབ་སྲིད་ལངས་ཕྱོགས་གཞི་རྩ་ནས་ལེགས་བཅོས་བྱེད་མིན། བོད་རང་བཙན་གྱི་ནོར་འཁྲུལ་ཅན་གྱི་ལངས་ཕྱོགས་དོར་མིན། དངོས་སུ་ཁ་བཤད་དང་ལག་ལེན་མཚུངས་མིན་བཅས་ལ་རག་ལུས་ཡོད། ཅེས་བཀོད་འདུག

དོན་དངོས་ཐོག་རྒྱ་ནག་གི་དཔོན་རིགས་ཚོའི་ལྟ་ཚུལ་འདི་ནི་འབྲེལ་མོལ་གྱི་ལས་རིམ་མདུན་བསྐྱོད་བྱེད་པར་འགོག་རྐྱེན་གཙོ་བོ་དེ་ཆགས་ཡོད། ལྟ་ཚུལ་དེས་འབྲེལ་མོལ་མདུན་བསྐྱོད་བྱེད་པའི་སྒོ་གཏན་པོ་བརྒྱབས་ཡོད།

ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ལོ་ ༡༩༧༩ ནས་བཟུང་གཉིས་སྨན་དབུ་མའི་ལམ་གྱི་བཞེངས་ཕྱོགས་མཐའ་འཁྱོངས་གནང་ཡོད། ྋགོང་ས་མཆོག་གིས་བོད་རང་བཙན་རྩོད་གནང་གི་མེད་སྟབས། ྋགོང་ས་མཆོག་གི་ཆབ་སྲིད་བཞེངས་ཕྱོགས་ལེགས་བཅོས་གནང་དགོས་པའི་རྒྱུ་མཚན་གང་ཡང་མེད། ཁོང་གི་ཞལ་བཞེས་དང་ཕྱག་ལེན་ཡོངས་སུ་མཐུན་ཡོད། ྋགོང་ས་མཆོག་གིས་འདས་པའི་ལོ་ངོ་བཅུ་ཕྲག་གསུམ་རིང་བོད་རང་བཙན་རྩོད་ཀྱི་མེད་པ་འཛམ་གླིང་ཡོངས་ཀྱིས་མཁྱེན་གསལ་རེད། དེར་བརྟེན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་རང་བཙན་གྱི་ནོར་འཁྲུལ་ཅན་གྱི་ལངས་ཕྱོགས་ཞེས་པ་ནི་གཞི་རྩ་མེད་པ་དང་ཁུངས་འཁྱོལ་མི་ཐུབ་པ་ཞིག་རེད།

རྒྱ་ནག་གི་འགོ་ཁྲིད་ཚོའི་བསམ་བློའི་ནང་ཡོད་པའི་ྋགོང་ས་མཆོག་གི་བོད་རང་བཙན་གྱི་ལངས་ཕྱོགས་ཟེར་བ་དེས་སོ་སོའི་ཆབ་སྲིད་ཀྱི་ཁེ་ཕན་བསྒྲུབ་ཆེད་ྋགོང་ས་མཆོག་གི་དགོངས་པར་འཁྱོག་བཤད་བྱེད་འདོད་པའམ། ཡང་ན་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་ཆོད་སེམས་མེད་པ་གསལ་བཏོན་བྱེད་ཀྱི་ཡོད། ྋགོང་ས་མཆོག་གིས་བོད་རང་བཙན་དང༌། ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་རྩོད་ཚུལ་བཤད་པ་ནི་བདེན་པའི་གཞི་རྩ་དང་ཡོངས་སུ་བྲལ་བ་ཞིག་རེད། འདི་ལྟ་བུའི་རྫུན་གཏམ་གྱི་གསལ་བསྒྲགས་ཀྱིས་མཁྱེན་དཔྱོད་ཡངས་པའི་རྒྱལ་སྤྱིའི་སྤྱི་ཚོགས་མགོ་སྐོར་བསླུ་འབྲིད་གཏོང་མི་ཐུབ་པ་ང་ཚོར་གདེང་ཚོད་ཡོད།

ཕྱི་ཟླ་ ༡༡ ནང་པེ་ཅིང་དུ་ཚོགས་པའི་བོད་རྒྱ་འབྲེལ་མོལ་མཐའ་མའི་སྐབས་དེ་སྔོན་འབྲེལ་མོལ་ཐེངས་བདུན་པར་རྒྱ་ཕྱོགས་ནས་བཤད་པ་ལྟར་ྋགོང་ས་མཆོག་གི་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་རྣམ་གཉིས་ཀྱིས་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་སྤྲད་ཡོད། བསམ་འཆར་ནང་མིང་དོན་མཚུངས་པའི་རང་སྐྱོང་སྐོར་གྱི་ང་ཚོའི་ལངས་ཕྱོགས་ཇི་ཡིན་དང༌། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་དགོངས་དོན་གཞིར་བཟུང་རང་སྲིད་རང་སྐྱོང་དང་འབྲེལ་བའི་བོད་མིའི་དམིགས་བཀར་དགོས་མཁོ་ཁག་ཇི་ལྟར་བསྐང་ཐུབ་མིན་འགྲེལ་བརྗོད་བྱས་ཡོད། དེ་གཞིར་བཟུང་ྋགོང་ས་མཆོག་གིས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་མིང་དོན་མཚུངས་པའི་རང་སྐྱོང་གི་ལམ་ནས་བོད་མིའི་གཞི་རྩའི་དགོས་མཁོ་ཁག་བསྐོང་ཐུབ་པའི་གདེང་ཚོད་གནང་ཡོད། ད་ལྟའི་ཆར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡོངས་བསྒྲགས་བཟོས་ཟིན་སྟབས། བསམ་ཤེས་ལྡན་པའི་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་ཡིག་ཆ་དེ་བརྒྱུད་ནས་ྋགོང་ས་མཆོག་གིས་རང་བཙན་དང༌། ཕྱེད་རང་བཙན། རྣམ་པ་འགྱུར་བའི་རང་བཙན་རྩོད་གནང་གི་ཡོད་མེད་བདེན་དཔང་བྱེད་ཐུབ།

བསྐྱར་ནན་ཞུ་རྒྱུ་ཞིག་ལ་ང་ཚོས་འབྲེལ་མོལ་གྱི་ལས་རིམ་ལ་ཆོད་སེམས་བརྟན་པོ་ཡོད། དེ་བཞིན་བོད་རྒྱ་མི་རིགས་གཉིས་ཀའི་ཁེ་ཕན་ཆེད་བོད་ཀྱི་གནད་དོན་དེ་རྒྱ་ནག་གི་རྩ་ཁྲིམས་སྒྲོམ་གཞིའི་ནང་ཐག་གཅོད་ཡོང་ཐབས་བྱེད་རྒྱུ་ལྷག་བསམ་རྣམ་དག་ཡིན། དེར་བརྟེན་གལ་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོར་འདོད་བློ་ཡོད་ཚེ་ང་ཚོའི་ཕྱོགས་ནས་དུས་ཚོད་དང་ས་གནས་ག་འདྲ་ཞིག་ཡིན་ནའང་འབྲེལ་མོལ་བྱ་རྒྱུའི་གྲ་སྒྲིག་ཡོད།

ཕྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༡༨ །

རྡ་རམ་ས་ལ།།

ཐུགས་སྣང༌།

གསལ་བསྒྲགས་ངོ་མ་དབྱིན་ཡིག་ཐོག་ཡོད་པ་ནས་འདི་ག་བོད་ཡིག་ཚན་པས་ཕབ་སྒྱུར་ཞུས་པས་ཚིག་དོན་ལ་ཧེ་བག་ཡོད་ཚེ་རྩ་བ་དབྱིན་ཡིག་རང་ལ་རྩ་འཛིན་ཡོད་པ་ཞུ། བོད་གཞུང་དྲ་གནས་སུ་བཏུས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
བོད་སྤྱིའི་དོན་དག་ལ་དམིགས་བསལ་ཐུགས་ཁུར་ལྕི་མོ་ཞིག་ཡོད་པར་མཚོན། མ་འོངས་པ་ཡང་བསྐྱར་སྐྱབས་འཇུག་བརྩེ་བའི་གཟིགས་པར་མཁྱཻན།"Ü;%Ã2
ཨ་ཁ། ད་ལོ་འཛུམ་ཞིག་མ་ཤོར་ན་ཡག་ག། དེ་ལས་ངུ་འབོད་ཅིག་གནང་ན་ལན་པོ་མི་འདུག་གམ།
ཕལ་ཆེར་ཟམ་གདོང་རིན་པོ་ཆེའི་གདོང་གི་འཛུམ་ཞིག་མཐོང་རྒྱུ་ནི་མི་སྲིད་པ་ཙམ་ཡིན་ན་དེ་རིང་གཞི་ནས་ཟམ་གདོང་རིན་པོ་ཆེའི་འཛུམ་འདང་ཞིག་མཐོང་སོང་། ད་དུང་ཡང་འདི་ལྟར་མུ་མཐུད་དུ་མཐོང་བར་སྨོན། བཀའ་སློབ་གསུང་བཤད་གནང་ས་གང་ས་ནས།
མཁས་དབང་ཟབ་གདོང་བླ་མ་མཁྱེན། ང་ཚོའི་མ་འོངས་པ་ཁྱེད་འདྲ་བ་སུ་འཚོལ་དགོས་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།