ྋགོང་ས་མཆོག་ལ་བཞུཌ་སྒར་དུ་ཞབས་སོར་འཁོད་སྐབས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

15december20083ཤམ་བྷ་ལའི་ཕོ་ཉའི་དྲ་བས་ཟླ་༡༢ཚེས་༡༥ཉིན་སྤེལ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་ཕི་རི་ཀ་དང་ཡོ་རོབ་བཅས་རྒྱལ་ཁབ་ཁག་༤ཡི་ནང་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་གནང་སྟེ་རླབས་ཆེན་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་ཕྱིར་བཞུགས་སྒར་དུ་ཞབས་སོར་བདེ་འཁོད་སྐབས་བོད་མིའི་སེར་སྐྱ་གཞུང་མང་ཡོངས་ཀྱིས་ཕེབས་བསུ་ཟབ་རྒྱས་ཞུས་ཡོད་པ་རེད། རི་བོ་བོད་གངས་ཅན་པ་རྣམས་ཀྱི་ཚེ་འདུ་ཤེས་གཉིས་ཀྱི་སྐྱབས་གནས་དང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཨ་ཕི་རི་ཀའི་ཡུལ་ནི་ཇི་རི་ཡ་དང་ཡོ་རོབ་ཡུལ་གྲུ་ཅེག་སྤྱི་མཐུན་རྒྱལ་ཁབ་དང་བྷེལ་རྗམ། པོ་ལན་ཌི་བཅས་ཕྱི་རྒྱལ་ཡུལ་གྲུ་ཁག་བཞིའི་ནང་ཆིབས་སྒྱུར་བཀའ་དྲིན་བླ་ན་མེད་པའི་མཛད་འཕྲིན་རྒྱ་ཆེ་བསྐྱངས་པ་དང༌། ལྷག་པར་དུ་ཡོ་རོབ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས་ནང་བོད་བསྟན་སྲིད་མི་རིགས་ཀྱི་བདེན་མཐའ་བསལ་བའི་སླད་མཛད་འཕྲིན་རླབས་ཆེན་བསྐྱངས་ཏེ་ལྡི་ལི་ནས་མཁའ་ལམ་བརྒྱུད་ཕྱི་ལོ་༢༠༠༨ཕྱི་ཟླ་༡༢ཚེས་༡༣ཕྱེད་ཡོལ་ཙམ་ལ་བཞུགས་སྒར་དུ་རྟེན་གཞི་བྱས་པའི་སྐུའི་ཕོ་བྲང་དུ་ཆིབས་སྒྱུར་སྐབས་གྷ་གལ་གནམ་ཐང་དུ་ཕེབས་བསུར་དཔལ་ལྡན་བཀའ་བློན་ཁྲི་ཚབ་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་དང༌། དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག གཞན་ཡང་བཀའ་བློན་དང་སྤྱི་འཐུས་སོགས་གནམ་ཐང་ཕྱིའི་ཕེབས་སྒོར་རྒྱུད་སྟོད་བླ་མ་དབུ་མཛད་དང༌། ས་གནས་གྲོས་ཚོགས། ས་གནས་བདེ་དོན། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་བཅས་ནས་དཀར་གཙང་གི་མཇལ་དར་ཕྱག་ཏུ་བསྣམས་ཏེ་གུས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།

ཕེབས་སྒོ་དང་པོར་ཐང་སྟོང་གླུ་གར་ནས་བཀྲ་ཤིས་ཞོལ་པའི་རྟེན་འབྲེལ་འཁྲབ་སྟོན་དང་སྦྲགས་ཕེབས་བསུ་ཞུས་ཡོད་པ་དང༌། སུ་ཇ་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་དང༌། གྷོ་པལ་སྤུར་བོད་ཁྱིམ་སློབ་གྲྭའི་དགེ་ལས་སློབ་ཕྲུག་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།

ཕེབས་སྒོ་གཉིས་པར་ས་རཱ་བོད་ཀྱི་མཐོ་སློབ་དགེ་ལས་སློབ་མ་བཅས་ནས་དཀར་གཙང་གི་མཇལ་དར་ཕྱག་ཏུ་བསྣམས་ནས་ཕེབས་ལམ་དུ་གུས་བསུ་གཟབ་རྒྱས་ཞུས།

ཕེབས་སྒོ་གསུམ་པར་རྒྱུད་སྟོད་གྲྭ་ཚང་གི་དགེ་འདུན་པ་དང༌། ནོར་གླིང་ལས་བྱེད། ཤེས་རབ་དགའ་ཚལ་སློབ་གླིང་གི་དགེ་ལས་སློབ་མ། བཙུན་དགོན་སྒྲོལ་མ་གླིང༌། རྡ་ཤོད་བོད་ཁྱིམ་དགེ་ལས་སློབ་མ། གནས་ཆུང་གྲྭ་དབྱངས་གླིང་གྲྭ་ཚང་གི་དགེ་འདུན་པ། དགའ་གདོང་གསལ་འབྱེད་གླིང་གྲྭ་ཚང་གི་དགེ་འདུན་པ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས།

15december20084ཕེབས་སྒོ་བཞི་པར་གཞུང་ཞབས་དྲུང་ཆེ་མན་གྱི་ལས་བྱེད་རྣམ་པ་དང༌། སྨན་རྩིས་ཁང་གི་ལས་བྱེད་རྣམ་པ། བདེ་ལེགས་སྨན་ཁང་གི་ལས་བྱཻད་རྣམ་པ། ཤེས་རིག་དཔར་ཁང་གི་ལས་བྱེད་རྣམ་པ་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།

ཕེབས་སྒོ་ལྔ་པར་ཕོ་སར་གྷན་ཇིར་རྡ་སྟེང་བོད་ཁྱིམ་གྱི་དགེ་ལས་སློབ་མ། ཚེ་མཆོག་གླིང་གི་དགེ་འདུན་པ། བཙུན་དགོན་དགའ་ལྡན་ཆོས་གླིང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད།

ཕེབས་སྒོ་དྲུག་པར་མེན་གྷན་ཁུལ་གནས་མི་མང་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང༌། ཕེབས་སྒོ་བདུན་པར་རིགས་ལམ་སློབ་གཉེར་ཁང་གི་དགེ་འདུན་པ། ཀིརྟི་བྱེས་པ་གྲྭ་ཚང་གི་དགེ་འདུན་པ། ཁུལ་དེའི་སེར་སྐྱ་མི་མང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུས་པ་དང༌། ཕོ་བྲང་གི་གཟིམ་སྒོའི་ཕྱིར་སྐུ་བཅར་རྣམ་གྲྭའི་དགེ་འདུན་པས་ཕེབས་ལམ་དུ་སེར་སྦྲེངས་དང༌། བོད་གཞུང་ཟློས་གར་ཚོགས་པས་བཀྲ་ཤིས་པའི་རྟེན་འབྲེལ་མཚོན་ཆེད་གྲོ་སོ་ཕྱེ་མར་འདེགས་འབུལ་དང༌། བཀྲ་ཤིས་ཞོལ་པ་འཁྲབ་སྟོན་ཞུས་ཏེ་ཕོ་བྲང་གི་གཟིམ་སྒོའི་ནང་ཕེབས་བསུ་གཟབ་རྒྱས་ཞུས།

ཕོ་བྲང་གི་གཟིམ་སྒོའི་ནང་དཔལ་ལྡན་ཁྲིམས་ཞིབ་པ་ཆེ་བས་དབུས་ཁྲིམས་ཞིབ་པ་གཞན་གཉིས། བོད་མི་མང་སྤྱི་འཐུས་ཚོགས་གཙོ། བཀའ་བློན་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། ལྷན་ཁང་སོ་སོའི་དྲུང་ཆེ་ཆུང་རྣམ་པ་བཅས་ནས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (4)
4 ༡༤༢༠༠༩༠༡༥༦
མི་ཡི་གཟུགས་དུ་བྱོན་པ་ལེགས་ཀྱང་། བོད་མི་ལས་ངན་ཚང་གི་ཁྱེད་ཀྱི་བཀའ་གསུང་ལག་པ་འཕྱི་ས་ཙན་ཞིག་བྱེད་དུས་ཐུགས་ངལ་འདུག་གམ་ལགས། སྐུ་ཚེ་རིང་བོར་ཤོག
3 ༡༣༢༠༠༩༡༤༣༦
ལི་ལྗོངས་ཀྱི་གངས་ཕྲུག
སྐྱབས་སུ་མཆིས། ྋགོང་ས་མཆོག།
གསར་འགྱུར་སྐོར་དེ་ཙམ་མི་ཤེས་དེ། དངོས་གནས་སྐུ་པར་དེ་ཚོར་ཁྱད་ཆོས་ལྡན་པ་ཞིག་འདུག
1 ༡༦༢༠༠༨༠༨༤༠
སློབ་ཕྲུག་གི་པར་དེ་དངོས་གནས་ཡག་པོ་འདུག བེད་སྤྱོད་གཏོང་དགོས་བསམ་སོང༌། པར་དབང་མི་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།