མ་འོངས་བཀའ་སྤྱི་གཉིས་ཀྱི་འོས་མི་གསལ་བསྒྲགས།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༡༥ཉིན། དེ་རིང་ཕྱི་དྲོར་ཆུ་ཚོད་གཉིས་པའི་ཐོག་བཞུགས་སྒར་དྷ་རམ་ས་ལར་བརྟེན་གཞི་བྱས་ཡོད་པའི་དབུས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ངོས་ནས་མ་འོངས་བཀའ་སྤྱི་གཉིས་ཀྱི་འོས་མི་ཁག་ཅིག་འདོན་སྤེལ་དང་མཐའ་མའི་གསར་འགོད་གསལ་བསྒྲགས་བཅས་བྱས་ཡོད་པ་རེད།
སྐབས་དེར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་འཆི་མེད་གཡུང་དྲུང་ལགས་ཀྱིས་འགྲེལ་བརྗོད་གནང་དོན།
དེ་རིང་འདིར་གསར་འགོད་ལྷན་ཚོགས་ཞིག་ཚོགས་དགོས་དོན་གང་རེད་ཟེར་ན། ཚང་མས་མཁྱེན་གསལ་ལྟར་ཉེ་ཆར་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་གསུམ་པ་དེ་ཚོགས་གྲུབ་པ་རེད། སྐབས་དེར་གྲོས་ཆོད་ག་རེ་བཞག་ཡོད་པ་རེད་ཟེར་ན། བཀའ་བློན་ཁྲི་པའི་འོས་མི་ཁག་༣ ཡོད་པ་རེད་ལ། དེ་བཞིན་བོད་མི་མང་སྤྱི་འཐུས་ཆོལ་ཁ་རེ་ནས་འོས་མི་༡༥རེར་བཏོན་ཡོད་པ་རེད། འོན་ཀྱང་དེའི་སྐབས་སུ་གསལ་པོ་ཞིག་ག་རེ་ཞུས་ཡོད་པ་རེད་ཟེར་ན། ང་ཚོས་བཏོན་པའི་འོས་མི་ཆོལ་ཁ་རེ་ནས་༡༥དང༌། བཀའ་བློན་ཁྲི་པའི་འོས་མི་༣དེ་མཐའ་མའི་འོས་མི་ཞིག་རེད་དམ་ཟེར་ན། དེ་ནི་རྩ་བ་ཉིད་ནས་ཆགས་ཀྱི་ཡོད་པ་མ་རེད། གང་ཡིན་ཟེར་ན། དེའི་ཐོག་ལ་ང་ཚོས་བཀའ་བློན་ཁྲི་པ་ཡིན་ནའང་འདྲ་དེ་ཚོར་བཀའ་ཁྲོལ་ཞུ་དགོས་པ་རེད། བཀའ་ཁྲོལ་མ་འཐོབ་བར་དུ་དེ་ནི་མཐའ་མའི་འོས་མི་དེ་ཆགས་ཀྱི་ཡོད་པ་མ་རེད། དེར་བརྟེན་ང་ཚོས་དེ་རིང་གི་ཉིན་མོ་བར་དུ་མཐའ་མའི་དུས་ཚོད་ཕུལ་ཡོད་པ་རེད། དེ་རིང་འདིར་བཀའ་བློན་ཁྲི་པ་ཡིན་ནའང་འདྲ་བོད་མི་མང་སྤྱི་འཐུས་ཡིན་ནའང་འདྲ། སུ་དང་སུ་ཞིག་ང་ཚོ་མང་གཙོ་ཚོགས་པའི་འོས་མི་ནང་འཛུལ་གྱི་ཡོད་མེད་ཀྱི་དུས་ཚོད་དེ་ཟིན་པ་རེད། དེ་འདྲ་ཡིན་དུས་དེ་རིང་ང་ཚོའི་ངོས་ནས་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་གཉིས་ཀྱི་མཐའ་མའི་འོས་མི་དེ་གསལ་བསྒྲགས་བྱ་རྒྱུ་རེད།

དང་པོ་བཀའ་བློན་ཁྲི་པའི་འོས་མི་ནང་འོས་མི་ཁག་གསུམ་ཙམ་སླེབས་ཡོད་པ་རེད། དེའི་ནང་མཁས་དབང་བློ་བཟང་སེངྒེ་མཆོག་དང༌། བཀའ་ཁྲི་ཟུར་པ་བསྟན་འཛིན་རྣམ་རྒྱལ། གཞན་ཡང་བཀའ་ཟུར་བཀྲ་ཤིས་དབང་འདུས་གསུམ་འོས་འདོན་བྱས་པ་རེད། འོན་ཀྱང་དེའི་ནང་ནས་བཀའ་བློན་བཀྲ་ཤིས་དབང་འདུས་མཆོག་གི་ཕྱག་ཡིག་འབྱོར་ནས་ཁོང་ཉིད་དགུང་ལོ་མཐོ་པོར་སླེབས་ཡོད་དུས་གཟུགས་པོས་ཀྱང་ཁྱོག་གི་མི་འདུག མང་གཙོ་ཚོགས་པའི་ངོས་ནས་རྒྱབ་སྐྱོར་གནང་བར་དགའ་པོ་བྱུང་ཐུགས་རྗེ་ཆེ། སྤྱི་ཚོགས་ནང་ཕྱག་ལས་མང་པོ་ཞིག་གནང་ཚར་བ་ཡིན། གོ་སྐབས་དེ་མི་གཞན་ལའང་འབུལ་དགོས་པ་རེད་ཅེས་གསུངས་འདུག གཞན་མཁས་དབང་བློ་བཟང་སེང་གེ་དང་བཀའ་ཁྲི་ཟུར་པ་བསྟན་འཛིན་རྣམ་རྒྱལ་ལགས་ཁོང་རྣམ་པ་གཉིས་ལ་ང་ཚོས་འབྲེལ་བ་ཞུས་དུས། ཁོང་རྣམ་པ་གཉིས་ཀྱིས་ཁྱེད་རང་ཚོས་བཀའ་བློན་ཁྲི་པའི་འོས་མི་ནང་བཏོན་པ་དེ་ཧ་ཅང་དགའ་པོ་བྱུང་སོང༌། ཁྱེད་རང་ཚོས་ཁྱབ་བསྒྲགས་བྱེད་ཀྱི་ཡིན་ཟེར་གྱི་ཡོད་པ་རེད། ཁྱབ་བསྒྲགས་བྱ་རྒྱུ་སོགས་ལ་ང་ཚོའི་ངོས་ནས་དགག་བྱ་གང་ཡང་མེད་ཅེས་གསུངས་ཡོད་པ་རེད། དེ་འདྲ་ཡིན་དུས་ང་ཚོའི་ངོས་ནས་ཁོང་རྣམ་པ་གཉིས་ཀྱིས་ངོས་ལེན་བྱས་པ་དེར་བརྩི་འཇོག་བྱེད་ཀྱི་ཡོད་པ་རེད་ལ། ང་ཚོའི་ངོས་ནས་བཀའ་བློན་ཁྲི་པའི་སྐོར་མཐའ་མའི་འོས་མི་ཐག་གཅོད་དེ་མཁས་དབང་བློ་བཟང་སེང་གེ་དང༌། བཀའ་ཟུར་བསྟན་འཛིན་རྣམ་རྒྱལ་ལགས་རྣམ་གཉིས་ཆགས་ཡོད་ཅེས་དང༌། བོད་མི་མང་སྤྱི་འཐུས་སྐབས་༡༥པའི་འོས་མི་ཐད་ཐོག་མར་ང་ཚོས་འོས་མི་གྲངས་༡༥རེ་བཏོན་ཡོད་པ་རེད། དེ་ཚོར་ཚང་མར་ང་ཚོས་ཕྱག་ཡིག་ཕུལ་བ་དང་ཁ་པའི་ལམ་ནས་ཀྱང་འབྲེལ་བ་ཞུས་ཡོད་པ་རེད། འོན་ཀྱང་འོས་མི་དེ་དག་ནང་ང་ཚོས་བཏོན་པའི་ཆ་རྐྱེན་དེ་དག་ལ་མཚན་རྟགས་བསྐྱོན་པ་དང༌། ངོས་ལེན་ཐོབ་པ་དབུས་གཙང་ནང་ནས་མི་གྲངས་༡༠དང༌། མདོ་སྟོད་ནས་༦། མདོ་སྨད་ནས་མི་གྲངས་༥བཅས་བྱུང་ཡོད་པ་རེད་ཅེས་གསུངས་སོང༌།

ཡང་ཁོང་གིས་ང་ཚོའི་ངོས་ནས་མ་འོངས་པའི་བཀའ་བློན་ཁྲི་པ་རྣམ་པ་གཉིས་དང༌། བོད་མི་མང་སྤྱི་འཐུས་དེ་དག་ཁྱབ་བསྒྲགས་གང་འདྲ་ཞིག་བྱེད་དགོས་མིན་དེ་རེད། དེ་འདྲ་ཡིན་དུས་ང་ཚོས་བཀའ་བློན་ཁྲི་པའི་ཁྱབ་བསྒྲགས་ཐེངས་དང་པོ་དེ་ང་ཚོས་འགོ་འཛུགས་བྱས་ཚར་བ་རེད། ཉེ་ཆར་ང་ཚོས་རྒྱ་གར་བྱང་ཤར་ཁུལ་དུ་གཞིས་ཆགས་ཁག་༧ནང་ཕྱིན་ནས་མི་མང་རྣམས་ལ་ང་ཚོའི་ངོས་ནས་བཀའ་བློན་ཁྲི་པའི་འོས་མི་གཉིས་ཡོད། དེ་ཡང་ཤེས་ཡོན་ལྡན་པ་དང༌། འཇོན་ཐང་ཡོད་པ། དེ་ནང་བཞིན་ཉམས་མྱོང་ཅན་ཡིན་པ་བཅས་ཀྱི་མ་འོངས་པར་ང་ཚོ་གཡང་དུ་གཡུག་གི་མ་རེད་ཅེས་ང་ཚོའི་ཚོགས་པ་ངོས་ནས་ཞུ་ཐུབ་ཀྱི་རེད་ཅེས་ཁྱབ་བསྒྲགས་ཤུགས་ཆེན་པོ་བྱས་པ་ཡིན། དེ་ནས་གོ་རིམ་དང་པོའི་ཆ་གཞི་གཉིས་པ་དེ་ལྷོ་ཕྱོགས་སུ་སང་ཉིན་ནས་མར་ཐོན་འགྲོ་རྒྱུ་ཡིན་པ་རེད། བཀའ་བློན་ཁྲི་པའི་ཁྱབ་བསྒྲགས་དང་ལྷན་དུ་བོད་མི་མང་སྤྱི་འཐུས་ཀྱི་ཁྱབ་བསྒྲགས་དེ་ཡང་མཉམ་དུ་ཆགས་འགྲོ་ཡི་རེད།

དེ་ཡང་གོ་རིམ་དང་པོ་ནང་ལ་ཚོགས་པའི་ངོས་ནས་གཞིས་ཁག་ཏུ་སྐོར་བསྐྱོད་བྱ་རྒྱུ་དེ་རེད། གོ་རིམ་གཉིས་པའི་ནང་ལ་བཀའ་བློན་ཁྲི་པ་ཚུར་གདན་འདྲེན་ཞུས་ནས་གཞིས་ཆགས་ཁག་ཏུ་བཀའ་བློན་ཁྲི་པའི་ངོས་ནས་མི་མང་ལ་ག་རེ་གསུང་རྒྱུ་ཡོད་པ། མི་མང་ལ་འཆར་གཞི་ག་རེ་སྟོན་རྒྱུ་ཡོད་པ། འགྱུར་བ་ག་རེ་གཏོང་རྒྱུ་ཡོད་མེད་དེ་འདྲའི་ཐོག་ལ་གསུང་བཤད་གནང་བར་བཀའ་བློན་ཁྲི་པ་རྣམ་གཉིས་ཚུར་གདན་འདྲེན་ཞུ་རྒྱུའི་ང་ཚོའི་ངོས་ནས་འཆར་གཞི་སྒྲིག་ཚར་བ་ཡིན། དེ་མཚུངས་སུ་བོད་མི་མང་སྤྱི་འཐུས་དེ་ཚོའི་ཁྱབ་བསྒྲགས་ཆེད། རྒྱ་གར་བྱང་ཤར་ཁུལ་དུ་འདྲ་པར་དང་སྦྱར་ཡིག་ཁྱབ་བསྒྲགས་ཡི་གེ་དེ་འདྲ་གཏོང་རྒྱུ་ཡིན། དེ་སྔོན་བཀའ་བློན་རྣམ་པ་གཉིས་ཀྱི་པར་དང་ལྷན་དུ་ལོ་རྒྱུས་ཡོད་པའི་དེབ་ཆུང་དེ་མི་མང་ལ་འགྲེམས་སྤེལ་བྱས་ཚར་བ་རེད་ལ། དེ་བཞིན་མ་འོངས་པར་བོད་མི་མང་སྤྱི་འཐུས་ཀྱི་ཆེད་དུའང་འདྲ་པར་དང་ལོ་རྒྱུས་དེབ་ཆུང་དེ་འདྲ་འགྲེམས་སྤེལ་བྱ་རྒྱུ་ཡིན་ཞེས་གསུངས་སོང༌།

གཞན་ཡང་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་མ་འོངས་བཀའ་བློན་ཁྲི་པ་དང་བོད་མི་མང་སྤྱི་འཐུས་ཀྱི་འོས་མི་དེ་དག་ཁྱབ་བསྒྲགས་བྱེད་པར་འགྲོ་སོང་ཆེད། རྒྱ་གར་དང་ཡོ་རོབ་ཁུལ་དུ་རྒྱན་ཤོག་ཁག་གཉིས་འདོན་སྤེལ་བྱ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (7)
དམངས་གཙོ་ཚོགས་པ་ཟེར་བ་དེས་བཀའ་ཁྲི་གཉིས་གདམ་ཞག དེའི་ནང་བསྟན་འཛིན་རྣམ་རྒྱལ་ཟེར་བ་དེས་དེ་སྔོན་སྤྱི་དངུལ་ལྐོག་ཟ་བྱས་པའི་མི་ཁ་ཡོད་པ་ནས་ཡོངས་གྲགས་ཡིན་པ་ཚང་མས་ཤེས་གསལ་རེད། དེ་འདྲའི་མི་ཞིག་ལ་ད་དུང་ཡང་བཀའ་ཁྲི་འོས་སམ། ང་ཚོའི་རྩ་ཁྲིམས་ནང་ལ་དེ་འདྲའི་མི་ཞིག་ལ་འོས་ཆོས་ཚང་མེད་པ་ཤེས་བཞིན་དུ་འོས་མི་རུ་བཏོན་པ་དེ་དམངས་གཙོ་ཚོགས་པ་ཟེར་བ་དེ་ཕྱོགས་རེས་དང་། རང་དོན་གཉེར་བའི་མི་དམངས་འགོ་བསྐོར་གཏོང་བའི་ཚོགས་པ་ཞིག་ཡིན་པ་གསལ་པོ་རེད།
6 ༡༧༢༠༡༠༠༡༡༢
སངས་རྒྱས་ལགས། ད་ལྟར་ཁྱེད་བོད་ཡིག་ལ་སྦྱངས་པ་ཆེ་མི་འདུག་པས་དག་ཆ་དང་། ཚིག་སྦྱོར་ཕྱོགས་ལ་གཟབ་དགོས། ཁྱེད་རང་གིས་བྲིས་པའི་གསར་འགྱུར་དག་ལ་བྲོ་བ་ཅང་མི་འདུག་ད།
5 ༡༧༢༠༡༠༠༡༠༣
བསྟན་འཛིན་རྣམ་རྒྱལ་ཟེར་བ་དེས་སྔོན་མར་བོད་གཞུང་གིས་སྒོར་མོ་འབུམ་སུམ་ཅུ་ལྐོག་ཟ་བྱས་ཡོད། རྙོག་གླེང་ཡོད་པའི་མི་འདི་ཚོས་བཀའ་ཁྲི་རུ་གཏན་ནས་བདམས་མི་ཉན། བློ་བཟང་སེངྒེ་ནི་ཁྲིམས་ལུགས་མཁས་པ་རེད། ད་ལྟར་ང་ཚོ་དང་རྒྱ་བར་ཁྲིམས་ལུགས་ཀྱི་ཐོབ་ཐང་རྩོད་པས་ཁོང་ལྟ་བུ་ཞིག་ངེས་པར་དུ་བཀའ་ཁྲི་རུ་འདེམས་དགོས། མཁས་པ་ཡོད་ཚད་བཀའ་ཁྲི་རུ་མི་འོས། པད་མ་རྡོ་རྮེ་་་་་་་་་་་་ཁྱེད་ཀྱི་ཡག་པོ་ཉོན་ཤིག
4 ༡༦༢༠༡༠༢༢༢༥
མང་གཙོ་དང་རང་དབང་གི་ཆེད། རྐུ་མ་འོས་གཞི་ལ་བཏོན།
མང་གཙོ་དང་རང་དབང་གི་ཆེད། རྐུ་མ་ལ་འོས་ཤོག་བླུག
3 ༡༦༢༠༡༠༠༩༤༡
སེར་སྨད་བློ་དགའ་ཟེར་བ་དེར་སློབ་སྦྱོང་དང་འཇོན་ཐང་གཏན་ནས་ཡོད་ནི་མ་རེད། གདན་ས་ཁོ་ལ་རྩ་མེད་ཟེར་ནས་མི་ཐ་ཤལ་ཞིག་ལ་རྩི་གིན་ཡོད་པ་རེད། ཁོ་སྤྱི་འཐུས་ཡིན་ན་མི་ཡིན་ན་སྤྱིས་འཐུས་ཀྱི་འོས་ཆོས་ཚང་པས་ཁྱབ།
2 ༡༦༢༠༡༠༠༩༣༥
སེར་སྨད་བློ་དགའ་ལ་སྤྱི་འཐུས་ཀྱི་འོས་ཆོས་ཅི་ཡང་མེད། དམངས་གཙོ་ཚོགས་པ་འདིས་ཅི་བདམས་པ་ཡིན་ནམ།
ང་རང་རྒྱ་གཞུང་གིས་བཤད་པ་བཞིན་འབྱོར་མེད་བྲེལ་རིམ་པ་ཞིག་ཡིན་དུས་བོད་སྡེ་པ་གཞུང་གི་སྐུ་དྲག་བཀྲས་མཐོང་དང་། ང་ཕོད། ད་དུང་གཡུ་ཐོག་སོགས་ཀྱི་མིང་ཙམ་ཡང་གོ་འདོད་མེད། ཡིན་ཡང་འདི་ནི་འདས་ཟིན་པའི་ལོ་རྒྱུས་ནང་ཡོད་པའི་དངོས་སྒྲུང་ཅིག་དང་མེས་པོའི་ཁ་ཆེམས་ཅིག་རེད། དེ་རིང་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམས་རྒྱལ་མཆོག་གཞུང་འབྲེལ་མིན་པའི་ཚོགས་པ་འདིའི་འོས་ཁོངས་སུ་སྟོན་གནང་བར་དགའ་བསུ་ཡོད། དེ་ཅིག་བྱས་ན་སོ་སོའི་ཕ་མེས་ནས་བྱས་པའི་ཉེས་པ་དག་ཐབས་གནང་རྒྱུའི་གོ་སྐབས་ཡག་ཤོས་དེ་རེད་བསམ་གྱི་ཡོད། དེ་མིན་སྤྱི་ཚོགས་རྙིང་པ་རོ་ལང་རྒྱབ་འདོད་ཡོད་རེད་ཅེས་རྒྱ་གཞུང་གི་གཏམ་དེར་བདེན་པའི་ལེགས་རྩོམ་འདྲ་མཐོང་།
དེ་མཚུང་གནས་ཚུལ་ཞུ་འདོད་ཅིག་ལ་མཁས་དབང་བློ་བཟང་སེང་གེ་ཟེར་བ་ཁོང་ག་རེའི་མཁས་དབང་རེད། དོན་དངོས་ཐོག་ཁོང་ལས་མཁས་དབང་མེད་པ་རེད་པས་མ་སྟོན་པ་རེད།
གང་སྟར་ངས་ལྟས་ན་ཚོགས་པ་འདི་ཚོའི་བྱེད་སྟངས་ལ་མ་ལྟ་བར་སོ་སོའི་འོས་ཕན་བྱེད་ཕྱོགས་ཡང་དག་པ་ཞིག་གནང་གལ་ཆེན་པོ་རེད་འདུག་སྙམ་བྱུང་།



བརྗོད་གཞི་གཞན་ཁག་ལ་གཟིགས།