དཔལ་༧རྒྱལ་བ་ཀརྨ་པ་མཆོག་གིས་དགོངས་ཞུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༡༡ཉིན། བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་དང་བཅས་པའི་ཆོས་དོན་ལྷན་ཚོགས་ཞིག་གསར་འཛུགས་བྱས་ཡོད་པ་དེར། ཆོས་དོན་ལྷན་ཚོགས་ཐོག་དཔལ་བཀའ་བརྒྱུད་པའི་འཐུས་མིའམ་སྐུ་ཚབ་དབུ་ཁྲིད་སུ་ཞིག་ཕེབས་མིན་སྐོར་ཉེ་ཆར་ནོར་གླིང་དུ་གྲོས་སྡུར་སྐབས། ༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ནས་སྐབས་དེར་དགོངས་ཞུའི་བཀའ་ཡིག་ཞིག་བསྩལ་ཡོད་འདུག

བཀའ་ཡིག་དེའི་ནང་རྩ་བའི་དོན་ཚན་ཁ་ཤས་དང་ནང་དོན་ཁག་གསུམ་དུ་འདུས་ཡོད་པ་རེད།
དོན་ཚན་དང་པོར། བཀའ་བརྒྱུད་བསྟན་པའི་མངའ་བདག་ཟེར་བའི་ཐ་སྙད་དེ། བཀའ་བརྒྱུད་པའི་བརྒྱུད་འཛིན་གོང་མ་རྣམ་པ་གསུམ་ནས་དོན་གྱི་བརྒྱུད་པ་ཞིག་ཡིན་པ་ལས་ཚིག་གི་བརྒྱུད་པ་ཞིག་མ་རེད། དེ་འདྲ་ཡིན་དུས་བསླབ་པ་སྔོན་དུ་གྲུབ་ནས་མཛད་པ་འཕྲིན་ལས་རང་གྲུབ་ཀྱི་ཚུལ་དུ་རང་བཞིན་གྱི་ཚུལ་དུ་ཕེབས་དགོས་པ་ཞིག་རེད་མ་གཏོགས། དེང་སང་ནང་བཞིན་ཚོགས་འདུ་ཚོགས་ནས་གྲོས་སྡུར་གྱི་ལམ་ནས་ཐག་གཅོད་གནང་རྒྱུའི་གནས་ཚུལ་ཞིག་མ་རེད། དེ་ནི་གནས་ཚུལ་གཞན་ཞིག་རེད། དེ་ལ་གཞན་ཞུ་རྒྱུ་གང་ཡང་མེད་ཅེས་དང༌།

དོན་ཚན་གཉིས་པའི་ནང༌། རང་གཞུང་ཆོས་དོན་ལྷན་ཚོགས་ནང་ཕེབས་མཁན་གྱི་རྩིས་གཞི་དེ། དཔེར་ན་ང་རང་ལ་ཆ་མཚོན་ན། སྤྱིར་ད་ལྟ་སྐུ་ན་ཆུང་ཆུང་ཡིན་པ། ལྷག་པར་དུ་སྐུ་ཡངས་གསན་སྦྱོང་གནང་བའི་གོ་སྐབས་གལ་ཆེ་ཤོས་ཤིག་ཆགས་ཡོད་པ། གཞན་ཡང་མཐུན་མིན་བར་ཆད་ཀྱི་དབང་གིས་ཕྱི་ནང་གི་གནས་ཚུལ་གྱིས་བཙིར་བཞིན་པའི་སྐབས་འདིར་བདེ་པོ་ཞིག་ཀྱང་མི་འདུག

དེ་བཞིན་གཞན་དབང་སྟབས་བསྟུན་བྱེད་དགོས་དུས་ཕར་ཕྱོགས་སུ་ཞབས་རྗེས་ཡག་པོ་ཞིག་ཀྱང་ཞུ་ཐུབ་ས་མ་རེད། སོ་སོ་ཡིན་ནའང་བསྟན་པ་དང་ལས་དོན་ཆེན་པོའི་བདག་པོ་ལ་བློ་མེད་མཁན། རློམ་སེམས་དང་སྤོབས་པ་མི་བྱེད་པའི་དགོངས་པ་ཞུ་རྒྱུ་ཡིན། དེ་འདྲ་ཡིན་དུས། འདིའི་རྩིས་གཞི་དེ་བཀའ་བརྒྱུད་བསྟན་པའི་ཁྱུ་མཆོག་གི་བརྒྱུད་པ་འབྲི་གུང་དང༌། འབྲུག་པ། སྟག་ལུང་བཅས་སྐྱབས་མགོན་རྣམ་པ་གསུམ་དང༌། ཀམ་ཚང་གི་ངོས་ནས་རྒྱལ་བ་ཡབ་སྲས་དེ་ཚོར་ཞུས་ནས་གནང་དགོས་པ་ཞིག་རེད།

དོན་ཚན་གསུམ་པའི་ནང༌། གང་ལྟར་ཡང་བསྟན་པ་ནང་གཙང་བ་ཞིག་དགོས་ཀྱི་ཡོད་པ་ནི་དོན་གྱི་སྙིང་པོ་དེ་ཡིན། མི་ཚང་མས་བླ་ཆེན་དེ་ཚོར་མིག་དཔེ་བལྟ་འོས་པ་ཞིག་དགོས་ཀྱི་ཡོད་དུས། ༧དཔལ་བཀའ་བརྒྱུད་པའི་སྤྱི་འཐུས་རྣམ་པ་གཉིས་ཀྱིས་ངོས་ནས་ལྷག་པར་དེའི་ཐད་ལྷག་བསམ་ཧུར་ཐག་འབད་འབུམ་གྱིས་བསྟན་པ་ནང་གཙང་བ་ཞིག་ཡོང་བར་འབད་བརྩོན་བྱེད་དགོས་ཅེས་བཀའ་བསྩལ་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
ཀརྨ་པ་ཁྱེད་ནི་ལོ་རྒྱུས་ཐོག་ནས་བཀའ་རྒྱུད་པའི་བླ་ཆེན་མཐོ་ཤོས་དེ་རེད། ཡིན་ན་ཡང་ད་སྐབས་ཁྱེད་ནས་དགོངས་ཞུ་ཞུས་དགོས་དོན་གང་ཡིན་ནམ།མ་གཞི་ནས་ཁྱེད་བོད་གཞུང་ལ་སྐྲག་གི་ཡོད་དམ། བཀའ་རྒྱུད་ནང་ཁུལ་ལ་སྐྲག་གི་ཡོད་དམ། ཡང་ན་རྒྱ་དཀར་ནག་ལ་སྐྲག་གི་ཡོད་དམ། དེ་མ་གཏོགས་ཁྱེད་ནི་དགོངས་པ་ཞུ་དོན་གང་ཡང་མེད༌། མ་གཞི་ནས་བོད་ཀྱི་བླ་ཆེན་ཟེར་བ་དེ་རང་ནུས་ཀྱིས་ཡར་ལ་སླེབས་པ་མ་གཏོགས་སུ་གང་གིས་ད་སྐབས་ནང་བཞིན་ཚོགའ་འདུ་འཚོགས་ནས་ཡར་བཞག་མར་ཕབ་ཟེར་བ་མེད༌། མ་གཞི་ནས་བླ་ཆེན་ཟེར་བ་དེ་ལ་ཡོན་ཏན་གང་ཞིག་ཚང་དགོས་གྱི་ཡོད་རེད། དེ་ཁྱེད་ལ་མ་ཚང་བ་ཡིན་ནམ༌། དགོངས་དག་ཞུ་ཉེས་རེད་སོང༌།
དཔལ་༧རྒྱལ་བ་ཀརྨ་པ་མཆོག་གིས་དགོངས་པ་ཞུས་སྟངས་དེ་ལ་རྒྱུ་མཚན་འདུག་ག



བརྗོད་གཞི་གཞན་ཁག་ལ་གཟིགས།