བློ་བཟང་སེངྒེར་མ་འོངས་བཀའ་ཁྲིའི་བསམ་ཤོག་མང་ཤོས་ཐོབ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༥ཚེས་༧ཉིན། འདི་ག་གསར་ཁང་གི་ཤམ་བྷ་ལའི་དྲ་གནས་སུ་ལོ་གཅིག་ཙམ་ལ་ཕྱི་ལོ་༢༠༡༡ལོའི་བཀའ་བློན་ཁྲི་པའི་འོས་གཞིའི་ཐད་བསམ་ཤོག་བསྡུ་རུབ་བྱས་མཐར། ཨ་རིའི་ཧར་ཝར་ཌི་གཙུག་ལག་མཐོ་སློབ་ཀྱི་སློབ་དཔོན་ཆེན་མོ་བློ་བཟང་སེངྒེ་ལགས་ལ་བསམ་ཤོག་གི་གྲངས་ཆེས་མང་ཤོས་དེ་ཐོབ་ཡོད་པ་རེད།

ངེད་ཤམ་བྷ་ལའི་དྲ་གནས་སུ་སྔར་ལོའི་ཕྱི་ཟླ་༣པའི་ཚེས་༡༠ཉིན་ནས་བཟུང་མ་འོངས་བཀའ་བློན་ཁྲི་པའི་འོས་གཞིའི་ཐད་རྒྱ་ཆེའི་མི་མང་གི་བསམ་ཤོག་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་འགོ་བརྩམས་ཤིང༌།  ད་ལྟའི་ཆར་བསྡུ་རུབ་བྱས་པའི་བསམ་ཤོག་གི་ཁྱོན་འབོར་༼༤༧༤༽ལས་བློ་བཟང་སེངྒེ་ལགས་ལ་བསམ་ཤོག་༢༦༢་༼ཁྱོན་འབོར་གྱི་བརྒྱ་ཆ་༥༥.༣༽་ཐོབ་སྟེ་ཨང་དང་པོ་དང༌། བློ་བཟང་སྙན་གྲགས་ལགས་ལ་བསམ་ཤོག་༧༨༼ཁྱོན་འབོར་གྱི་བརྒྱ་ཆ་༡༦.༥༽་ཐོབ་སྟེ་ཨང་གཉིས་པ། དེ་བཞིན་རྔ་བ་ཚེ་རྒྱམ་ལགས་ལ་བསམ་ཤོག་༢༦༼ཁྱོན་འབོར་གྱི་བརྒྱ་ཆ་༥.༥༽་ཐོབ་སྟེ་ཨང་གསུམ་པ་ཆགས་ཡོད་པ་རེད།

དེ་ཡང་བློ་བཟང་སེངྒེ་ལགས་ནི་ཐོག་མར་རྒྱ་གར་སུ་ན་མདའ་དང༌། རྡོར་གླིང་གཏན་སློབ་ནས་གཞི་རིམ་སློབ་གྲྭ་དང༌། དེ་ཁུལ་སནཊེ། ཇོ་སེབ་མཐོ་སློབ་ནས་འབྲིང་རིམ་སློབ་སྦྱོང་ཐོན། དེ་རྗེས་ལྡི་ལི་གཙུག་ལག་སློབ་གྲྭ་ནས་རབ་འབྱམས་པ༼BA༽་དང༌། ༼LLB༽ ཁྲིམས་ལུགས་སློབ་གཉེར་གནང༌། ཕྱི་ལོ་ ༡༩༨༨་ནས་༡༩༩༡་བར་ལྡི་ལི་ས་གཞོན་རྒྱུན་ལས་ཚོགས་གཞོན་དང༌། དྲུང་ཆེ། ཚོགས་གཙོ་བཅས་སུ་རིམ་པར་འདམས་བསྐོ་བྱུང༌། སྐབས་དེར་ཐའེ་ཝན་བོད་སོག་ལས་ཁུངས་ཀྱི་གསང་མྱུལ་ལྡི་ལི་འབྱོར་བར་གདོང་ལེན་ལས་འགུལ་སྣེ་འཁྲིད་མཁན་གྱི་གྲས་ཤིག་ཡིན་པ་མ་ཟད། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་ལའང་དུས་ཐོག་འགོག་རྒོལ་གྱི་ལས་འགུལ་སྤེལ། དེ་ནས་རྡ་ས་བཞུགས་སྒར་དུ་བོད་ཀྱི་གཞོན་ནུའི་དབུས་སྤྱི་ཁྱབ་རྒྱུན་ལས་སུ་གནས་འཕོས་ཀྱི་དྲིལ་བསྒྲགས་དོ་དམ་པའི་ལས་འཁུར་གནང༌།

ཕྱི་ལོ་༡༩༩༥་ལོར་རང་གཞུང་ཤེས་རིག་ལྷན་ཁང་ནས་སློབ་ཡོན་རོགས་རམ་བསྩལ་ཁོངས་ཨ་རིའི་ཧར་ཝར་ཌེ་གཙུག་ལག་སློབ་གྲྭར་ཁྲིམས་ལུགས་སློབ་སྦྱོང་དུ་ཕེབས་ནས་སློབ་རམས་པའི་༼Master’s ༽ཤེས་ཚད་ཐོན། དེ་མུར་ཞི་བའི་རྒྱ་མཚོའི་གཤོངས་ས་ཞིབ་འཇུག་ལྟེ་གནས་ཁང༌། ༼Pacific Basin Research Center༽ དང༌། ཤར་གླིང་ཤར་མའི་ཁྲིམས་ལུགས་སྡེ་ཚན། ༼East Asian Legal Studies༽ བཅས་སུ་ལོ་གཅིག་རིང་འཚམས་འདྲིའི་ལམ་ནས་སློབ་གཉེར་མཁས་པ། ༼Visiting Scholar༽ གནང་ཐོག ད་ལྟ་ཧར་ཝར་ཌེ་གཙུག་ལག་སློབ་གྲྭར་དགེ་རམས་པའི་༼Ph.D.༽ལམ་ཞུགས་རྒྱལ་སྤྱིའི་ཁྲིམས་ལུགས་དང༌། རྒྱ་ནག་གི་ཁྲིམས་ལུགས། འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐོག་རིགས་གཅིག་རྐང་འཛིན་གྱི་སློབ་སྦྱོང་མཇུག་སྐྱོང་གནང་མུས་རེད།

ཁོང་རང་རྒྱུན་དུ་བགྲོ་གླེང་གནང་རྒྱུར་དགའ་མོས་ཆེན་པོ་ཡོད་པ་ལྟར། ཨ་རིའི་སྲིད་དོན་གྱི་གླེང་སྟེགས་འདྲ་མིན་ཐོག་བོད་རྒྱའི་འབྲེལ་ལམ་སྐོར་གཏམ་བཤད་དང༌། བགྲོ་གླེང་ལ་ཕེབས་མྱོང་ཡོད་ཁར། རྒྱ་ནག་སྐམ་ས་ཆེན་པོའི་རྒྱ་རིགས་ཤེས་ཡོན་ཅན་བརྒྱ་ཕྲག་དང་ཕན་ཚུན་གོ་བསྡུར་ འཕྲོས་མོལ་གྱི་འབྲེལ་བ་གནང་བའི་གོ་སྐབས་ཀྱང་རིམ་ཐོབ་བྱུང་འདུག དེ་བཞིན་ཁོང་གིས་དྭང་བར་ཁུར་བླངས་ཀྱི་ཧར་ཝར་ཌེ་གཙུག་ལག་སློབ་གྲྭ་དང༌། དེ་མིན་ཨ་རི་ཁུལ་ས་གནང་མང་པོར་བོད་རྒྱའི་གནད་དོན་དང་འབྲེལ་ཆགས་བགྲོ་གླེང་ཚོགས་འདུ་ཐེངས་འགའ་གོ་སྒྲིག་གནང་མྱོང་ཡོད་ཅིང༌། ཕྱི་ལོ་༢༠༠༡་ལོར་ཧ་ཝརཌེ་གཙུག་ལག་སློབ་གྲྭ་ནས་མཐུན་འགྱུར་བྱུང་བ་བཞིན་བོད་ རྒྱའི་མཁས་དབང་དང༌། གཞུང་འབྲེལ་མི་སྣ་ཁག་འདུས་པའི་བོད་དོན་ཚོགས་འདུ་རྒྱ་ཆེ་ཁག་གཉིས་དང༌། ཕྱི་ལོ་༢༠༠༢་ལོའི་ཟླ་ ༤་ནང་བོད་རྒྱའི་མཁས་དབང་དང༌། གཞུང་འབྲེལ་མི་སྣ་བརྒྱད་ཀྱིས་གཙོས་པའི་ཁྱོན་བསྡོམས་ཚོགས་མི་༣༠་ལྷག་ཙམ་ཡོད་པའི་བགྲོ་གླེང་ཚོགས་འདུ་ཞིག་བཅས་སྔ་རྗེས་གོ་སྒྲིག་གནང་འདུག ཚོགས་འདུ་མཇུག་མ་དེའི་གཙོ་བོའི་བརྗོད་གཞི་ནི། བོད་དོན་དང༌། རྒྱལ་སྤྱིའི་བདེ་འཇགས་དབར་གྱི་འབྲེལ་བ་ལྷག་པ་བོད་ཀྱི་གནད་དོན་གྱིས་ཤར་གླིང་ལྷོ་མ་དང༌། རྒྱ་ནག ཨུ་རུ་སུ། ཨ་རི་བཅས་ཀྱི་བདེ་སྲུང་ལ་ཤུགས་རྐྱེན་ཇི་ལྟར་ཡོང་མིན་སྐོར་རེད། ཁོང་གིས་དོ་སྣང་གནང་ཡུལ་གཞན་ཞིག་ནི། བོད་མིའི་སྤྱི་ཚོགས་ལ་ཞབས་འདེགས་ཀྱི་ལས་འགུལ་སྤེལ་རྒྱུ་དེ་རེད། ལས་འགུལ་དེའི་ཆ་ཤས་སུ་བོད་མིའི་སྡོད་སྒར་པཱུར་ཝ་ལ་དང༌། པོག་ར་པོང་གཉིས་སུ་སློབ་གྲྭ་གསར་རྒྱག་ཆེད་རོགས་དངུལ་ཐབས་འཚོལ་གནང་བ་དང༌། དེ་མཚུངས་འདས་པའི་ལོ་བཞི་ཙམ་ནས་རྡོར་གླིང་དང༌། ཀ་སྤུག པོག་ར་པོང༌། སུ་ན་མདའ་བཅས་ཀྱི་གཏན་སློབ་དང༌། ཝཱར་ཎ་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་བཅས་ཀྱི་སློབ་གྲྭ་བ་རྣམས་ཀྱི་རྒྱུན་གཏན་ཞལ་ལག་ཡར་རྒྱས་གཏོང་དམིགས་སུ་ཨ་རིའི་རོགས་རམ་ཚོགས་པ་ཁག་ནས་དགོས་དངུལ་ཐབས་འཚོལ་མཐུན་འགྱུར་གནང་དང་གནང་མུས་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (34)
34 ༡༥༢༠༡༠༠༦༥༥
ཕུན་གསུམ་ཚོགས་པའི་གཞོན་སྐྱེས་བློ་བཟང་སེངྒེ་ལགས་བཀའ་བློན་ལ་གདམ་རྒྱུ་ཡིན་ལ་ཐོབས་ངེས་རེད།
སྤྱི་ཁོང་ལས་ལྷག་པར་ཞིག་སུས་ཀྱང་མ་ལོན་ཡང་ལོ་རྒན་བདུན་ཅུ་དང་བཀའ་ཤག་ཏུ་མི་ཚེ་བས་སྐྱེལ་མྱོང་བ་དག་གིས་ཀྱང་འཚང་ཁ་རྒྱག་གི་འདུག དངོས་གནས་རེ་བ་ཡོད་མེད་མཚུངས་པར་ཞིག་ཏུ་མཐོང་།
སྤྱིར་མ་འོངས་སྐབས་༣པའི་བཀའ་བློན་ཁྲི་པ་དེ་བློ་བཟང་སེང་གེ་འཚམ་ཤོས་སུ་མཐོང་། གང་ཡིན་ཟེར་ནི། གཅིག་ནི་ཁོང་ཉིད་བོད་ཕུང་སྐུ་དྲག་གི་བརྒྱུད་པ་མིན་པ་དང་། གཉིས་ནི་བཙན་བྱོལ་དུ་སྐུ་དྲག་ལམ་ལུགས་ཀྱི་ལྟ་བ་ཁྱེར་མཁན་མིན་པ། གསུམ་ནི་བཙན་བྱོལ་དུ་སྐུ་དྲག་ལམ་ལུགས་ཀྱི་འགྲན་རྩོད་དང་འཐེན་ཁྱེར་ནང་མེད་པས་སོ།
འོན་ཀྱང་ང་ཚོ་བོད་མི་ཚོས་ཁོང་ཉིད་ལ་རེ་བ་བཅོལ་དྲག་ན། སྲིད་འཛིན་ཨོ་བྷ་མར་ལྟ་བུ་རེ་བ་སྔོན་དུ་འགྲོ་ནས་ཁ་རྡུང་རྗེས་སུ་གཏོང་མི་དགོས་པའི་ངེས་པ་ཞིག་ཡོད་པ་མ་རེད།
བོད་ཨ་གསར་དང་རེ་བས་ཕུང་ཡོང་།
བསམ་བློ་ཅི་ཙམ་གཏང་ཀྱང་དེ་ལས་ལྷག་གཅིག་མེད་ཚོད་རེད།
ཁྱོད་ཚོར་ཤོད་རྒྱུ་སྐད་ཆ་ཧ་ཅང་མང་ཡང་རྒྱུ་མཚན་ལྡན་པའི་ཚིག་གཅིག་ཤོད་མཁན་སུ་ཡང་མི་འདུག དེས་ན་རང་རང་གི་བསམ་ཚུལ་ཐབས་ཆག་དེ་རྐྱང་རྐྱང་དེ་བཤད་ནས་ཅི་བྱེད་རྒྱུ་ཡིན། དེ་ལས་གཞན་གྱིས་བཤད་པའི་རྒྱུ་མཚན་ལྡན་པའི་གསུང་བཤད་ཁག་རྣ་བ་གཏོད།
29 ༠༡༢༠༡༠༡༢༠༤
བློ་བཟང་སེང་གེ་ཡིན་བཀའ་བློན་ཁྲི་པ།
28 ༠༡༢༠༡༠༡༡༢༦
བཀའ་བློན་ཁྲི་པ་བློ་བཟང་སེང་གེ་གདམས་རྒྱུ་ཡིན།
27 ༣༡༢༠༡༠༡༦༤༩
བློ་བཟང་སེང་གེ་ཡག་པོ་འདུག་སྙམ།
26 ༣༡༢༠༡༠༡༦༤༨
བཀའ་བློན་ཁྲི་བ་མཁས་དབང་བློ་བཟང་སེང་གེ་ལགས་གདམས་རྒྱུན་ཡིན།
25 ༢༨༢༠༡༠༡༢༤༨
བཀའ་བློན་ཁྲི་པ་བློ་བཟང་སེང་གེ་གདམས་རྒྱུ་ཡིན།
24 ༢༣༢༠༡༠༡༢༠༥
བཀའ་བློན་ཁྲི་པ་བློ་བཟང་སེང་གེ་འོས།
23 ༢༡༢༠༡༠༢༡༠༡
སྒྲོ་འདོགས་དང་སྐུར་འདེགས་ཀྱི་ཕྱོགས་རིས་སྤངས་ནས་བོ་མི་རིགས་ཀྱི་བདེ་སྡུག་སྙིང་ལ་བཞག་ནས།
མ་འོང་བཀའ་བློན་ཁྲི་པ་དེ་བློ་བཟང་སེང་གེ་འོས།
22 ༢༡༢༠༡༠༡༣༥༣
ཆ་རྐྱེན་ཚང་བའི་གཞོན་སྐྱེས་ནི་བློ་བཟང་སེང་གེ་རེད་ དེར་རྟེན་ཁོང་ཉིད་རྒྱལ་ཁའི་ངང་བཀའ་བློན་ཁྲི་པ་ཐོབ་པར་ཤོག།
དམངས་གཙོའི་རྒྱབ་ལྗོངས་ལྡན་པའི་མ་འོང་བཀའ་བློན་ཁྲི་པ་དེ་གཞོན་སྐྱེས་མཁས་དབང་བློ་བཟང་སེང་གེ་ལས་གཞན་མེད།།
20 ༢༡༢༠༡༠༡༣༢༥
འཆར་ལོའི་བཀའ་བློན་ཁྲི་པ་དེ་མཁས་དབང་བློ་བཟང་སེང་གེ་ལགས་ཡིན།
བཤད་ཐུབ་པ་ཞིག་ནི། མ་འོང་བཀའ་བློན་ཁྲི་པ་དེ་རེད། དེ་སུ་རེད་ཞུས་ན་མཁས་དབང་བློ་བཟང་སེང་གེ་རེད།
མ་འོང་བོད་ཀྱི་སྲིད་དམ་བཀའ་བློན་ཁྲི་པ་ནི་བློ་བཟང་སེང་གེ་ལས་གཞན་མེད་དོ།།
17 ༢༡༢༠༡༠༡༢༥༨
མཆར་ལོའི་བཀའ་བློན་ཁྲིར་པ་དེ་བློ་བཟང་སེང་གེ་ཁོང་ཉིད་ཡིན་ནོ།
ཉིས་སྟོང་བཅུ་གཅིག་གི་བཀའ་བློན་ཁྲི་པ་སུ་འོས། མཁས་དབང་བློ་བཟང་སེང་གེ་འོས་སོ།
15 ༢༡༢༠༡༠༡༢༤༢
མཁས་དབང་བློ་བཟང་སེང་གེ་ལས་གཞན་བཀའ་ཁྲི་སུ་ཞིག་མེད།
14 ༡༨༢༠༡༠༢༡༠༩
བློ་བཟང་སེང་གེ་བཀའ་ཁྲིར་འོས་སྙམ།
13 ༡༨༢༠༡༠༠༩༡༤
ཨ་ཀ་སྤེན་པ།
ཁོང་ཉིད་བཀའ་ཁྲི་མི་འོས་ཟེར་བ་ཙམ་ལས་མི་འོས་པའི་རྒྱུ་མཚན་ཅི་ཡང་བགྲང་རྒྱུ་མེད་ན།
ཁྱེད་གནམ་དཔྱང་བརྒྱབ་ནས་ཤི་ཡང་སུས་ཀྱང་མི་འགྱོད།
12 ༡༡༢༠༡༠༡༩༣༠
གལ་སྲིད་ང་ལ་དབང་ཆ་ཡོད་ན་བཀའ་བློན་ཁྲི་བ་དེ་བསོད་ནམ་སྟོབས་རྒྱལ་ལ་འོས།
ང་ལ་གལ་ཏེ་འདེམ་ཤོག་གི་བགོ་སྐལ་ཞིག་ཡོད་ན། ངས་བློ་བཟང་སེང་གེ་ལགས་ལ་འོས་ཤོག་འཕེན་རྒྱུ་ཡིན།
10 ༡༡༢༠༡༠༡༡༥༤
བཀའ་བློན་སུ་ཞིག་ཡོང་རུང་བོད་ཀྱི་རིགས་གཞུང་དང་། ཐུན་མོང་གི་ལོ་རྒྱུས། ལེགས་བྱང་། ཤེས་ཡོན་། སྐད་ཡིག། འཚོ་བའི་གནས་སྟངས། ས་ཁམས་ཁོར་ཡུག་གང་ཅིའི་ཐོག་ལེགས་པ་ཞིག་དགོས།།
9 ༡༡༢༠༡༠༠༦༠༦
ཆ་རྐྱེན་ཚང་མི་འདུག་བུ་མོ་ལ་བྱེད་ན་ངས་ཧ་གོ་མ་སོང་མི་དམངས་ཚང་མ་སྨྱོན་པར་ཡིན་འགྲོ་དྲན་སོང་། བློ་བཟང་སེངྒེ་ལ་འོས་འདེབས་དེ་ལ་དགོས་མི་གདུག སྨྱོན་པར་ཚོ།།
8 ༡༡༢༠༡༠༠༥༥༩
མི་འདི་འདྲ་ཞིག་བཀའ་བློན་ལེན་ན་ང་ཤི་ན་ཐེ་ཚོམ་མེད་དོ།
7 ༡༠༢༠༡༠༠༢༤༧
སྔོན་1940ཡར་མིན་གྱི་དུས་ལ་ལྷ་ས་ན་སྐུ་དྲག་འགའ་ཞིག་གི་བདག་དབང་དུ་འཛིན་པའི་གཞུང་ཞིག་ཡོད་པ་ཁྱོད་ཚོའི་ཧ་ཨེ་གོ དེ་ནི་མེས་པོའི་ཤུལ་བཞག་དང་མ་འོང་མདུན་ལམ་སྐབས་བབས་ཀྱི་གོ་སྐབས་ཡོད་ཚད་ནས་ཡོད་བརླག་མཁན་གྱི་གཞི་འདྲེ་ཡིན། དེ་ཚོའི་རིགས་ཀྱི་དྲི་ཙམ་ཡོད་མཁན་ཞིག་བཀའ་ཁྲི་ལ་བསྐོས་ན་ང་ཚོའི་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།
6 ༠༩༢༠༡༠༠༦༣༣
མ་འོང་བཀའ་ཁྲི་སུ་ཞིག་ཐོབ་ཀྱང་རུང་། བཀའ་བསྐོས་རྒྱུད་འཛིན་དབང་དུ་མ་འགྲོ་ཤོག བཀའ་བསྐོས་རྒྱུད་འཛིན་ལམ་དུ་བསྐྱོད་པ་ན། ང་ནི་རྒྱ་ལ་མགོ་འབུལ་ཞུ་རྒྱུ་ཡིན།
5 ༠༨༢༠༡༠༢༠༣༨
ལི་ཐང་ཕོ་རྒོད་བློ་བཟང་སེངྒེར་ལས་ལྷག་པའི་བཀའ་ཁྲི་ཞིག་གང་ནས་བཙལ།
4 ༠༨༢༠༡༠༢༠༣༤
མཁས་དབང་བློ་བཟང་སེངྒེར་མཆོག་མ་འོང་པའི་བཀའ་བློན་ཁྲི་བའི་ཆ་རྐྱེན་ཚང་འདུག་སྙམ།
3 ༠༨༢༠༡༠༠༢༥༩
བློ་བཟང་སེངྒེར།
2 ༠༨༢༠༡༠༠༢༥༦
བློ་བཟང་སེངྒེར་ཡག་པོ་འདུག
1 ༠༨༢༠༡༠༠༢༥༢
བློ་བཟང་སེངྒེར།



བརྗོད་གཞི་གཞན་ཁག་ལ་གཟིགས།