བོད་རྒྱལ་ཡོངས་རྩེད་རིཌ་ཚོཌ་པའི་གསལ་འགོད་གསལ་བསྒྲཌ།

 པར་འདེབས།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༥ཚེས་༤ཉིན། དེ་རིང་ཞོགས་པར་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་བཞུགས་སྒར་དྷ་སའི་མཚན་ཉིད་གྲྭ་ཚང་གི་དཔེ་མཛོད་ཁང་དུ་དོན་ཚན་གསུམ་ཅན་གྱི་མ་འོངས་ལས་འཆར་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང༌།

དེ་ཡང་གསར་འགོད་གསལ་བསྒྲགས་ཐོག་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་དོན་འགྲུབ་ལགས་ཀྱིས་ཚོགས་པ་དེ་གའི་མ་འོངས་ལས་འཆར་གསུམ་ངོ་སྤྲོད་གནང་དོན། དང་པོ། བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པས་བཀོད་སྒྲིག་ཞུས་པའི་རྐང་རྩེད་སྤོ་ལོའི་རུ་ཁག་དེ་རིང་ཞོགས་དྷ་སར་འབྱོར་ཚར་ཡོད་ཅིང༌། འདིར་སྔོན་མ་ཡོད་བཞིན་པའི་འཆར་གཞི་ལྟར་རྒྱ་གར་ནང་ཁུལ་གྱི་རྐང་རྩེད་སྤོལ་རུ་ཁག་དང་འགྲན་བསྡུར་བྱེད་རྒྱུ་ཡིན་པ་དང༌། ད་ལོའི་ཕྱི་ཟླ་༥པའི་ཚེས་༧ཉིན་ནས་འདི་ག་ཀ་ར་རྫོང་གི་དམག་མིའི་རྩེད་ཐང་དུ་རྒྱ་གར་རྒྱལ་ཡོངས་དྷི་མལ་དྲན་གསོའི་ཕོར་བའི་རྟགས་མ་འགྲན་བསྡུར་ཞེས་ཐེངས་ཉེར་བཞི་བ་དེ་འགྲོ་བཞིན་ཡོད་པ་རེད། དེའི་ནང་ང་ཚོས་འཛུལ་ཞུགས་བྱེད་དུ་འཇུག་རོགས་ཞེས་སྔོན་མ་ཐེངས་ཁ་ཤས་ལ་ལབ་མཐར། ད་ལོ་དངོས་སུ་འཛུགས་ཞུགས་ཆོག་པའི་བརྡ་ལན་ཐོབ་སོང༌།

ཐེངས་འདིའི་འགྲན་བསྡུར་ཆེད་ང་ཚོའི་རྐང་སྤོལ་རུ་ཁག་དག་གིས་དྷེ་ར་རྡུན་དུ་ཕྱི་ཟླ་༤པའི་ཚེས་༡༦ཉིན་ནས་བཟུང་བདུན་ཕྲག་གསུམ་རིང་ལ་སྦྱོངས་བརྡར་བྱས་པ་རེད། ད་ཐེངས་ཀྱི་རྐང་རྩེད་སྤོ་ལོའི་དངོས་གཞིའི་འགྲན་བསྡུར་དེ་ཟླ་འདིའི་ཚེས་༧ནས་༡༡་བར་དུ་རྩེད་རྒྱུ་རེད་ལ། ཁ་སང་ཁོ་ཚོས་ང་ཚོར་ང་ཚོའི་རྩེད་མའི་རུ་ཁག་དེ་རྒྱ་གར་རྒྱལ་ཡོངས་དྷི་ལམ་དྲན་གསོའི་རྟགས་མ་འགྲན་བསྡུར་གྱི་དབུ་འབྱེད་ཀྱི་ལས་རིམ་ནང་བཞག་ཡོད་ཅེས་ལན་སྤྲད་སོང༌། ང་ཚོའི་ཁ་གཏད་དེ་རྒྱ་གར་ཇའ་མའོ་ས་ཁུལ་གྱི་དམག་མིའི་རུ་ཁག་ཅིག་རེད་འདུག སྤྱིར་བཏང་ཐེངས་འདིའི་འགྲན་བསྡུར་ནང་འཛུལ་ཞུགས་བྱེད་མཁན་མང་ཆེ་ཤོས་དེ་པན་ཇེབ་དང༌། ལྡི་ལི་གཡས་གཡོན་གྱི་རྩེད་མོའི་རུ་ཁག་དག་རེད་འདུག

གཉིས་པ། ང་ཚོའི་འཆར་གཞི་ནང་དུ་གཏན་འཁེལ་ཡོད་དོན། ཟླ་འདིའི་ཚེས་༨་གཟའ་སྤེན་པའི་ཉིན། ང་ཚོ་བོད་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག་དེས་དྷ་སྟེང་བོད་ཁྱིམ་གྱི་རྩེད་ཐང་དུ་རྒྱ་གར་དང་མཉམ་དུ་འགྲན་རྩེད་བྱེད་རྒྱུ་ཡིན་པ་དང༌། རྩེན་འགྲན་དེའི་འཛིན་བྱང་བཙོང་ནས་བསྡུ་རུབ་བྱས་པའི་དངུལ་དེ་ད་ལོར་ས་ཡོམ་གྱི་གོད་ཆགས་བྱུང་ཡུལ་སྐྱེ་རྒུ་མདོ་ལ་ཞལ་འདེབས་སུ་རྒྱག་རྒྱུ་ཡིན། འཛམ་གླིང་འདིའི་ཐོག་དངུལ་བསྡུ་རུབ་བྱེད་སྟངས་སྣ་ཚོགས་ཤིག་ཡོད་པ་ལྟར། ང་ཚོ་བོད་རྒྱལ་ཡོངས་རྐང་རྩེད་སྤོ་ལོ་རུ་ཁག་གིས་སྐྱེ་རྒུ་མདོ་མི་མང་དང་གདུང་སེམས་མཉམ་སྐྱེལ་མཚོན་སླད་དུ་རྐང་རྩེད་སྤོ་ལོ་རྩེད་དེ་དངུལ་བསྡུ་རྒྱུ་ཡིན།

གསུམ་པ། རྒྱལ་ཡུམ་ཆེན་མོ་གསེར་གྱི་གཟེངས་རྟགས་དེ་ལོ་རེ་ལྟར་རྩེད་ཀྱིན་ཡོད་པ་ལྟར། ང་ཚོའི་སྒྲིག་གཞི་ནང་ལ་ག་རེ་ཡོད་པ་རེད་ཅེ་ན། ལོ་གཅིག་ལ་དྷ་རམ་ས་ལར་རྩེད་རྒྱུ་དང༌། ལོ་གཉིས་པ་དེ་དྷ་རམ་ས་ལའི་ཕྱི་ལོག་ཏུ་རྩེད་རྒྱུ་ཡིན་ཞེས་སྔོན་པ་ནས་བཀོད་པ་ལྟར། ཕྱི་ལོ་༢༠༡༠ལོའི་རྒྱལ་ཡུམ་ཆེན་མོའི་གསེར་གྱི་གཟེངས་རྟགས་འགྲན་ཚོགས་དེ་བྷེལ་ཀོབ་ནང་སྐོང་རྒྱུའི་གྲོས་ཆོད་བཞག་སྟེ་ཐག་བཅད་ཡོད། དེིའི་ནང་འཛུལ་ཞུགས་བྱེད་འདོད་ཡོད་པའི་རུ་ཁག་དག་གི་ཆ་རྐྱེན་དང་དུས་ཚོད་དག་ད་རེས་ཀྱི་བདུན་ཕྲག་ནང་གསལ་བསྒྲགས་བྱེད་རྒྱུ་ཡིན།

ད་ལོ་ང་ཚོས་ས་གནས་གཅིག་ནས་རུ་ཁག་མང་པོ་མི་ཡོང་ཆེད་ང་ཚོས་ས་བགོས་བྱས་ཡོད། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་ད་མིན་ཌ་ཌོ། ཀེ་ར་ལ། ཨན་ཌི་ར་བཅས་ནས་རུ་ཁག་གཅིག གྷེང་ལོར། མའེ་སོ་ནས་རུ་ཁག་གཅིག ཌར་ཝང༌། ཧོ་བྷུ་ལིས། མེན་ལོར། གྷོ་བ་བཅས་ནས་རུ་ཁག་གཅིག དེ་བཞིན་དུ་ལྷོ་ཕྱོགས་གཞིས་ཆགས་ཁག་ཆེ་བ་བཞི་ནས་རུ་ཁག་རེ་རེ་དང༌། བྷེལ་ཀོབ་ནས་རུ་ཁག་གསུམ། མོན་གྷོ་ཌིའི་པོ་ཏ་ལ་རྐང་སྤོལ་རུ་ཁག་སྔར་ལོར་རྒྱལ་ཡུམ་ཆེན་མོའི་འགྲན་བསྡུར་ནང་རྒྱལ་ཁ་ཐོབ་མཁན་ཡིན་སྟབས། མོན་གྷོ་ཌི་ནས་ས་དམིགས་གཅིག་ཐོལ་བ། ཧོང་སུའུ་ནས་རུ་ཁག་རེ་རེ་བཅས་ཚད་ཅིག་བཟོས་ཡོད།

གསུམ་པ། བོད་པའི་རྩེད་རིག་ཚོགས་པའི་ལས་འགན་གཞན་ཞིག་ནི་བོད་པའི་རྐང་རྩེད་སྤོ་ལོ་རུ་ཁག་དེ་ཚད་ལྡན་ཡོང་བ་ལ་ཕྲུག་གུ་ཆུང་ཆུང་ནས་སྦྱོངས་བརྡར་སྤྲད་དགོས་ཀྱིན་འདུག་ཅེས་སྔོན་མ་ནས་བཟུང་ལག་ལེན་གང་ལ་གང་འཚམ་བསྟར་བ་རེད་མོད། དོན་ལ་སྨིན་པ་ཞིག་ཡོང་ཡོད་པ་མ་རེད། དེ་བས་སྔར་ལོ་ནས་བཟུང་ཤེས་རིག་ལྷན་ཁང་བརྒྱུད་དེ་འཛིན་གྲྭ་བཅུ་བ་ཡོད་པའི་བོད་པའི་སློབ་གྲྭ་ཚང་མའི་ནང་ལ་ལོ་བཅུ་གཉིས་མན་གྱི་སློབ་ཕྲུག་དག་གིས་རྐང་རྩེད་སྤོ་ལོའི་རུ་ཁག་ཅིག་བཟོ་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན། འཛིན་གྲྭ་བཅུ་བ་ཡོད་མཁན་གྱི་བོད་པའི་གཏན་འཇགས་སློབ་གྲྭ་ཁག་༢༧འདུག་ལ།
Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།



བརྗོད་གཞི་གཞན་ཁག་ལ་གཟིགས།