བདུན་ཚིག་དང་པོའི་མཆོད་འབུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༦ཉིན། དཔལ་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེའི་བཀའ་དགོངས་འོག་ས་སྐྱ་སྒྲོལ་མ་ཕོ་བྲང་དང་ངོར་ཀླུ་ལྡིང་བླ་བྲང་གཉིས་ཀྱིས་མཐུན་འགྱུར་འོག་ཉེ་ཆ་ཁམས་སྐྱེ་དགུ་མདོར་ས་ཡོམ་གྱིས་གོད་ཆགས་འོག་བོད་མི་བརྒྱ་ཕྲག་མང་པོ་ཚེ་སྲོག་ཤོར་བ་རྣམས་ཀྱི་ཆེད་བདུན་ཚིགས་དང་པོ་དང་སྟབས་སྟུན་དྷེ་ར་དྷུན་མངའ་ཁུལ་དུ་ཡོད་པའི་ས་དགོན་ཡོངས་རྫོགས་ལྷན་འཛོམས་ཐོག་ཉིན་གསུམ་རིང་མཆོད་འབུལ་ཟབ་རྒྱས་ཤིག་ཚོགས་གནང་སོང༌།

དེ་ཡང་ངོར་མ་དགོན་དུ་དགེ་འདུན་པ་བགྲེས་པ་གསུམ་བརྒྱ་ལྷག་གིས་ཚོགས་མགོན་དུ་དཔལ་ས་སྐྱའི་༧བདག་ཆེན་འཁོན་གདུང་སྐུ་བགྲེས་རིན་པོ་ཆེ་མཆོག་དང་ངོར་༧ཤར་ཆེན་ཀླུ་ལྡིང་མཁན་ཆེན་རིན་པོ་མཆོག་དང་ངོར་ཁྲི་པ་ཀླུང་ལྡིང་མཁན་པོ་ཞབས་དྲུང་རྣམ་པ་བཅས་དབུ་བཞུགས་ཐོག་ཀུན་རིག་བྱང་ཆོག་ཉིན་གསུམ་རིང་ཚོགས་ཏེ་ཉིན་མཐའ་མར་གཤིན་པོ་རྣམས་ཀྱི་མི་བྱང་ཡང་སྲེགས་གནང་སོང༌།

 གཞན་ཡང་ངོར་གསང་ཆེན་བརྒྱུད་གྲྭ་རུ་༧སྐྱབས་རྗེ་བདག་ཆེན་འཁོན་གདུང་སྐུ་གཞོན་རིན་པོ་ཆེ་དབུ་བཞུགས་ཐོགས་མཁན་པོ་བླ་སྤྲུལ་དང་གྲྭ་བཙུན་བདུན་བརྒྱ་ལྷག་གིས་ཉིན་གསུམ་རིང་སྨོན་ལམ་ཚོགས་གནང་སོང༌།

 ཕྱི་ཚེས་ཉེར་གསུམ་ཉིན་དཔལ་ས་སྐྱའི་མཐོ་རིམ་སློབ་གྲྭས་གོ་སྒྲིག་འོག་བླ་ཆེན་རྣམ་པ་དབུ་བཞུགས་ཐོག་བཙུན་མའི་མཐོ་སློབ་བརྩེ་ཆེན་བཤད་སྒྲུབ་བསམ་གཏན་ཕུན་ཚོགས་གླིང་དུ་མཁན་པོ་བླ་སྤྲུལ་དང་གྲྭ་བཙུན་གཞན་ཡང་དེར་བཞུགས་གླིང་ཚང་གཞིས་ཆགས་ཀྱི་གཞིས་མི་མང་ཚོགས་དང་ཐེ་ཝན་སོགས་ནས་ཕེབས་པའི་ཕྱི་རྒྱ་ཁག་ཅིག་ཏེ་ཁྱོན་མི་དམངས་སྟོང་ཚོ་གཅིག་དང་ཕྱེད་ལྷག་འདུ་འཛོམས་ཐོག་ཚེ་སྲོགས་ཤོར་བ་རྣམས་ཀྱི་ཆེད་ཉིན་གཅིག་སྨོན་ལམ་དང་མཆོད་འབུལ་ཟབ་རྒྱས་ཤིག་གནང་སོང༌།
སྤུ་རུ་ཝ་ལ་མ་དགོན་བཤད་གྲྭ་ནས་དགྲ་བཅོམ་པ་ཆོས་སྐྱབས་ཀྱིས་གནས་ཚུལ་མཁོ་འདོན་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༠༢༢༠༡༠༡༤༢༢
ཁོང་རྣམ་པས་ང་ཚོར་མ་གཅིག་བུ་ལྟར་བརྩེ་བས་སྐྱོངས་ཀྱང་བོད་པ་རྣམས་ཀྱི་ངོ་མི་ཤེས།



བརྗོད་གཞི་གཞན་ཁག་ལ་གཟིགས།