ཧི་མ་ཅལ་གཞུང་མང་གཉིས་ལ་རྗེས་དྲན་ཞུ་རྒྱུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༦ཉིན། ཕྱི་ལོ་༢༠༡༠ཟླ་༤ཚེས་༣༠ནས་ཟླ་༥པའི་ཚེས་༡བར་ཉིན་གཉིས་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག རྒྱ་གར་ཧི་མཱ་ཅལ་བཞུགས་སྒར་རྡ་རམ་ས་ལར་ཞབས་སོ་འཁོད་ནས་ལོ་ངོ་༥༠འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་སྐོར་གསར་འགོད་གསལ་བསྒྲགས་ཞིག་སྤེལ་སོང༌།

དེ་ཡང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༡༩༦༠ལོའི་ཟླ་༤ཚེས་༣༠ཉིན་མ་སུ་རི་ནས་རྒྱ་གར་བྱང་ཕྱོགས་ཧི་མཱ་ཅལ་མངའ་སྡེའི་བཞུགས་སྒར་དྷ་རམ་ས་ལར་ཞབས་སོར་བཀོད་ནས་ལོ་ངོ་༥༠འཁོར་བའི་རྗེས་དྲན་དང་སྟབས་བསྟུན། ཉིན་གཉིས་རིང་ཧི་མཱ་ཅལ་གཞུང་མང་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་ཞིག་གནང་གཏན་འཁེལ་ཡོད་པའི་སྐོར། དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལའི་གངས་ཅན་སྐྱིད་གཤོངས་སུ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱིས་གོ་སྒྲིག་འོག་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང༌།

མཛད་སྒོ་ཉིན་དང་པོར་དྷ་སའི་ཉེ་འཁྲིས་དྷ་རི་ཐང་དུ་སྔ་དྲོ་ཕྱོག་ཚོད་ ༩་༠༠ནས་༡༠་༠༠ བར་གནང་རྒྱུ་དང༌། མཛད་སྒོའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་སྐུ་མགྲོན་གཙོ་བོ་ཧི་མཱ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པྲེམ་ཀུམར་དྷམལ་མཆོག་ཆེད་ཕེབས་གནང་རྒྱུ་དང༌། ཕྱོགས་མཚུངས་ཉིན་རྒྱབ་ཕྱག་ཚོད་ ༡་༠༠ ནས་ ༥་༠༠ བར་བོད་གཞུང་དབུས་སྨན་རྩིས་ཁང་ནས་རིན་མེད་བརྟག་དཔྱད་དང་སྨན་སྦྱིན་གནང་རྒྱུ་ཡིན་འདུག

དེ་བཞིན་ཕྱག་ཚོད་ ༣་༠༠ ཐོག་དྷ་ཤོད་དུ་ཡོད་པའི་ཀང་རྭའི་སྒྱུར་རྩལ་འགྲེམས་སྟོན་ཁང་དུ་མེས་པོ་དམ་པ་གྷན་དྷི་མཆོག་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞེ་བདེ་དང་འཆམ་མཐུན་གྱི་བསླབ་བྱ་དང་འབྲེལ་བའི་སྐུ་པར་འགྲེམ་སྟོན་ཞིག་མངའ་སྡེའི་བཟོ་གྲྭའི་བློན་ཆེན་ཀིརཤཱན་ཀཔུར་མཆོག་ནས་དབུ་འབྱེད་གནང་རྒྱུ་ཡིན་འདུག

ཉིན་གཉིས་པའི་མཛད་སྒོ་དེ་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔ་དྲོ་ཆུ་ཚོད་ ༡༠་༠༠ ཐོག་གནང་རྒྱུ་དང༌། དེའི་དབུ་འབྱེད་རྒྱ་གར་དབུས་གཞུང་གི་བློན་ཆེན་བྷིར་བྷདར་སིང་མཆོག་ནས་གནང་རྒྱུ། མཛད་སྒོའི་སྐབས་དྷ་སའི་ཡུལ་མི་རྒན་རབས་ཁག་ཅིག་ལ་གུས་བཀུར་ཆེ་བསྟོད་ཞུ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།