དགོངས་ཚུལ།

མཆོད་འབུལ་ཟབ་རྒྱས་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༦ཉིན། བཙན་བྱོལ་བོད་གཞུང་གི་དྲ་ཚིགས་སུ་བོད་གཞུང་བཀའ་ཤག་གིས་གནས་ཚུལ་སྤེལ་གསལ། ཕྱི་ལོ་ ༢༠༡༠ ཟླ་ ༤ ཚེས་ ༢༧ གྱི་ཕྱི་དྲོ་ཆུ་ཚོད་ ༡ པོའི་ཐོག ཉེ་འཆར་མདོ་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་འཇིགས་པས་མང་ཚོགས་སྟོང་ཕྲག་མང་པོ་འདས་སྐྱོན་སོང་བ་རྣམས་ཀྱི་བདུན་ཚིགས་གཉིས་པ་འཁེལ་བ་དང་སྟབས་བསྟུན་མཆོད་འབུལ་ཟབ་རྒྱས་ཤིག་གནང་རྒྱུ་ཡིན།

འདས་པོ་དེ་དག་དལ་རྟེན་རིམ་བརྒྱུད་བླ་མེད་རྫོགས་བྱང་མྱུར་དུ་ཐོབ་པ་དང༌། རྨས་སྐྱོན་ཕོག་པ་རྣམས་ཀྱང་མྱུར་དུ་དྲག་སྐྱེད་ཐོག མང་ཚོགས་ཀྱི་བདེ་སྐྱིད་སླར་གསོ་ཡོང་བ་བཅས་ལ་དམིགས་ཏེ་དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཚོགས་མགོན་དུ་ྋཞབས་སོར་འཁོད་དེ་དྷ་ས་དང་ཉེ་འཁོར་བཅས་སུ་བཅའ་བཞུགས་རྒྱལ་སྲས་བླ་སྤྲུལ་རྣམ་པ་དང༌། དགེ་འདུན་བཙུན་མ། མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། གཞུང་ཞབས། མང་ཚོགས་བཅས་ནས་མཆོད་འབུལ་སྨོན་ལམ་གཟབ་རྒྱས་ཤིག་གནང་རྒྱུ་ཡིན་ན། ཚང་མ་ངེས་པར་ཚོགས་ཕེབས་ཡོང་བའི་འབོད་བསྐུལ་ཞུ་རྒྱུ་དང༌། དེའི་ཉིན་སྔ་དྲོ་ཆུ་ཚོད་ ༨།༣༠ ཐོག་དྷ་ས་མི་མང་དང་ཇོ་ནང་གྲྭ་ཚང་བཅས་ནས་ྋགོང་ས་ྋསྐྱབས་མགོན་ཆེན་པོར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག་པ་བཅས་དགོངས་འཇགས་ཞུ།
བཀའ་དྲུང་ཡིག་ཚང་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།