ྋསྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེའི་སེམས་གསོའི་གསུང་འཕྲིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༤ཉིན། ༄༅། ། དཔལ་གཡུང་དྲུང་བོན་གྱི་དབུ་ཁྲིད་སྐྱབས་རྗེ་སྨན་རིའི་ཁྲི་འཛིན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་མཆོག་གིས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆག་ཕོག་པ་རྣམས་ལ་ཐུགས་སྨོན་དང་སེམས་གསོ་གནང་དོན། བོད་ཁམས་སྒ་སྐྱེ་རྒུ་མདོའི་ས་ཁུལ་དུ་ས་ཡོམ་གྱི་འཇིག་པ་ཤུགས་ཆེན་པོ་བྱུང་སྟེ་རང་རེ་བོད་རིགས་དང་རྒྱ་རིགས་ལ་སོགས་པའི་བྱིས་པ་ཆུང་ཆུང་དང་རྒན་འཁོགས་བཅས་མང་པོ་ཞིག་ལ་སྲོག་སྐྱོན་བྱུང་བའི་གནས་ཚུལ་ཐོས་མ་ཐག་ཤིན་ཏུ་ནས་བློ་ཕམ་ཆེན་པོ་བྱུང༌།

དེ་དོན་རང་ངོས་ནས་རྐྱེན་འདས་སོང་བ་རྣམས་ཀྱི་ཚེ་རབས་ནས་བསགས་པའི་སྡིག་སྒྲིབ་དང་བག་ཆགས་ཐམས་ཅད་བྱང་ཞིང་དག་སྟེ་མཐར་ཐུག་སྐུ་བཞིའི་གོ་འཕང་མྱུར་དུ་འཐོབ་པའི་ཆེད་དུ་རང་ལུགས་ལྟར་བར་དོའི་ཐོས་གྲོལ་གྱི་སྨོན་ལམ་དང༌། དེ་བཞིན་བསྔོ་སྨོན་མང་པོ་ཞིག་དགེ་འདུན་མང་ཚོགས་དང་མཉམ་དུ་བདུན་ཚིགས་བདུན་ཚིགས་ཀྱི་ཞེ་དགུ་བཟུང་སྟེ་བདུན་རེར་བྱང་བསྔོ་ཞུ་རྒྱུ་བཅས་བྱེད་མུས་ཡིན། དེ་མིན་རྗེས་སུ་གོད་ཆག་ནང་རྨས་སྐྱོན་ཤོར་བ་དང༌། དེ་ནས་ཉམ་ཐག་ནང་མང་པོ་ཞིག་ལྷུང་དང་ལྷུང་བཞིན་པ། དེང་སང་གི་ལུགས་ལ་མྱུར་སྐྱོབ་བྱེད་པའི་ཚོགས་པ་འདྲ་མིན་གྱིས་སྲུང་སྐྱོབ་བྱ་རྒྱུའི་ལུགས་སྲོལ་འདུག་པ་ལྟར་དེ་འདྲ་ཡོད་ཀྱི་རེད་བསམ་པའི་རེ་བའང་ཡོད།

ང་ཚོས་དེ་ལ་ཕན་པའི་ཞབས་བརྟན་དང༌། ཚེ་སྒྲུབ། བར་ཆད་ལམ་སེལ། བདུད་ཟློག་སོགས་གང་དགོས་ཤིག་བླ་མ་དགེ་བའི་བཤེས་གཉེན་མང་པོ་འདུ་འཛོམས་ཀྱིས་བདུན་རེར་དེ་ལྟར་བྱ་རྒྱུའི་འཆར་གཞི་ཡོད། བོད་གངས་ཅན་ཞིང་གཙོ་བོར་གྱུར་བའི་འཇིག་རྟེན་གྱི་ཁམས་འདིར་ད་ལྟ་འཕྲལ་དང་རྐྱེན་གྱི་བར་ཆད་མང་པོ་ཞིག་ཡོང་དང་ཡོང་བཞིན་ཡོད་པ་དེ་ལ་ཐུགས་བསྐྱེད་སྨོན་ལམ་གནང་རྒྱུ་དང༌། ཞབས་བརྟན་བསྒྲུབ་རྒྱུ། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡུན་ནས་རིང་དུ་དར་རྒྱུ། ལས་ཀྱི་བྱ་བ་གང་ཐད་ནས་ཀྱང་ྋསྐྱབས་མགོན་རིན་པོ་ཆེ་མཆོག་གཙོ་བོར་གྱུར་པའི་ཐུགས་བསྐྱེད་ཡོད་པ་ལྟར་ཞབས་ཕྱི་ཞུས་དང་ཞུ་བཞིན་པ་ཡིན།

མ་འོངས་པར་གཙོ་བོར་བླ་ཆེན་མང་པོ་ཞིག་བཞུགས་ཡོད་རེད། གཞོན་སྐྱེས་ཡོན་ཏན་དང་ལྡན་པ་མང་པོ་ཞིག་ཡོད་རེད། གང་དགོས་ཀྱི་མཐུན་རྐྱེན་སྨོན་ལམ་ཡག་པོ་ཞིག་གནང་རོགས་གྱིས། ང་ཚོས་ཀྱང་གང་ཐུབ་ཐུབ་བྱེད་ཀྱི་ཡོད། ཅེས་སོགས་ཀྱི་ཐུགས་སྨོན་དང་སེམས་གསོ་གནང་ཡོད།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།