དགོངས་ཚུལ།

ཆིབས་བསྒྱུར་བཀག་འགོག་ལ་༧ཀརྨ་པ་མཆོག་གི་ཐུགས་ཕམ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༢༠ཉིན། ད་ནང་ཞོགས་པར་བཀའ་བརྒྱུད་པའི་དྲ་ཚིགས་ནང་གནས་ཚུལ་སྤེལ་གསལ་ལྟར་ན། དཔལ་༧རྒྱལ་བ་ཀརྨ་པ་མཆོག་གིས་ཡོ་རོབ་ཁུལ་དུ་ཆོས་འབྲེལ་ཆིབས་བསྒྱུར་བསྐྱང་འཆར་ལ། ཕྱིར་བསྐྱོད་མཐོང་ཆེན་མ་ཕུལ་བ་དེར་ཐུགས་ཕམ་དང་བློ་འབྱོད་ཆེན་པོ་ཡོད་ལུགས་གནས་ཚུལ་སྤེལ་འདུག

དེ་ཡང་དཔལ་༧རྒྱལ་བ་ཀརྨ་པ་མཆོག་གིས་ཕྱི་ལོ་༢༠༡༠ཟླ་༤ཚེས་༢༧ཉིན་དབུ་འཛུགས་ཀྱིས་ཡོ་རོབ་རྒྱལ་ཁབ་ཁག་༩ལ་དད་ལྡན་སེར་སྐྱ་མི་མང་རྣམས་ལ་ཆོས་འབྲེལ་དང༌། བཀའ་སློབ་བཀའ་དྲིན་བསྐྱང་འཆར་ཡོད་ནའང༌། ཉེ་ཆར་རྒྱ་གར་གཞུང་གིས་ཁག་འདོགས་སྣ་ཚོགས་འོག ཕྱིར་བསྐྱོད་མཐོང་ཆེན་ཕྱིར་བསྡུ་བྱས་པ་དེར། དེ་རིང་གང་ཉིད་ཀྱིས་ཐུགས་ཕམ་དང་བློ་འབྱོད་ཆེན་པོ་ཡོད་ལུགས་གསུངས་འདུག

དགུང་ལོ་༢༦ལ་ཕེབས་པའི་དཔལ་༧རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག་ནི་བོད་ནང་དུ་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་ཆེན་པོ་བཞིའི་ནང་གསེས་ཏེ། བཀའ་བརྒྱུད་པའི་བླ་ཆེན་ཞིག་དང༌། གང་ཉིད་ཕྱི་ལོ་༢༠༠༠ལོའི་ཟླ་༡པོའི་ནང་རྒྱལ་གར་དུ་བཙན་བྱོལ་དུ་ཕེབས་གནང་བ་ཞིག་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།