བལ་ཡུལ་དུ་བོད་མི་༨འཛིན་བཟུང་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༩ཉིན། ཟླ་འདིའི་ཚེས་༡༥ཉིན་གྱི་མཚན་མོ་བོད་ནས་སྐྱབས་བཅོལ་དུ་ཡོང་མཁན་བོད་མི་༨བལ་བོད་ས་མཚམས་བརྒལ་ནས་ཡོང་སྐབས། རྡོ་ལ་ཁ་ཟེར་རྫོང་ས་ཁུལ་དུ་སྲང་ལམ་ཞིག་ནས་གློ་བུ་དུ་བལ་ཡུལ་ཉེན་རྟོག་པས་བོད་མི་དེ་དག་གིས་ལག་ཁྱེར་སོགས་གང་ཡང་མེད་པར། ཁྲིམས་འགལ་ཐོག་བལ་ཡུལ་དུ་འཛུལ་ཞུགས་བྱས་པའི་ཉེས་འཛུགས་འོག་ཚང་མ་འཛིན་བཟུང་བྱས་ཡོད་འདུག སྐྱབས་བཅོལ་བ་དེ་དག་གི་ཁྲོད་བུ་མེད་༦དང་སྐྱེས་པ་གཉིས་ཡོད་འདུག

འོན་ཀྱང་ད་ལྟའི་ཆར་ཁོང་ཚོ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་ལས། ཕྱིར་བོད་ལ་སློག་པའམ་ཡང་ན། གནམ་འབྲེལ་རྒྱལ་ཚོགས་ཀྱི་ཆེས་མཐོ་བའི་སྐྱབས་བཅོལ་ལས་ཁུངས་ལ་རྩིས་སྤྲོད་རྒྱུ་ཡིན་པ་སོགས་གང་ཡང་ཤེས་རྟོགས་ཡོད་པ་མ་རེད་ཅེས་བལ་ཡུལ་ཉེན་རྟོག་པ་ཞིག་གིས་འགྲེལ་བརྗོད་བྱས་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།