༧གོང་ས་མཆོག་དབྱུག་རྩེད་པོ་ལོའི་འགྲན་བསྡུར་ཐོག་ཆིབས་བསྒྱུར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༩ཉིན། ཁ་སང་རེས་གཟའ་ཉི་མ་ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་སུ་ཡོད་པའི་ཀཱ་ཅ་རིར་རྒྱ་གར་གྱི་དབྱུག་རྩེད་པོ་ལོ་འགྲན་བསྡུའི་ཐོག་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

རྒྱ་གར་ཧི་མ་ཅལ་མངའ་སྡེའི་དབྱུག་རྩེད་པོ་ལོའི་མཐུན་ཚོགས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། མགོན་པོ་གང་ཉིད་དེ་ལྟར་དམིགས་བསལ་སྐུ་མགྲོན་དུ་ཆིབས་སྒྱུར་བསྐྱངས་ཡོད་པ་དང༌། སྐབས་དེར་གཞན་ཡང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་མཆོག་སྐུ་མགྲོན་དུ་ཕེབས་ཡོད་པས་མ་ཚད། རྒྱ་གར་གྱི་ཀློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་མཛེས་མ་པིར་ཀྲིས་ཛིན་ད་དང༌། རྒྱ་གར་བ་གློག་བརྙན་འཁྲབ་མཁན་སྐད་གྲགས་ཅན་ཀ་སྦིར་བྷི་ཌི་བཅས་ཕེབས་ཡོད་པ་རེད།

རྩེད་འགྲན་འགོ་མ་འཛུགས་པའི་གོང་དུ་རྩེད་ཐང་དཀྱིལ་དུ་རྩེད་མོ་རུ་ཁག་གཉིས་ཀྱི་རྩེད་འགྲན་པ་རྣམས་ལ་མཇལ་ཁ་དང་འཚམས་འདྲིའི་མཇལ་དར་སྩལ་ཡོད། སྐབས་དེར་རྩེད་འགྲན་པ་ཚོས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་ལ་མགོ་བོ་བཏུགས་ཏེ་གུས་འདུད་ཆེན་པོ་ཞུས་པ་དང་སྦྲགས་རྩེད་འགྲན་པ་ཚོ་དང་ལྷན་དུ་སྐུ་པར་ཡང་བསྒྲོན་ཡོད། གཞན་ཡང་བོད་གཞུང་ཟློས་གར་ཚོགས་པས་བོད་ཀྱི་ཐུན་མིན་གཡག་གི་འཁྲབ་སྟོན་གཟིགས་འབུལ་ཡང་ཞུས་ཡོད།

རྒྱ་གར་ཧི་མ་ཅལ་ཀང་ར་རྫོང་ཁུལ་དུ་ཡོད་པའི་དབྱུག་རྩེད་པོ་ལོའི་རྩེད་ཐང་འདི་ནི་རྒྱ་གར་ནང་གི་རྩེད་ཐང་གསར་ཤོས་ཤིག་དང༌། མཐོ་ཚད་ལ་རྒྱ་མཚོའི་ངོས་ནས་ཕི་ཀྲི ༤༠༠༠ ཙམ་ཡོད་འདུག མ་ཚད་རི་བོ་ཧི་མ་ལ་ཏེ་རྡོ་ལ་རྡར་རི་རྒྱུད་དུ་ཡོད་པའི་དབྱུག་རྩེད་པོ་ལོ་རྩེད་ཐང་འདི་ནི་འཛམ་གླིང་ནང་ཆེས་མཛེས་ཤོས་ཀྱི་རྩེད་ཐང་ཤིག་ཀྱང་ཡིན་པ་གྲགས།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
ངོས་རང་ངོས་ནས་ཞེ་དྲག་སྤྲོ་པོ་ཡོང་ཡོད་པ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།