དགོངས་ཚུལ།

ས་སྐྱ་༧གོང་མ་མཆོག་ནས་ཐུགས་སྨོན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༨ཉིན། ས་སྐྱ་༧གོང་མ་རིན་པོ་ཆེ་མཆོག་ནས་ས་ཡོམ་གྱི་གོད་ཆགས་ལ་ཐུགས་གསོའི་འཚམས་འཕྲིན། ཉེ་ཆེར་ཁམས་ཕ་ཡུལ་སྐྱ་དགུ་མདོར་ས་ཡོམ་ཤུགས་ཆེན་པོ་ཞིག་བརྒྱབ་ནས་མི་མང་པོའི་སྲོག་སྐྱོན་ཤོར་ཡོད་པ་དང༌། དེ་བཞིན་དགོན་སྡེ་ཁག་མང་པོ་ཞིག་ལ་ཉམས་ཆགས་ཆེན་པོ་བྱུང་བ་དང༌། ཁང་པ་མང་པོ་གཏོར་བཤིགས་བྱས་པ་དང་མི་མང་པོ་རྨས་སྐྱོན་བྱུང་བ་སོགས་དེ་འདྲའི་གནས་ཚུལ་ཧ་ཅང་སྐྱོ་པོ་ཞིག་གོ་ཐོས་བྱུང་བ་རེད། དེ་ལ་ཚད་མེད་པའི་བློ་ཕམ་དང་སེམས་ནད་ཆེན་པོ་བྱུང༌། དེ་འདྲ་ཡིན་དུས་དེ་གར་ཡོད་པའི་ཤུལ་ལུས་སེར་སྐྱ་ཚང་མ་ལ་སྙིང་ནས་ཐུགས་གསོའི་འཚམས་འདྲི་ཞུ་རྒྱུ་དང༌། ད་ལྟ་ང་རང་འབུལ་སྡེ་ལ་དང་རྟ་དབང་ཁུལ་དུ་མི་མང་ཚོའི་ཆེད་དུ་མཆོད་འབུལ་བྱེད་ཡ་དང་ཆོས་ཕྱོགས་ཀྱི་ལས་རིམ་ཁག་ལ་འགྲོ་བཞིན་པ་ཡིན། གནས་ཚུལ་དེ་གོ་མ་ཐགས་ཁུལ་དེ་ཡོད་པའི་དགོན་སྡེ་ཁག་དང་བཤད་སྒྲ་ཚང་མའི་ནང་ཐུགས་སྨོན་གནང་ཡ་དང༌། ལྷག་པར་དུ་སྐྱབས་རྗེ་མཁན་ཆེན་རིན་པོ་ཆེ་དབུ་བཞུགས་ཐོག་ཚེ་ལས་འདས་པ་དེ་ཚོའི་ཆེད་དུ་ཐུགས་སྨོན་གནང་ཡ་དེ་འདྲའི་གྲ་སྒྲིག་གནང་རོགས་གནང་ཞེས་འབོད་སྐུལ་བྱས་ཡོད།

ང་རང་འདིར་མི་མང་ཚོ་ལ་ཆོས་འབྲེལ་བྱེད་བཞིན་པ་ཡིན་དུས་ཆོས་འབྲེལ་གང་འདྲའི་ཐོག་ནས་ཡིན་རུང་སེར་སྐྱ་མི་མང་ཚོ་དང་ལྷན་དུ་ཐུགས་སྨོན་མ་ཎི་སོགས་སྨོན་ལམ་བྱེད་བཞིན་ཡོད།

མ་ཚད་ཚེ་ལས་འདས་པ་དེ་ཚོའི་བར་དོ་འཇིགས་སྐྲག་ལས་གྲོལ་བ་དང༌། དེ་བཞིན་ཤུལ་དུ་ལུས་པ་དང་རྨས་པ་དེ་ཚོའི་སེམས་སུ་སྡུག་བསྔལ་དང་དངངས་སྐྲག་ཞི་བར་བྱེད་པའི་སྨོན་ལམ་དང༌། ཆོས་སྐྱོང་ཁག་ལ་འཕྲིན་བཅོལ་བྱེད་ཡ་སོགས་གང་ཐུབ་ཅིག་བྱེད་བཞིན་ཡོད།

སྤྱིར་འདིར་ཡོད་པའི་བོད་མི་རྣམས་ལའང་སེམས་ལ་སྡུག་བསྔལ་དང་དངངས་སྐྲག་དེ་འདྲ་ཡོད་པ་རེད་དེ། གལ་ཆེ་ཤོས་དེ་ལྷག་དང་བླ་མའི་ཐུགས་རྗེ་ལ་བརྟེན་ནས་བསྔོ་བ་སྨོན་ལམ་བྱེད་རྒྱུ་དེ་གལ་ཆེ་ཤོས་རེད་ཅེས་གསུངས་སོང༌།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
དངོས་ཉིད་གནས་ཚུལ་གསར་པ་ཡག་པོ་ཞིག་གཞི་ནས་ཐོས་བྱུང་ཐུགས་རྗེ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།