རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་རོགས།


བོད་ཁམས་ཡུ་ཤུའི་མི་མང་གིས་ཧུའུ་ཅིང་ཐོ་དང་ཝུན་ཅ་པོ་ལ་ཞུ་འཕྲིན་གཤམ་གསལ།
གཙོ་འཛིན་ཧུའུ་དང་ཝོན་ཅ་པོ་ལགས། སྐུ་ཁམས་བཟང༌། ང་ཚོར་ས་ཡོམ་གྱི་གོད་ཆག་བྱུང་སྐབས་ཁྱེད་དབུས་གཞུང་གིས་ཐོག་མར་འབྲེལ་ཡོད་དཔོན་དམག་དང་སྤྱི་ཚོགས་གང་སའི་ནུས་ཤུགས་གཏོང་གནང་ནས་ང་ཚོར་རོགས་སྐྱོར་གནང་བར་སྙིང་ཐག་པ་ནས་སྲིད་གཞུང་གི་བཀའ་དྲིན་ཚོར་ཤེས་ཡོད། འོན་ཀྱང་ང་ཚོ་ནི་ཆོས་ལུགས་ལ་དད་པ་ཡོད་མཁན་རིགས་ཚོགས་ཤིག་ཡིན་པ་དང༌། མི་རབས་ནས་མི་རབས་བར་སངས་རྒྱས་དང་རྒྱལ་བ་རིན་པ་ཆེར་དད་པ་ཡོད་པ་རེད།

ཐེངས་འདིར་ང་ཚོའི་ལུས་སེམས་གཉིས་ལ་འདི་ལྟ་བུའི་སྡུག་བསྔལ་མྱོང་བའི་འོག་ནས་རྒྱལ་བ་རིན་པོ་ཆེ་གང་མགྱོགས་མྱུར་དུ་ས་ཡོམ་གྱི་གནད་དོན་བྱུང་བའི་ས་ཁུལ་དུ་ཕེབས་ཏེ་ཤི་པོ་རྣམས་ལ་བསྔོ་སྨོན་གསུངས་ནས་ང་ཚོའི་སྡུག་བསྔལ་གྱི་ཡིད་ལ་སེམས་གསོ་དགོས་པའི་འདུན་མ་ཧ་ཅང་ཆེ་བས། གཙོ་འཛིན་ཧུའུ་ཅིང་ཐོ་དང་ཝུན་ཅ་པོ་རྣམ་གཉིས་ཀྱིས་ང་ཚོར་སྙིང་རྗེ་ཆེན་པོ་སྒོམ་སྟེ་ཅི་ནས་ཀྱང་གོད་ཆག་ཕོག་པའི་མི་མང་རྣམས་ཀྱི་རེ་སྨོན་བསྐོང་ཐབས་མཛོད། སྡུག་བསྔལ་གྱིས་མནར་བཞིན་པའི་ང་ཚོའི་མི་མང་གིས་དབུས་གཞུང་ནས་ཐོག་མར་དེ་སྔོན་གཞུང་དང་རྒྱལ་བ་རིན་པོ་ཆེ་དབར་གྱི་བདེ་སྡུག་དེ་ཚོ་དོར་ནས་ང་ཚོར་བསམ་བློ་རེ་གཏོང་རོགས་ཞུ།

ང་ཚོས་གོང་ས་རྒྱལ་བ་རིན་པོ་ཆེ་འདི་ཕེབས་ཏེ་ཤོ་ཕོ་རྣམས་ཀྱི་ཆེད་དུ་ཐུགས་བསྐྱེད་བསྔོ་སྨོན་གནང་རོགས་ཞུ་རྒྱུ་ཁོ་ནར་ཡིན་པ་ལས་དམིགས་ཡུལ་གཞན་གང་ཡང་མེད། ང་ཚོར་རྒྱལ་བ་རིན་པོ་ཆེ་དངོས་སུ་ཕེབས་ནས་སྨོན་ལམ་འདེབས་པར་ཁོ་ནས་ང་ཚོའི་སྡུག་བསྔལ་སེམས་ཀྱི་རྨ་ཁ་སོས་ཐུབ་རེ་ལས། གཞན་ཐབས་ཤེས་ལེགས་ཤོས་གང་ཡང་མེད་པ་རེད།
ཅེས་འཁོད་ཡོད་པ་རེད།
མཆན་།  རྩོམ་འདི་ནི་བོ་ཞུན་རྒྱ་ཡིག་དྲ་ལམ་http://news.boxun.com/news/gb/china/2010/04/201004160551.shtmlནས་ཕབ་བསྒྱུར་བྱས།



གཤམ་གྱི་གདམ་བྱང་ཁག་ལ་བསྣུན་ནས་སྤེལ་རོགས།
Reddit! Del.icio.us! Mixx! Free and Open Source Software News Google! Live! Facebook! StumbleUpon! TwitThis Joomla Free PHP

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།