དཔལ་གཤེན་བསྟན་སྨན་རི་གླིང་དུ་ཐུགས་སྨོན་གནང་བཞིན་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༦ཉིན། བོད་མི་མང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པར་ལྟར་ན། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་ཁོངས་སུ་ཆགས་པའི་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་ཉེ་ཆར་སྐྱེ་རྒུ་མདོའི་ས་ཡོམ་ཁྲོད་རྐྱེན་འདས་སུ་ཕྱིན་པ་རྣམས་ཀྱི་ཆེད་《བདེར་གཤེགས་སྨོན་ལམ་མཐའ་ཡས་》ཀྱི་དཀྱིལ་འཁོར་ཞལ་ཕྱེས་ནས་དམིགས་བསལ་ཉིན་ཚོགས་གནང་བཞིན་ཡོད་འདུག་པ་དང། གཡུང་དྲུང་བོན་གྱི་དབུ་ཁྲིད་བླ་ཆེན་༸སྐྱབས་རྗེ་སྨན་རིའི་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་ཀྱང་འདས་གྲོངས་སུ་ཕྱིན་པ་རྣམས་ལ་ཐར་པ་རྫོགས་བྱང་གི་གོ་འཕང་ཐོབ་ཕྱིར་ཐུགས་སྨོན་དང་། རྐྱེན་ངན་གོད་ཆག་འཕྲད་བཞིན་པ་རྣམས་རྐྱེན་ཆག་ལས་གྲོལ་ཕྱིར་ཐུགས་བསྐྱེད་སྨོན་ལམ་གནང་བཞིན་ཡོད་འདུག

དེ་རྗེས་དབུས་གཡུང་དྲུང་བོན་འཛིན་སྐྱོང་ལྷན་ཚོགས་ཀྱི་ཟུང་དྲུང་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་སུ་དཔལ་སྨན་རི་གླིང་དུ་མཆོད་འབུལ་དང་། གཞན་ཡང་ཁོང་ནི་ཕ་ཡུལ་སྡེ་དགེ་འཇོ་མདའ་ནས་ཡིན་པ་དང་། ཁོང་གི་གཉེན་འབྲེལ་མང་པོ་ཞིག་ཀྱང་ས་ཡོམ་ཁྲོད་རྐྱེན་འདས་སུ་ཕྱིན་པ་གོ་ཐོས་བྱུང་བས་ཁ་པར་བརྒྱུད་གནས་ཚུལ་དེ་དག་གི་སྐོར་བཀའ་འདྲི་ཞུས་སྐབས།

ཁོང་གིས་ཁ་སང་ཞོགས་པར་ང་ཚོས་ཡར་མར་ཁ་པར་བརྒྱུད་ནས་ས་ཡོམ་དེ་འདྲ་བརྒྱབ་པ་གོ་བྱུང་བས། ལམ་སེང་ང་རང་སྨན་རིའི་ཁྲི་འཛིན་རི་པོ་ཆེའི་དྲུང་དུ་ཡར་བཅར་བ་ཡིན་པས། ཁོང་གིས་ང་ཚོས་ལམ་སེང་ཐུགས་སྨོན་དེ་འདྲ་བྱེད་དགོས་པ་རེད་གསུངས་བྱུང་། དེ་རྗེས་ང་ཚོའི་དགོན་པའི་འགྲམ་དུ་བཙུན་མའི་དགོན་པ་ཡོད་པ་རེད། ང་ཚོས་ཁ་སང་སྨོན་ལམ་དེ་འདྲ་ཚོགས་པ་ཡིན། ང་ཚོས་ཆོལ་གའི་དཀྱིལ་འཁོར་ཞལ་ཕྱེས་ནས་སྒང་གི་དགོན་པ་དང་འོག་ནས་བཙུན་དགོན་གཉིས་ཀས་རྐྱེན་ཆགས་ཐེབས་པ་དེ་ཚོའི་ཆེད་ཚོགས་དང་མཆོད་འབུལ་དེ་འདྲ་བྱེད་བཞིན་ཡོད། སྐབས་དེར་མཆོད་འབུལ་དང་ཐུགས་སྨོན་གནང་མཁན་ཁྱོན་གྲྭ་པ་ཞལ་གྲངས་༤༥༠ལྷག་ཙམ་དང་། བཙུན་མ་གྲངས་༥༠ཙམ་ཡོད་ཅེས་དང་། ཡང་ཁོང་གིས་སྤྱིར་ང་ཚོའི་གྲོང་པ་ནས་ཀྱང་ངོ་ཤེས་པ་དྲུག་བཙུན་ཙམ་བསད་སོང་ཟེར་གོ་བྱུང་། འོན་ཀྱང་ས་ཡོམ་བརྒྱབ་ཚར་རྗེས་མི་མང་པོས་སྡོད་གུར་སོགས་ཁྱེར་ནས་རིའི་སྒང་ལ་ཡར་བྲོས་ནས་འགྲོ་ཚར་འདུག་ཟེར། དེ་བརྟེན་ད་ལྟར་བར་དུ་ཁྱོན་མི་གྲངས་ག་ཚོད་ཙམ་ཞིག་བསད་ཡོད་མེད་གྲངས་ཀ་གསལ་པོ་མི་འདུག་ཅེས་གསུངས་བྱུང་།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༧༢༠༡༠༠༨༣༡
བོད་ལ་རང་བཙན་མེད་ན་རྒྱ་མིས་ང་ཚོས་གཏེར་ཁ་རྣམས་བླངས་ཚར། དེང་སང་གི་ཆགས་འཇུག་འདི་ཡང་གཏེར་བྱུང་བ་ཡིན།



བརྗོད་གཞི་གཞན་ཁག་ལ་གཟིགས།