དགོངས་ཚུལ།

དཔལ་༧ས་སྐྱའི་ཆོས་སྒར་དུ་ཐུགས་གསོའི་སྨོན་ལམ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༥ཉིན། དེ་རིང་ཞོགས་པ་བོད་ནང་ལོག་གི་རང་འབྱུང་གིས་གནོད་པ་འོག་བོད་མི་བརྒྱ་ཕྲག་ཁ་ཤས་ཚེ་སྲོག་ཤོར་བས་ཡིད་སྐྱོ་བའི་གནས་ཚུལ་ཐོས་མ་ཐག་འདི་གར་གྱེས་ཀྱི་གདན་ས་དཔལ་ས་སྐྱའི་ཆོས་སྒར་དུ་ས་སྐྱའི་སྒྲོལ་མ་ཕོ་བྲང་གི་སྐྱབས་རྗེ་༧གོང་མ་འཁོན་གདུང་སྐུ་བགྲེས་གཞོན་རྣམ་གཉིས་དབུ་བཞུགས་ཐོག་བླ་སྤུལ་དགེ་འདུན་གསུམ་བརྒྱ་ལྔ་བཅུ་ལྷག་གིས་སྨོན་ལམ་གསུང་སོང༌།

སྐབས་དེ་སྐྱབས་རྗེ་༧གོང་མ་འཁོན་གདུང་སྐུ་བགྲེས་རིན་པོ་ཆེས་ཐུགས་ཕམ་དང་བཅས་བཀའ་སྩལ་དོན། དེ་རིང་སྔ་དྲོ་ཁམས་སྐྱེ་དགུ་མདོར་འབྱུང་གཞིས་གནོད་འཚེར་འོག་མི་བརྒྱ་ཕྲག་མང་པོ་ཚེ་སྲོག་ཤོར་ཡོད་པ་རེད། དེར་བརྟེན་དགེ་འདུན་པ་ཚང་མས་དམིགས་པ་སྒྲིམ་སྟེ་འདས་པོ་དེ་རྣམས་ཀྱིས་ཚེ་རབས་ནས་བྱས་བསགས་སྡིག་ལྟུང་མ་ལུས་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་འཐོབ་ཐུབ་པའི་ཐུགས་སྨོན་ཞིག་གནང་རོགས་ཞེས་བཀའ་བསྩལ་སོང༌།

དེ་བཞིན་དུ་དྷེ་ར་དྷུན་མངའ་ཁུལ་དུ་ཡོད་པའི་ས་དགོན་ཁག་དང་བཙུན་དགོན་རིན་ཆེན་ཆོས་གླིང་བཅས་སོ་སོར་ཡིད་སྐྱོ་བའི་གནས་ཚུལ་དེ་ཐོས་ཕྲལ་ཞབས་རིམ་དང་སྨོན་ལམ་ཚོགས་བཞིན་པ་རེད་འདུག

གནས་ཚུལ་མཁོ་སྤྲོད་གནང་མཁན་ས་སྐྱ་མ་དགོན་ནས་དགྲ་བཅོམ་པ་ཆོས་སྐྱབས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
2 ༠༢༢༠༡༠༡༤༡༧
འདས་པོ་དེ་རྣམས་ཀྱི་ཆེད་ཞེས་སྐྱར་དུ་ནོར་བཅོས་གནང་རོགས་ཞུ།
1 ༠༢༢༠༡༠༡༤༡༦
འདས་དོ་དེ་རྣམས་ཀྱིས་ཚེ་རབས་ནས་བྱས་བསགས་སྡིག་ལྟུང་མ་ལུས་བྱང་ཞིང་དག་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་འཐོབ་ཐུབ་པའི་ཐུགས་སྨོན་ཞིག་ནོར་བཅོས་གནང་དགོས་རྒྱུ་དང་བདག་ཆེན་འཁོན་གདུང་སྐུ་བགྲེས་རིན་པོ་ཆེས་བཀའ་སྩལ་དོན་བཅས་ནོར་བཅོས་གནང་དགོས་འདུག གང་ཡིན་ཟེར་ན་འདིའི་འདྲ་བཤུས་ཤིག་དུས་བབ་སྒང་འདུག་དེའི་ནང་འདི་ལྟར་གསལ་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།