ཛ་དྲག་གི་གནས་ཚུལ་དང་ཆོས་རིག་ལས་ཁུངས་ཀྱིས་བསྔོ་སྨོན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༥ཉིན། ཁ་སང་ཡུལ་ཤུལ་ཁུལ་དུ་ས་ཡོམ་སྐོར་རིམ་བཞིན་གནས་ཚུལ་ཤེས་རྟོགས་བྱུང་བར་ལྟར་ན། ས་ཡོམ་གྱི་རིམ་པ་དེ་༨་༤དང༌། སྡོད་ཁང་སྟོང་ཕྲག་ཁ་ཤས་ཞིབ་རལ་བཏང་ཡོད་པས་མ་ཚད། མི་༡༠༠༠༠ཙམ་རྨས་སྐྱོན་ཐོག མི་གྲངས་༤༠༠ལྷག་ཙམ་རྐྱེན་ལམ་དུ་བཏང་ཡོད་འདུག

ཐེངས་འདིའི་ས་ཡོམ་དེས། ཞིང་འབྲོག་མི་མང་གི་སྡོད་ཁང་ཙམ་མ་ཟད། དགོན་པ་དང༌། སློབ་གྲྭ། དེ་བཞིན་རྒྱ་གཞུང་གི་ལས་ཁུངས་ཁག་དང༌། ཐ་ན་བཙོན་ཁང་ཞིག་ཀྱང་ཞིབ་རལ་དུ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

དེར་བརྟེན་དེ་རིང་སྔ་དྲོ་ཆུ་ཚོད་༩ཐོག་བཞུགས་སྒར་དྷ་རམ་ས་ལར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་གཞུང་ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་འོག བོད་གཞུང་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་ཀྱིས་གཙོས་གྲྭ་བཙུན་དང་མི་མང་སོགས་ཁྱོན་མི་གྲངས་སྟོང་ཕྲག་ལྷག་ཙམ་འདུ་འཛོམས་ཐོག འདས་པོ་དེ་དག་ཆེད་དུ་བསྔོ་སྨོན་དང༌། མར་མེ་མཆོད་འབུལ་སོགས་བྱེད་བཞིན་ཡོད་པ་རེད།
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
http://www.youtube.com/user/Zwilling2007#p/a/u/0/dERkbnMFmkA སྤྱི་ལོ་ ༢༠༡༠ ལོའི་ཟླ་བ ༤ ཚེས་ ༡༤ ཉིན་བོད་མདོ་ཁམས་ཡུལ་ཤུལ་ཁུལ་དུ་ས་ཡོམ་ཤུགས་ཚད་ ༦་༩ ཅན་རྒྱབ་ནས་མི་ཟོག་མང་པོར་ཤི་རྨས་བྱུང་བར་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དབུ་བཞུགས་ཐོག འཕགས་ཡུལ་བྱང་ཆུབ་གླིང་གི་འདུས་སྡེ་གྲྭ་ཚང་དང་། བཤད་གྲྭ། བཙུན་དགོན་ཐུན་མོང་ནས་འབྲི་གུང་འཕོ་བ་དང་སྨོན་ལབ་བསྐྱངས་གཟུགས་མཐོང་པར་རིས།
2 ༡༥༢༠༡༠༡༡༢༦
རྫོགས་ཆེན་རིན་པོ་ཆེས་དབུ་ཁྲིད་པའི་ང་ཚོ་ཤྲྰི་སེང་ཆོས་གྲྭའི་དགེ་འདུན་པ་ཉིས་བརྒྱ་ལྷག་ཡེ་ཤུལ་ས་ཁུལ་གྱི་ས་ཡོམ་ཁྲོད་གནོད་འཚེ་ཐེབས་པའི་བོད་མི་རྣམས་ལ་རོགས་སྐྱོར་བྱེད་དུ་འགྲོ་རྩིས་ཡོད། གོ་ཐོས་སུ་ས་དེ་གའི་ཡུལ་མིའི་ཁང་པ་བརྒྱ་ཆ་གོ་ལྔ་ཙམ་གཏོར་རླགས་ཏུ་ཕྱིན་ཡོད་པ་དང་། མི་གྲངས་སྟོང་གཅིག་ལྷག་འདས་རྐྱེན་དུ་ཕྱིན་ཡོད་ཚོད་འདུག ཡེ་ཤུལ་གྱི་ཉེ་སྐཽར་དུ་ཡོད་པའི་དགོན་ཁག་དག་གི་དགེ་འདུན་པ་དང་། ཐེངས་འདིར་གནོད་འཚེར་མ་སྐྱོན་པའི་ཉེ་སྐོར་གྱི་མི་སེར་དག་མྱུར་དུ་ཡེ་ཤུལ་ལ་སོང་ནས་རོགས་སྐྱོར་དགོས་པ་གལ་གནད་དུ་བཟུང་བའི་རེ་འབོད་སྙིང་ནས་ཞུ།
སྤྱི་ཟླ་བཞི་པའི་ཚེས་བཅུ་བཞི་ཉིན་གྱི་ནང་མོ་ཆུ་ཚོད་བདུན་དང་སྐར་ཞེ་དགུའི་སྟེང་ཁམས་ཡེ་ཤུལ་དུ་ས་འགུལ་ཨང་རིམ་བདུན་དང་སྐར་གཅིག་བྱུང་ཞིང་། རྒྱ་གཞུང་གིས་སྤྱི་བསྒྲགས་བྱས་པ་ལྟར་ན་མི་༧༠༠ལྷག་དང་བརྒྱད་སྟོང་ལྷག་ཙམ་རྨས་སྐྱོན་བྱས་འདུག་ལ། མང་ཆེ་བ་བོད་མི་རེད་འདུག
གཞན་ཡང་བོད་ཁམས་ཕྱོགས་ཀྱི་དགོན་ཆེན་སྡེ་དགེ་རྫོགས་ཆེན་དགོན་དང་། གསེར་རྟ་བླ་རུང་སྒར། སེར་ཤུལ་དགོན། རྫ་སྟོད་ལྕང་མ་སྒར་སོགས་ཀྱི་བླ་གྲྭ་རྒྱ་ཕྲག་མང་པོ་ས་ཆ་དེར་སླེབས་ནས་ས་དེ་གའི་མི་མང་རྣམས་ལ་རོགས་སྐྱོར་བྱེད་བཞིན་འདུག



བརྗོད་གཞི་གཞན་ཁག་ལ་གཟིགས།