ས་ཡོམ་གྱིས་གོད་ཆགས་ལ་བོད་གཞུང་བཀའ་ཤག་གི་སེམས་གསོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས༡༥ཉིན། བཙན་བྱོལ་བོད་གཞུང་བཀའ་ཤག་གིས་སྐྱེ་རྒུ་མདོ་གཙོ་བོར་གྱུར་བའི་བོད་བྱང་ཤར་མདོ་ཁམས་ས་ཁུལ་ཁག་གཅིག་ལ་ས་ཡོམ་གྱི་གོད་ཆག་ཕོག་པར་བློ་ཕམ་དང་སྙིང་ཐག་པ་ནས་མྱ་ངན་གྱི་གུས་འདུད་ཞུ་རྒྱུ་ཡིན།

བཙན་བྱོལ་བོད་གཞུང་བཀའ་ཤག་གིས་ས་ཡོམ་གྱི་གོད་ཆག་དེའི་འོག་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་རྗེས་ཤུལ་ནང་མི་སྤུན་མཆེད་རྣམས་ལ་སྙིང་ཐག་པ་ནས་སེམས་གསོ་ཞུ་རྒྱུ་དང༌། གོད་ཆག་ཕོག་པའི་མི་མང་ཚོར་དུས་ཐོག་རོགས་རམ་གྱི་མཐུན་འགྱུར་ཐོབ་རྒྱུར་སྨོན་ལམ་ཞུ་བཞིན་པ་མ་ཟད། རང་བྱུང་གི་གོད་ཆག་ཕོག་པ་དེར་སྙིང་སྟོབས་དང་ཞུམ་པ་མེད་པའི་ཐོག་ནས་གདོང་ལེན་གནང་རྒྱུའི་རེ་བ་ཞུ་བཞིན་ཡོད་ཅེས་འཁོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༡༥༢༠༡༠༡༡༤༤
བོད་ཁུལ་ལ་དཀའ་ཚག་དང་སྡུག་བསྔལ་གྱི་ཉག་འཕྲ་བའི་སྐངས་སུ་སེམས་གསོ་དང་ཐུག་ཁུར་གནང་བར་བཀའ་དྲིན་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།