དགོངས་ཚུལ།

ལྷོ་ཕྱོགས་དགོན་སྡེ་ཁག་གི་བསྔོ་སྨོན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༤ཉིན། དེ་རིང་ཕྱི་དྲོ་ཆུ་ཚོད་དྲུག་ཐོག་ལྷོ་ཕྱོགས་ཁུལ་གྱི་བོད་ཀྱི་དགོན་སྡེ་ཁག་གིས་བོད་ནང་རང་བྱུང་གནོད་ཚེ་ཕོག་པའི་བོད་མི་རྣམས་དང་གདུང་སེམས་མཉམ་བསྐྱེད་ཆེད་བསྔོ་སྨོན་བྱེད་བཞིན་པ་རེད།

ཟླ་འདིའི་ཚེས་༡༤ ཉིན་བོད་ནང་ཁམས་སྐྱེ་རྒུ་མདོ་སོགས་སུ་ས་ཡོམ་གྱི་གནོད་སྐྱོན་ཕོག་པའི་གནས་ཚུལ་ཐོས་པ་དང༌། རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མི་མང་གིས་སེམས་ཁུར་དང་དོ་སྣང་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག་ལ། ལྷག་པར་རྒྱ་ནག་གིས་གནོད་སྐྱོན་ཕོག་ཡུལ་ཁག་ཏུ་མྱུར་སྐྱོབས་དུས་ཐོག་ཏུ་བྱེད་ཀྱི་ཡོད་མེད་ལ་དོ་སྣང་ཡང་བྱེད་ཀྱི་འདུག དེ་བཞིན་སེར་སྨད་གྲྭ་ཚང་དང༌། རྫོགས་ཆེན་དགོན། སེར་བྱེས་གྲྭ་ཚང༌།  བཅས་ནས་ཕ་ཡུལ་བོད་དུ་ས་ཡོམ་གནོད་སྐྱོན་ཕོག་ཡུལ་གྱི་མི་མང་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཆེད་བསྔོ་སྨོན་བཞིན་ཡོད་པ་རེད།

 སེར་སྨད་དགེ་བསྐོས་ལགས་ཀྱིས་དགེ་འདུན་འདུས་མང་གི་དབུས་སུ་བོད་དུ་ས་ཡོམ་བྱུང་བའི་གནས་འགྱུར་སྒྲོག་སྦྱང་དང་བསྔོ་སྨོན་ཞུས་སོང་ལ། རྒྱ་ནག་གིས་བོད་དུ་ས་ཡོམ་གྱི་གནོད་སྐྱོན་བྱུང་ནས་ཆུ་ཚོད་བདུན་ཕྱིན་པའི་རྗེས་སུ་ཡང་མྱུར་སྐྱོབས་བྱེད་ཐུབ་མེད་པས་ལོ་སྔོན་མའི་སི་ཁྲོན་ས་ཡོམ་སྐབས་ཀྱི་གནས་ཚུལ་དང་བསྡུར་ན་བོད་ལ་མི་རིགས་དབྱེ་འབྱེད་བྱེད་ཀྱི་ཡོད་པའི་མཐོང་ཚུལ་བྱུང་བས་བློ་ཕམ་ཆེན་པོ་ཡོད་ཅེས་གསུང་སོང༌། སེ་ར་ཆོས་སྒར་ནས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།