ས་ཡོམ་ཁྲོད་གོད་ཆགས་ཐེབས་པར་བསྔོ་སྨོན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༡༤ཉིན། དེ་རིང་སྔ་དྲོ་ཆུ་ཚོད་ ༥།༠༠ ཐོག་ཁམས་ཡུལ་ཤུལ་སྐྱེ་རྒུ་མདོ་ཁུལ་དུ་ས་ཡོམ་ཁྲོད་མི་རྒྱུ་གཉིས་ལ་གོད་ཆགས་ཚབ་ཆེན་ཐེབས་ཡོད་པར་བརྟེན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ཐུགས་སྨོན་གསོལ་འདེབས་དང༌། ཉིན་རྒྱབ་ཆུ་ཚོད་ ༤།༣༠ ཐོག་དབུས་ལས་ཁུངས་ཁག་སྒོ་རྒྱབ་སྟེ་སྤྱི་ཐབ་ཡང་སྟེང་དུ་ལས་བྱེད་རྣམས་ཚང་འཛོམས་ཐོག་སྨོན་ལམ་ཞལ་འདོན་གནང་བཞིན་ཡོད་པ་རེད།

དེ་བཞིན་ཕྱི་དྲོ་ཆུ་ཚོད་༥དང་ཕྱེད་ཀ་ཐོག་བཞུགས་སྒར་དྷ་རམ་ས་ལར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མི་མང་དང་དགེ་འདུན་པ་མང་པོ་འདུ་འཛོམས་ཀྱིས་སྨོན་ལམ་གསོལ་འདེབས་དང༌། བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས། དགུ་བཅུ་གསུམ་ལས་འགུལ་ཚོགས་པ་སོགས་ཀྱིས་གོ་སྒྲིག་འོག་འདས་པོ་དེ་དག་གི་ཆེད་དུ་མར་མེ་མང་པོ་མཆོད་འབུལ་ཡང་བྱས་འདུག

གཞན་ཡང་ཁ་པར་བརྒྱུད་གནས་ཚུལ་འབྱོར་གསལ་ལྟར་ན། རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་དཔལ་ལྡན་འབྲས་སྤུངས་དགོན་པ་སོགས་དགོན་སྡེ་ཁག་གིས་ཀྱང་དེ་རིང་ཕྱི་དྲོ་དགེ་འདུན་པ་རྣམས་ཚོགས་འཛོམས་ཐོག་སྨོན་ལམ་དང་མཆོད་འབུལ་བྱ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།