བོད་ནང་གི་འབོར་ཉུང་དངུལ་བུན་ལས་ཁུངས་ཐོག་མ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ།  ཕྱི་ལོ་༢༠༡༠ཟླ་༤ཚེས་༡༢ཉིན། རྒྱ་ནག་གི་ཞིན་ཧྭ་གཞུང་འབྲེལ་དྲ་གནས་སུ་གནས་ཚུལ་ཐོན་གསལ་ལྟར་ན། ཟླ་འདིའི་ཚེས་༡༡ཉིན་བོད་ཀྱི་གྲོང་ཁྱེར་ལྷ་སར་ཡུད་རུང་ཞེས་པའི་འབོར་ཉུང་དངུལ་བུན་ཚད་ཡོད་ལས་ཁུངས་ཐོག་མ་དེ་དངོས་སུ་སྒོ་འབྱེད་བྱས་ཡོད་འདུག

དེ་ཡང་ཡུད་རུང་འབོར་ཉུང་དངུལ་བུན་ལས་ཁུངས་འདིའི་ནང་ཐོ་འགོད་མ་དངུལ་ཨ་སྒོར་ས་ཡ་༧.༣༣་ལྷག་འདུག་ལ། མ་དངུལ་དེ་ཚོ་ཆ་ཚང་སྒེར་གཉེར་ཁེ་ལས་པ་དང་མ་རྩ་འཇོག་མཁན་ཚོས་མཁོ་འདོན་བྱས་པ་ཞིག་ཡིན་པ་དང༌། ལས་ཁུངས་འདིས་བརྟན་འཇགས་ཀྱི་ལས་རིགས་དང་སྒེར་ལ་དབང་བའི་རྒྱུ་དངོས་སོགས་སྟོན་རྒྱུ་མེད་མཁན་རྣམས་ལ་དངུལ་བུན་གཡར་གྱིན་ཡོད་འདུག

ལས་ཁུངས་དེའི་མགྲིན་ཚབ་པས། ང་ཚོའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཆུང་འབྲིང་ཅན་གྱི་ཁེ་ལས་རིགས་ཡིན་མོད། ཞོར་དུ་ཞིང་འབྲོག་ཁེ་ལས་པ་ཉམ་ཐག་རྣམས་ལའང་དངུལ་བུན་གཡར་གྱིན་ཡོད། ང་ཚོའི་དམིགས་ཡུལ་གཞན་གཅིག་ནི་ས་ཁུལ་འདིའི་མང་ཚོགས་དབུལ་ཕོངས་ཅན་རྣམས་ཀྱི་འཚོ་བའི་ཆུ་ཚད་གོང་མཐོར་གཏོང་རྒྱུ་དེ་ཡིན། ཞེས་ཟེར།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།