རི་རྩེའི་རི་མོ་འགྲེམས་སྟོན་ཁང་གསར་དུ་སྒོ་འབྱེད་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༤ཚེས་༣ཉིན། ཁ་སང་ཕྱི་དྲོར་རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལར་བོད་ཀྱི་རིག་གཞུང་དང༌། ནང་ཆོས། དེ་བཞིན་ད་ལྟའི་བོད་ནང་གི་ཆབ་སྲིད་ཀྱི་གནས་བབས་སོགས་འབུར་དུ་མཚོན་པའི་དེང་རབས་རི་མོ་འགྲེམས་སྟོན་ཁང་༼རི་རྩེའི་རི་མོ་༽ཞེས་པ་ཞིག་དངོས་སུ་སྒོ་འབྱེད་བྱས་པ་དང་སྦྲགས། གསར་འགོད་གསལ་བསྒྲགས་ཤིག་ཀྱང་ཞོར་དུ་སྐོང་ཚོགས་བྱས་སོང༌།

རི་རྩེའི་རི་མོ་འགྲེམས་སྟོན་ཁང་གི་འགན་འཛིན་ནམ་གསར་འཛུགས་མཁན་བུ་མོ་སའ་རའ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཐོག་བརྗོད་དོན། ད་ལྟ་དྷ་རམ་ས་ལ་རང་ཉིད་ཀྱི་དེང་རབས་རི་མོ་འགྲེམས་སྟོན་ཁང་ཐོག་མ་དེ་ཡོད་འགོ་ཚུགས་པ་རེད། ང་ཚོས་འགྲེམས་སྟོན་ཁང་འདིའི་རི་མོའི་སྒྱུ་རྩལ་བརྒྱུད་དེ་བོད་ཀྱི་ཆོས་དང་ལེགས་བྱང༌། དེ་མིན་ད་ལྟའི་བོད་ནང་གི་ཛ་དྲག་པའི་གནས་བབས་སོགས་འགྲེལ་བརྗོད་དང་དྲིལ་སྒྲོག་བྱ་འདོད་ཡོད། བཙན་བྱོལ་བོད་མིའི་སྤྱི་ཚོགས་འདི་གནས་པ་ཙམ་མིན་པར་འཛམ་གླིང་སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་རྒྱུ་ཤིན་ཏུ་ནས་གལ་ཆེན་པོ་རེད། འདི་ལྟ་བུའི་བསམ་ཕྱོགས་དང་ཀུན་སློང་ཁུར་ཏེ་ང་ཚོས་ལས་གཞི་འདི་འགོ་བརྩམས་པ་ཡིན། ཞེས་ཟེར༌།

བཙན་བྱོལ་བོད་ཀྱི་དེང་རབས་རི་མོ་བ་བསྟན་འཛིན་གྲགས་པ་དང༌། བློ་བཟང་རྡོ་རྗེ། བསྟན་འཛིན་དགའ་བ། བསོད་ནམས་དབང་ཕྱུག་བཅས་ཀྱི་སྣུམ་ཚོན་དང༌། ཆུ་ཚོན། སྡེབ་ཚོན་རི་མོ་བཅས་རི་མོའི་སྒྱུ་རྩལ་ཁག༡༤ད་ལྟའི་ཆར་རི་རྩེའི་རི་མོ་འགྲེམས་སྟོན་ཁང་ནང་འགྲེམས་འཇོག་བྱས་ཡོད་འདུག

གོང་གསལ་གྱི་འགྲེམས་སྟོན་ཁང་འདིས་སྤེལ་བའི་གསལ་བསྒྲགས་ནང༌། རི་རྩེའི་རི་མོ་འགྲེམས་སྟོན་ཁང་ནི་སྤྱི་ཚོགས་ཞབས་ཞུའི་ལས་སྒྲུབ་གཞི་རྩར་དམིགས་ཏེ། འཛམ་གླིང་ཡུལ་སྐོར་བ་རྣམས་ལ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁྱད་དུ་འཕགས་པའི་གསར་གཏོད་རང་བཞིན་དྲིལ་སྒྲོག་དང་ཁྱབ་སྤེལ་བྱེད་རྒྱུ་ཡིན། ཞེས་བཀོད་ཡོད་འདུག

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།