དགོངས་ཚུལ།

བོད་གཞུང་ཟློས་སྒར་དུ་ཞོ་སྟོན་ཐེངས་༡༥པ་སྲུང་བརྩི།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༧ཉིན། དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལའི་བོད་གཞུང་ཟློ་གར་ཁང་དུ། བོད་ཀྱི་སྲོལ་རྒྱུན་གྱི་བྱེད་སྒོ་ཞིག་སྟེ་ཞོ་སྟོན་ཐེངས་༡༥པ་དེ་འཁྲབ་སྟོན་གཟིགས་འབུལ་ཞུས་སོང་ལ། སྐབས་དེར་སྐུ་མགྲོན་གཙོ་བོར་སྒྲུབ་རྒྱུད་བསྟན་པའི་སྲོག་ཤིང་༧དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་ཆིབས་བསྒྱུར་གནང་ཡོད་པ་རེད།

འདི་ལོ་བཙན་བྱོལ་དུ་བོད་གཞུང་ཟློས་གར་ཚོགས་པ་དབུ་བརྙེས་ནས་མི་ལོ་༥༠ཧྲིལ་པོ་འཁོར་བའི་དུས་དྲན་དང་སྟབས་བསྟུན། བོད་ཀྱི་ཞོལ་སྟོན་རྒྱས་པ་ཐེངས་༡༥པ་དེ་ཕྱི་ལོ་༢༠༡༠ཟླ་༣ཚེས་༢༧ཉིན་བོད་གཞུང་ཟློས་གར་ཁང་དུ་དབུ་འཛུགས་ཀྱིས་ཟླ་༤ཚེས་༦བར་ཁྱོན་ཉིན་གྲངས་༡༠རིང་འཁྲབ་སྟོན་དང་སྲུང་བརྩི་ཞུ་རྒྱུ་རེད་འདུག

དེ་རིང་སྔ་དྲོ་ཆུ་ཚོད་༩ཐོག་བོད་གཞུང་ཟློས་གར་ཚོགས་པས་ཟློས་གར་འཁྲབ་སྟོན་དང་ལྷན་དུ་༧དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་ཕེབས་བསུ་དང༌། དེ་རྗེས་བོད་གཞུང་ཟློས་གར་གྱི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ་ལགས་ནས་མཎྜལ་རྟེན་གསུམ་འདེགས་འབུལ། གཞན་ཡང་བོད་ཀྱི་ལྷ་མོའི་འཁྲབ་གཞུང་སྲོལ་གཏོད་པ་པོ་གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་སྐུ་བརྙན་གདན་འདྲེན་དང༌། ཟློས་གར་སྤྱི་ཁྱབ་འགན་འཛིན་མཆོག་ནས་དུས་སྟོན་ངོ་སྤྲོད་དང་ལས་བསྡོམས་སྙན་སེང་ཞུས་སོང༌།

ཐེངས་འདིར་བོད་གཞུང་ཟློ་གར་ཙམ་མ་ཟད་དམིགས་བསལ་བལ་ཡུལ་སོགས་རྒྱ་གར་གྱི་ས་གནས་གཞན་ཁག་ནས་ཀྱང་ལྷ་མོའི་ཚོགས་པ་མང་པོ་ཞིག་ཕེབས་འདུག་པས། འཁྲབ་སྟོན་པ་དེ་དག་གིས་རྒྱ་གར་ཧི་མ་ཅལ་མངའ་ཁོངས་སུ་ཡོད་པའི་བོད་པའི་སློབ་གྲྭ་ཁག་ཅིག་ལའང་རིན་མེད་ཐོག་གཟིགས་འབུལ་ཞུ་འཆར་ཡོད་འདུག

གཟིགས་འབུལ་གྱི་འཁྲབ་སྟོན་གཙོ་བོ་ནི་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་དང༌། དེ་བཞིན་གྲུབ་ཐོབ་ལྕགས་ཟམ་པ་ཐང་སྟོན་རྒྱལ་པོ་མཆོག་ནས་སྲོལ་གཏོད་པའི་བོད་ཀྱི་ལྷ་མོའི་ཁྲབ་གཞུང་ཁག་བརྒྱད་ནང༌། ༡སྣང་ས་འོད་འབུམ་དང༌། གཟུགས་ཀྱི་ཉི་མ། འགྲོ་བ་བཟང་མོ། ཆོས་རྒྱལ་ནོར་བཟང༌། གཅུང་པོ་དོན་ཡོད་དོན་གྲུབ། པདྨ་འོད་འབར། ཆོས་རྒྱལ་དྲི་མེད་ཀུན་ལྡན་སོགས་རེད་འདུག

དེ་ཡང་ཟླ་འདིའི་ཚེས་༢༧རེས་གཟའ་སྤེན་པ་ཉིན་དང་པོར་བོད་གཞུང་ཟློས་གར་ཁང་དུ་བོད་གཞུང་ཟློས་གར་དབུས་ལྷན་ཚོགས་ཁག་དགུ་ནས་ལྷ་མོའི་འཁྲབ་གཞུང་གཟིགས་འབུལ་སྐར་མ་༣༠ར་འབུལ་ལམ་ཞུས་པ་དང༌། ཉིན་གཉིས་པ་རེས་གཟའ་ཉི་མ་ཉིན་མ་སུ་རི་བོད་ཁྱིམ་སློབ་གྲྭ་ནས་དྷ་ཤོས་བོད་ཁྱིམ་སློབ་གྲྭ་རུ་ལྷ་གཞུང་སྣང་ས་འོད་འབུམ་གཟིགས་འབུལ་ཞུ་རྒྱུ་དང་། ཉིན་གསུམ་པ་རེས་གཟའ་ཟླ་བ་ཉིན་ཀ་སྦུག་ལྷ་མོའི་ཚོགས་པ་ནས་སུ་ཇ་བོད་ཁྱིམ་སློབ་གྲྭ་རུ་ལྷ་གཞུང་གཟུགས་ཀྱི་ཉི་མ་གཟིགས་འབུལ་ཞུ་རྒྱུ། ཉིན་བཞི་པ་རེས་གཟའ་མིག་དམར་ཉིན་བལ་ཡུལ་ལྷ་མོ་ཚོགས་པ་ནས་ཅོན་ཏ་ར་བོད་ཁྱིམ་སློབ་གྲྭ་རུ་ལྷ་གཞུང་མི་ལ་རས་པ་གཟིགས་འབུལ་ཞུ་རྒྱུ། རེས་གཟའ་ལྷག་པ་ཉིན་ངལ་གསོ་དང༌། ཉིན་ལྔ་པ་རེས་གཟའ་ཕུར་བུ་ཉིན་མན་སྤར་ལྷ་མོའི་ཚོགས་པ་ནས་ཤེས་རབ་དགའ་ཚལ་སློབ་གླིང་༼གསོག་སྒར༽དུ་ལྷ་གཞུང་འགྲོ་བ་བཟང་མོ་གཟིགས་འབུལ་ཞུ་རྒྱུ། ཉིན་དྲུག་པ་རེས་གཟའ་པ་སངས་ཉིན་སྦན་དྷ་ར་ལྷ་མོའི་ཚོགས་པ་ནས་གོ་པལ་པུར་བོད་ཁྱིམ་སློབ་གྲྭ་རུ་ལྷ་གཞུང་འགྲོ་བ་བཟང་མོ་གཟིགས་འབུལ་ཞུ་རྒྱུ། ཉིན་བདུན་པ་རེས་གཟའ་སྤེན་པ་ཉིན་མོན་གྷོ་ལྷ་མོའི་ཚོགས་པ་ནས་དྷ་སྟེང་བོད་ཁྱིམ་སློབ་གྲྭ་རུ་ལྷ་གཞུང་ཆོས་རྒྱལ་ནོར་བཟང་གཟིགས་འབུལ་ཞུ་རྒྱུ། ཉིན་བརྒྱད་པ་རེས་གཟའ་ཉི་མ་ཉིན་སྦེ་ཀོབ་ལྷ་མོའི་ཚོགས་པ་ནས་བོད་གཞུང་ཟློས་གར་ཁང་དུ་ལྷ་གཞུང་གཅུང་པོ་དོན་ཡོད་དོན་གྲུབ་གཟིགས་འབུལ་ཞུ་རྒྱུ། ཉིན་དགུ་པ་རེས་གཟའ་ཟླ་བ་ཉིན་ཨོ་རི་ས་ལྷ་མོའི་ཚོགས་པ་ནས་བོད་གཞུང་ཟློས་གར་ཁང་དུ་ལྷ་གཞུང་པདྨ་འོད་འབར་གཟིགས་འབུལ་ཞུ་རྒྱུ། ཉིན་བཅུ་པ་རེས་གཟའ་མིག་དམར་ཉིན་བོད་གཞུང་ཟློས་གར་ཚོགས་པ་ནས་བོད་གཞུང་ཟློས་གར་ཁང་དུ་ལྷ་གཞུང་ཆོས་རྒྱལ་དྲི་མེད་ཀུན་ལྡན་གཟིགས་འབུལ་བཅས་ཞུ་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༨༢༠༡༠༡༣༢༦
གང་ཡིན་ཡང་གོང་ལ་དྲི་དགོས་པ་ནི་མང་ཚོགས་མིན།།



བརྗོད་གཞི་གཞན་ཁག་ལ་གཟིགས།