བོད་མི་མང་སྤྱི་འཐུས་ཀྱིས་ཐུགས་གསོའི་འཚམས་འཕྲིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༤ཉིན། ཉེ་ཆར་བལ་ཡུལ་གྲོས་ཚོགས་ཀྱི་ཚོགས་གཙོ་དང་སྲིད་བློན་ཟུར་པ་སྐུ་ཞབས་ཀོ་རེ་ལ་མཆོག་འདས་གྲོངས་སུ་ཕྱིན་ཡོད་པ་དང༌། ཁ་སང་རེས་གཟའ་མིག་དམར་ཉིན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་འདས་པོའི་ནང་མིར་ཐུགས་གསོའི་འཚམས་འཕྲིན་ཞིག་ཕུལ་ཡོད་འདུག

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཞོན་རྒྱ་རི་སྒྲོལ་མའི་མཚན་ཐོག་ཏུ། སྐུ་ཞབས་ཀོ་རེ་ལ་མཆོག་འདས་གྲོངས་སུ་ཕྱིན་པ་དེ་ནི་བལ་ཡུལ་ཙམ་མིན་པར་མང་གཙོ་ལ་དད་འདུན་ཡོད་མཁན་ཚང་མའི་གྱོང་གུད་ཆེན་པོ་ཞིག་རེད། ཁོང་ནི་བལ་ཡུལ་མི་མང་གཅིག་པུར་ལྟ་སྐྱོང་གནང་མཁན་ཞིག་མ་ཡིན་པར་ང་ཚོ་མང་པོ་ཞིག་ལ་དབུགས་དབྱུང་གནང་མཁན་ཞིག་དང་། དེ་བཞིན་ཁོང་ཉིད་ནི་ང་ཚོའི་མང་གཙོ་དང་ལྷན་སྐྱེད་ཀྱི་ཐོབ་ཐང་ལ་འཐབ་རྩོད་གནང་མཁན་ཞིག་ཀྱང་རེད་ཅེས་འཚམས་འཕྲིན་ནང་བྲིས་ཡོད་འདུག

ཡང་ཚོགས་གཞོན་མཆོག་ནས་འཚམས་འཕྲིན་ནང་ཡིད་སྐྱོ་བའི་དུས་འདིར་ངས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚབ་ཞུས་ཏེ། དམ་པ་གང་ཉིད་ཀྱི་ནང་མི་དང༌། བལ་ཡུལ་གྱི་གྲོས་ཚོགས། དེ་བཞིན་བལ་ཡུལ་གྱི་མི་མང་བཅས་ལ་ལྷག་བསམ་ཟོལ་མེད་ཀྱིས་གདུང་སེམས་མཉམ་བསྐྱེད་དང་ཐུགས་གསོ་ཞུ་རྒྱུ་ཡིན།

ཉམས་ཐག་ལ་དགའ་ཞེན་དང་གཟིགས་སྐྱོང་གནང་མཁན་གང་ཉིད་ནི། བལ་ཡུལ་དུ་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས་རྒྱུན་དུ་དྲན་པར་འོས་པ་ཞིག་ཡིན། མཆོག་གསུམ་གྱི་བྱིན་རླབས་དེ་ཁྱེད་དང་ཁྱེད་ཕྱོགས་ཀྱི་མི་རྣམས་ལ་འཕོ་བར་སྨོན་ཞེས་གསུངས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།