བོད་རྒྱ་འབྲེལ་མོལ་ལས་དོན་ཚོཌ་ཆུང་གི་ཚོཌ་འདུ་ཐེངས་༢༡པ་དབུ་འཛུཌ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༣ཉིན། དེ་རིང་ཞོགས་པར་བཞུགས་སྒར་དྷ་རམ་ས་ལར་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་གི་ཚོགས་འདུ་ཐེངས་༢༡པ་དེ་དབུ་འཛུགས་གནང་ཡོད་པ་དང༌། ཚོགས་འདུ་ཐོག་བཙན་བྱོལ་བོད་གཞུང་གིས་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ཚོགས་ཞུགས་གནང་ཡོད་འདུག 

བོད་རྒྱ་འབྲེལ་མོལ་གྱི་ལས་དོན་ཚོགས་ཆུང་དེ་ནི་ཕྱི་ལོ་ ༡༩༩༩ ལོར་བོད་ཀྱི་སྐུ་ཚབ་རྣམ་པ་དང་རྒྱ་ནག་གཞུང་དབར་བོད་ཀྱི་གནད་དོན་ཞི་མོལ་གྱི་ལམ་ནས་སེལ་རྒྱུའི་ཆེད་གསར་འཛུགས་གནང་བ་ཞིག་ཡིན་པ་དང༌། ཚོགས་འདུ་དེ་ནི་ཟླ་འདིའི་ཚེས་ ༢༣ ནས་ ༢༥ བར་ཉིན་གསུམ་རིང་ཚོགས་གནང་རྒྱུ་ཡིན་འདུག

ཐེངས་འདིའི་ལྷན་ཚོགས་དེ་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་སྐབས་༡༤པའི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་༧བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་བཞེས་ཏེ། བོད་མི་མང་གི་དགའ་རྙོག་སེལ་བ་བྱེད་པར་རྒྱ་ནག་མི་མང་སྤྱི་འཐུས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་གཉིས་སྨན་དབུ་མའི་ལམ་ལ་ཐེངས་འདིར་སེམས་ཐག་གཙང་བཅད་ཀྱིས་བསྐྱོད་རྒྱུར་གྲོས་ཆོད་བཞག་པའི་རྗེས་སུ་ཚོགས་པ་ཞིག་ཡིན་འདུག

གཉིས་སྨན་དབུ་མའི་ལམ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྤྱི་ལོ་༡༩༨༧ཟླ་༩ཚེས་༢༡ཉིན། ཨ་རིའི་གྲོས་ཚོགས་སུ་ཞི་བའི་དོན་ཚན་༥ཡི་གྲོས་འཆར་འདོན་སྐབས་ནས་ལག་བསྟར་བྱས་པ་ཞིག་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (6)
6 ༢༥༢༠༡༠༡༡༠༩
ཡེ་ཤེས་ཆོས་བཟང་།
མཁྱེན་ཡངས་རེབ་ཀོང་བློ་བཟང་ཀུན་མཁྱེན་ལགས་སུ་ཆེད་ཞུ།
སྐུ་ཉིད་ནས་ཐུགས་ཁུར་ཆེན་པོས་ཤམ་བྷ་ལ་ཕོ་ཉའི་གསར་ཁང་དུ་གསར་འགྱུར་མཁོ་སྤྲོད་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་རིམ་པས་རེབ་ཀོང་དུ་གནས་ཚུལ་གང་བྱང་བ་རྣམས་དུས་ཐོག་ཏུ་འགོད་གནང་སྐྱོང་ཡོང་བའི་རེ་སྨོན་ཡང་ཞུ་བཞིན་ཡོད། འོན་ཀྱང་ཐེངས་འདིའི་གསར་གནས་སུ་བཀོད་གནང་བའི་ནང་དགེ་འདུན་པ་དང་དགེ་བསྐོས་སོགས་མཚན་འགའ་ཤས་འགོད་གནང་ཡོད་པར་བརྟེན་གསར་འགྱུར་ཁོངས་ལྡན་ཡོང་ཆེད་སྐུ་ཉིད་ནས་འབྲེལ་གཏུགས་ཁ་བྱང་དང་ལག་ཐོགས་ཁ་པར་གྱི་ཨང་བཅས་ངེས་བརྟན་ཡོད་པ་ཞིག་དང༌། སྐུ་ཉིད་ཀྱི་བདེ་འཇགས་ཆེད་ད་ལྟ་གང་དུ་བཞུགས་ཡོད་མེད་ཁ་གསལ་འགོད་གནང་ཡོང་བའི་རེ་བ་ཞུ་བཞིན་ཡོད་པ་བཅས་རྩོམ་སྒྲིག་པས་༢༠༡༠ལོའི་ཟླ་༠༣ཚེས་༢༦ཉིན་གུས་བཏུད་དང་བཅས་ཕུལ།།།
གུས་འོས་པའི་དོ་དམ་པ་ལགས།་ངསི་གནས་ཚུལ་དེ་་ལེགས་པོ་ཞིག་འབྲི་ཐུབ་རྒྱུ་་དཀའ་མོ་ཞིག་རེད་མོད། ཅུང་ཟད་་བྲིས་ན་འདི་ལྟརརཻད།
༢༠༠༧ན་ས་བཟུང་རྒྱ་ནག་་སྲིདགཞུང་གིས་་དགོན་པ་འདི་ཡང་འཛུགས་སྐྲུན་བྱེད་་དགོས་ཟེར་ནས། སྒོརཁྲི་་མང་བོ་ཞིག་གིས་ཕུད་ནས་དགོན་པའི་ཐང་ཆེན་་རྒྱ་་ཆེན་པོ་ཞིག་་ལས་ཡོད་པ་རེད། དེ་ནི་དགོན་པར་ཤ་ཚ་ནས་ལས་པ་ཞིག་མ་ཡིན་ཏེ། དགོན་པའི་མཐའ་འཁོར་དུ་ལྟ་སྐོར་བ་མང་བོ་ཞིག་འགུགས་ཆེད་ཡིན།༢༠༠༨ལོར་དགོན་པར་སྒོ་ཆེན་ཞིག་ལེགས་པོ་ཞིག་ལས་་འགོ་བརྩམས་ཏེ་༢༠༠༩ལ་ཡོངས་འགྲུབ་བྱས་ཏེ་སྒོ་ཆེན་གྱི་གཡས་གཡོན་དུ་ཡུལ་སྐོར་འཛིན་བྱང་བཙོང་སའི་ཁང་བ་གཉིས་ལས་ཡོད་པ་འདི་དག་ནི་་དགོན་པ་འདི་རིག་རྫས་་སྣམངཅན་ཡིན་པས་ཕྱི་གླིང་བ་དང་རྒྱ་ནང་གི་ཡུལ་སྐོར་མང་བོའི་ཡོང་སྒོ་ཐམས་ཅད་ཁོང་ཚོ་ལ་ཐོབ་པའི་ཆེད་དུ་ཡིན་ཏེ།༢༠༡༠ནསབཟུང་དགོན་པའི་ལྟ་་སྐོར་གྱི་ཡོང་སྐོའི་བདག་་དབང་ཡོད་ཚད་སྲིད་གཞུང་མི་སྣས་བཟུང་ཡོད་ཅིང་ལྟ་་སྐོར་བའི་ཡོང་་སྒོ་ནི་ལོ་རེརསྒོར་ཁྲི་༢༠ནས༣༠་མ་་མཐའ་ཡང་ཡོང་སྲིད་པ་རེད།ཁོང་ཚོས་དགོན་པ་ལ་ལོ་རེར་སྒོར་ཁྲི་་༤ནས་༥་སྟེར་རྒྱུ་བྱས་ཡོད་ཟེར། དཀོར་གཉེར་ཚོས་འདུ་ཁང་སོསོའི་སྒོ་ཉིན་རྒྱུན་ལེགས་པར་ཕྱེ་དགོས་ཟེར། ཡང་ཉིས་སྟོང་དགུ་ལོར་དགོན་་པའི་ཚོགས་་ཆེན་་ལ་ཇ་ཁང་ཞིག་ལས་རྒྱུ་ཟེར་ཞོར་སྲིད་གཞུང་་ལས་བྱེད་པ་ཚོས་བ་ལས་སའི་ཁང་བ་གསུམ་ལས་ཏེ་དེའིནང་དུ་ལས་བྱེད་དག་འཚོགས་ནས་ཡོད་སྐབས་གྲྦ་བ་འགས་དགོན་པ་ནི་ཁྱེད་ཚོས་ཆང་འཐུང་ས་དང་ཤོ་རྒྱག་ས་མིན་ཟེར་ནས་ཁ་འཛིངས་བྱས།༢༠༡༠ལོའི་ཟླ་གཉིས་པའི་ཚེས་མགོ་ཡརམར་གྱི་དགོང་མོ་་ཞིག་ལ་གྲྦ་བ་འགས་ཁང་བ་དེགསུམ་གྱི་སྒོ་དྲ་མ་མེ་ལ་བསྲེགས་པར་བྱས། ཕྱི་ཉིནདགེ་སྐོས་དཔལ་བཟང་ཟེར་བསགུང་ཁྲན་ཚང་གི་མགྲིན་ཚབ་བྱས་ཏེ་ཚོགས་གཏམ་ཞིག་བཏང་མ་གཏོགས་རྩད་གཅོད་བྱས་་ཏེ་གྲྦ་བ་ཚོ་འཇུ་བཟུང་གི་གནས་ཚུལ་མ་བྱུང༌། ཡང་༢༠༠༩ལོརདགོན་པའི་གྲྦ་བ་ཚོར་སྡོད་ཁང་ལས་དགོས་ཟེར་ནས་ཐོག་ཁང་
དྲུག་ཅན་མང་བོ་ཞིག་ལས་བཞིན་ཡོད་པ་དེས་ནི་དགོན་པའི་སྲོལ་རྒྱུན་་གྱི་རྣམ་པ་བརླགས་ཡོད་པ་མ་ཟད་ཕྱིས་སུ་གོ་ཐོས་ལྟར་ན་ཁང་བ་དེ་དག་
དགོན་པ་ལ་དབང་བ་ཞིག་མ་ཡིན་པར་རྒྱ་མི་ཁོང་ཚང་གི་ཚོང་་རྒྱག་བྱེད་ཅིག་ཡིན་ཞིང།།གྲྦ་བ་ཚོར་ལྟ་རྟོག་བྱེད་པའི་སྲིད་་གཞུང་གི་ལྟ་ཞིབ་པ་དང་དགོན་པ་་དང་འབྲེལ་ཡོད་ཀྱི་ལས་ཁུངས་ཁ་ཤས་ནང་དུ་སྤོ་་རྩིས་ཡོད་ཟེར། ད་སྐབས་དགོན་པའི་གྲྦ་བ་ཚོས་གླེང་བ་ནི་དོན་འདི་དག་དགོན་པའི་དོ་དམ་པའི་མིང་ཅན་ཞང་རྩེ་དང། དགེ་དོན།་ཆོས་གྲགས༌།དཔྱི་གྲགས་སོགས་རྒྱ་དམར་གྱི་ལས་བྱེད་པ་དེ་དག་དང་ཁ་མཐུན་་གྲོས་་འགྲིགས་ཀྱིས་དགོན་པར་མགོ་སྐོར་་བཏང་བ་ཞིག་རེད་ཟེར་ཞིང༌། འཛུགས་སྐྲུན་དེ་དག་ནི་རྒྱ་དམར་སྲིད་གཞུང་གིས་རང་དོན་དུ་གཡོ་ཐབས་་རྐྱང་རྐྱང་བཀོལ་ཡོད་པ་ཞིག་ཡིན་་པ་ནི་་གསལ་ཐག་ཆོད་པ་དེ་རེད། ཤར་ཚང་སྤྲུལ་སྐུས་ནིཁོང་དོན་འདི་དག་ལ་ཐེ་གཏོགས་ཅི་ཡང་བྱས་མེད་ཟེ་ར། བོད་ནང་དགོན་པ་མང་བོ་ཞིག་སྨད་འཚོང་མ་བཞིན་་གུང་ཁྲན་་ཚང་གི་སྒོར་མོའི་བསླུ་བྲིད་འོག་རང་གི་རིག་གནས་ལ་གཏོརབ་རླག་ཕོག་བཞིན་པའི་ངང་ཚུལ་མཁྱེན་གྱི་མེད༌། གུས་པར་འོས་པའི་་དྲ་རྒྱ་དོ་དམ་པ་ལགས་དེ་རིང་འདི་ཙམ་གྱིས་ཆོག་པར་བྱ། བྲིས་པ་འདི་དག་འགྲིག་མིན་ཁྱེད་ཚོས་གཟིགས་པར་འཚལ། རྗེས་སོར་གནས་ཚུལ་གསར་བ་འདྲཡོད་ན་ཁྱེད་ཀྱི་དྲ་བར་སྐུར་བ་ཡིན།
4 ༢༤༢༠༡༠༡༣༢༥
རེབ་གོང་བློ་བཟང་ཀུན་མཁྱེན་ལགས། གནས་ཚུལ་བཏང་བར་ཐུགས་རྗེ་ཆེ། སྐུ་ཉིད་ཀྱིས་དགོན་པ་དེའི་གནས་ཚུལ་སྐོར་དེ་ལས་མང་བ་ཞིག་དང་། ཞིབ་ཕྲ་གང་ཡོང་ཞིག་འབྲི་རྒྱུར་རེ་བ་ཞུ་བཞིན་ཡོད། ང་ཚོས་རྒྱ་བོད་དབྱིན་གསུམ་གྱི་ལམ་ནས་དེ་རིང་རང་ལ་དྲ་རྒྱའི་ཐོག་ཏུ་གཏོང་ཐུབ་པ་ཞུ་རྒྱུ་ཡིན།
ཁྱེད་ཚོའི་དྲ་བ་འདི་ལྟ་བུའི་མཛད་འཕྲིན་འཕེལ་བའི་སྨོན་འདུན་སྙིང་ནས་ཞུ། སྔོ ན་མ་དེ་ཅུང་ཟད་འཁྲུག་སོང་། ལོ་འདི་འགར་རེབ་གོང་དགོན་ཆེན་དོ་དམ་པའི་མིང་འཛིན་ཨ་ལག་འཇིགས་མེད་འཕྲིན་ལས་དང་དབུ་མཛད་དགེ་དོན། བསྟན་འཛིན་ཆོས་གྲགས་སོགས་རྒྱ་མིའི་ལས་བྱེད་པའི་ཁོག་ཏུ་འཛུལ་ནས་དགོན་པ་ཉམས་གསོ་དང་འཛུགས་སྐྲུན་བྱེད་ཁུལ་གྱིས་ད་ལྟ་དགོན་པའི་ཐང་ཆེན་དང་སྒོ་ཆེན་ལྟ་སྒོར་འཛིན་བྱང་བཙོང་ས་ལྟ་སྐོར་ཡོང་སྒོ་ཚང་མ་རྒྱ་མིས་བདག་པོ་བརྒྱབས་ཚར། དགོན་པའི་ནང་དུ་རྒྱ་མིའི་ལས་བྱེད་པ་སྡོད་ས་དང་དམག་མིའི་སྡོད་ཁང་ལས་བཞིན་པར་གྲྭ་པ་ཚོས་ངོ་རྒོལ་བྱས་དང་བྱེད་མུས་སུ་མཆིས། འདི་དོན་གཞན་ལ་སྤེལ་དགོས།
2 ༢༤༢༠༡༠༡༡༤༡
བཀུར་འོས་རེབ་གོང་བློ་བཟང་ཀུན་མཁྱེན་ལགས། ཉིད་ཀྱིས་གསུངས་པ་ནི་དེ་སྔོན་རེབ་གོང་རོང་པོ་དགོན་པས་༧གོང་ས་མཆོག་དང་ཨོ་བྷ་མ་མཇལ་འཕྲད་སྐབས་དགའ་སྟོན་བྱས་པའི་གནས་ཚུལ་དེ་རེད་དམ། གལ་སྲིད་དེ་ཡིན་ན་ཨ་རིའི་རླུང་འཕྲིན་ཁང་གིས་ཀྱང་གནས་ཚུལ་དེ་སྤེལ་ཚར་བ་ཡོད་བསམས་ཀྱི་འདུག དེ་མིན་གནས་ཚུལ་གཞན་ཞིག་ཡིན་ཚེ་འགྲེལ་བརྗོད་ཁ་གསལ་ཞིག་དང་ཡང་ན་གནས་ཚུལ་དེ་འདི་གར་བསྐྱར་དུ་བསྐུར་རྒྱུ་རེ་བ་ཞུ།
ཆེས་ཕུན་སུམ་ཚོགས་པའི་དྲ་ཚིགས་འདི་ལྟ་བུ་ཞིག་ཕྱེས་པར་དྲ་བདག་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཟུར་ཞུ་ཉིན་སྔོན་མར་ཁྱེད་ཚོར་རེབ་གོང་རོང་བོ་དགོན་པའི་གནས་ཚུལ་ཞིག་སྐུར་བ་དེ། ཁྱེད་ཚོས་བསྐྱར་བཅོས་ཤིག་ཞུས་ཏེ་དྲ་བ་འདིར་འགོད་པར་མི་འཚམ་ན་ཨ་རིའི་རླུང་འཕྲིན་ཚང་ལ་སྐུར་རྒྱུ་མཁྱེན་གནང་། ཐུགས་རྗེ་ཆེ།



བརྗོད་གཞི་གཞན་ཁག་ལ་གཟིགས།