ཨ་རིར་བོད་པའི་སྲོལ་རྒྱུན་གྱི་རིག་གཞུང་མཛད་སྒོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༣ཉིན། ཁ་སང་རེས་གཟའ་ཟླ་བ་ཉིན་ཨ་རིའི་ནུབ་ཕྱོགས་སུ་ཡོད་པའི་ཨོ་ཧོ་མངའ་སྡེའི་གྲོང་ཁྱེར་ཨོ་སི་པོ་ཊི་ནང་ཁྱོན་མི་གྲངས་༧༥ཙམ་འདུ་འཛོམས་ཀྱིས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་གྱི་འཁྲབ་སྟོན་བྱེད་སྒོ་སྟེ། ཞལ་འདོན་དང་རྩམ་པ་གཏོར་བ་སོགས་མཛད་སྒོ་རྒྱ་ཆེར་བྱས་ཡོད་འདུག

སྐབས་དེར་ས་གནས་དེ་གར་ཡོད་པའི་མའེ་མིད་ཞེས་པའི་༼མི་མང་ཤེས་ཡོན་མཉམ་འབྲེལ་གཙུག་ལག་སློབ་གཉེར་ཁང་༽གི་སློབ་མ་ཁག་ཅིག་ཀྱང་མཉམ་ཞུགས་བྱས་ཡོད་འདུག་ལ། མཛད་སྒོ་དེ་ནི་ཁོང་ཚོས་སློབ་གླིང་དེའི་ཚོགས་ཁང་གི་ཕྱི་ལོགས་སུ་གོ་སྒྲིག་ཞུས་ཡོད་འདུག་པ་དང༌། མི་མང་རྣམས་བང་སྒྲིག་ཏེ་ལག་ཏུ་སྡུག་སྤོས་བཟུང་བའི་ཁྲོད། དགེ་བཤེས་སྐལ་བཟང་དགྲ་འདུལ་གཙོས་བོད་པའི་དགེ་འདུན་པ་ཁག་ཅིག་ཕེབས་ནས། ཞལ་འདོན་སོགས་ཆོས་ཕྱོགས་ཀྱི་མཛད་སྒོ་ཡང་བྱས་ཡོད་འདུག

དེ་རྗེས་ཁོང་ཚོས་རླུང་རྟ་སྒྲོན་པ་དང༌། མི་ཚང་མས་རྩམ་པ་སྤར་གང་བསྣམས་ནས་༼བསོའོ་༽ཞེས་འབོད་སྒྲ་ཐེངས་གསུམ་སྒྲོག་པ་དང་ཆབས་ཅིག རྩམ་པ་ནམ་མཁར་གཏོར་གྱིན་འདུག ངས་བསམ་པར་བྱེད་སྟངས་འདི་ནི་ངས་དེ་སྔོན་བྱས་མྱོངས་བ་དེ་དག་ལས་མི་འདྲ་བ་ཞིག་རེད་ཅེས། མའེ་མིད་གཙུག་ལག་སློབ་གཉེར་ཁང་གི་ལོ་གཉིས་པར་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་རའ་ཆལ་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་འདུག ཁོ་མོ་ནི་འགྲོ་བ་མིའི་རིགས་ཀྱི་རང་གཤིས་སྐོར་སློབ་སྦྱོང་བྱེད་མཁན་ཞིག་ཡིན་དུས། ཐེངས་འདིར་བོད་པའི་སྲོལ་རྒྱུན་གྱི་རིག་གཞུང་བྱེད་སྒོ་དེའི་ནང་མཉམ་ཞུགས་བྱས་པ་ཞིག་ཡིན་འདུག

ཡང་སློབ་མ་ཕིས་ཁྲེར་སུན་ལགས་ཀྱིས་གསུང་དོན། ང་རང་ཆུང་དུས་རྒྱ་གར་དུ་བསྡད་ཡོད་པའི་སྐབས་སུ་དགོན་པ་དེ་དག་གི་ཐོག་ཏུ་རླུང་རྟ་སྒྲོན་ཡོད་པ་མཐོང་མྱོངས་ཡོད་ཅེས་དང༌། ཁོ་མོ་སློབ་གླིང་དེའི་ནང་ཡོད་པའི་སྐབས་སུ་བོད་ནང་དུ་ཁོ་མོ་རང་ཉིད་ཀྱི་པཱ་ལགས་ཐུགས་འཕྲད་བྱེད་པར་ཡང་ཕྱིན་ཡོད་འདུག

ཡང་ཁོ་མོས་ང་ནི་རིག་གཞུང་འདི་ལ་དངོས་གནས་ཧ་ཅང་དགའ་པོ་བྱུང་ཞེས་དང་། ཁོ་མོ་ནི་གཙུག་ལག་སློབ་གཉེར་ཁང་དེའི་ཧིན་དྷི་འཛིན་གྲྭའི་སློབ་གྲོགས་ཚོ་དང་ལྷན་དུ་མཛད་སྒོ་དེར་མཉམ་ཞུགས་བྱས་པ་ཞིག་ཡིན་འདུག

མཛད་སྒོ་དེ་ནི་བདུན་ཕྲག་ཞིག་གི་མཛད་རིམ་དང་པོ་དེ་ཡིན་འདུག་པ་དང༌། མཛད་སྒོའི་མཐའ་མཇུག་ཏུ་དགེ་བཤེས་སྐལ་བཟང་དགྲ་འདུལ་སོགས་ཀྱིས་གསུང་བཤད་དང༌། དེ་བཞིན་སྒོམ་རྒྱག་སྟངས་ངོ་སྤྲོད་སོགས་ཀྱི་མཛད་རིམ་ཡང་ཡོད་འདུག

གོང་དུ་མཛད་སྒོ་དེ་དག་ནི་འདི་ལོ་སྤྱི་ཟླ་༡༠པའི་ནང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་མ་གནང་བའི་སྔོན་དེར་བོད་པའི་སྲོལ་རྒྱུན་གྱི་བྱེད་སྒོ་སོགས་གྲ་སྒྲིག་བྱས་པ་ལྟ་བུ་ཞིག་ཀྱང་ཡིན་འདུག

ཟླ་འདིའི་ཚེས་༢༤ཉིན་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས་སྔ་དྲོ་ཆུ་ཚོད་༩ནས་༡༠བར་༼བོད་པའི་སྒོམ་རྒྱག་སྟངས་ངོ་སྤྲོད་༽དང་དེ་རྗེས་ཕྱི་དྲོ་ཆུ་ཚོད་༣ནས་༤བར་༼དུས་རབས་ཉེར་གཅིག་དང་མཐུན་པའི་བྱམས་སྙིང་རྗེ་༽སྐོར་བཀའ་སློབ་གནང་རྒྱུ་ཡིན་འདུག

ཚེས་༢༥ཉིན་སྔ་དྲོ་ཆུ་ཚོད་༡༡ནས་ཕྱི་དྲོ་ཆུ་ཚོད་༢བར་ཤའ་རིས་ཝལ་རུ་༼བོད་ཀྱི་བུ་མེད་དང༌། འཛམ་གླིང་བུ་མེད་ཀྱི་ཉིན་མོ་༽སྲུང་བརྩི་དང༌། ཕྱི་དྲོ་ཆུ་ཚོད་༧ནས་༩བར་༼སྐུ་མདུན་༽ཞེས་པའི་གློག་བརྙན་ཞིག་གཟིགས་འབུལ་ཞུ་འཆར་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།