བལ་ཡུལ་དུ་བོད་མི་རྣམས་ཀྱིས་སྲིད་བློན་ཟུར་པར་མྱ་ངན་ཞུས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢༢ཉིན། དེ་རིང་བལ་ཡུལ་གྱི་རྒྱལ་ས་ཀ་ཐི་མན་ཌུ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱིས། ཉེ་ཆར་བལ་ཡུལ་གྱི་སྲིད་བློན་ཟུར་པ་སྐུ་ཞབས་ཀོ་རེ་ལཱ་མཆོག་འདས་གྲོངས་སུ་ཕྱིན་ཡོད་པར་བརྟེན། མཆོད་རྟེན་བྱ་རོང་ཁ་ཤོའི་མདུན་དུ་འདུ་འཛོམས་ཀྱིས་སྨོན་ལམ་དང༌། མཆོད་མེ་བརྒྱ་ཕྲག་མང་པོ་ཕུལ་བ་སོགས་མཆོད་འབུལ་རྒྱ་ཆེར་བྱས་ཡོད་འདུག

སྐབས་དེར་༧གོང་ས་མཆོག་གི་བལ་ཡུལ་སྐུ་ཚབ་འཕྲིན་ལས་རྒྱལ་མཚོ་ལགས་ཀྱིས། སྐུ་ཞབས་ཀོ་རེ་ལཱ་ནི་མི་སེམས་བཟང་ཅན་ཞིག་དང་ཁོང་ནི་ཁོང་ཚོའི་ཆབ་སྲིད་དང་ཆོས་ལུགས་ལ་མ་ལྟོས་པར་རྒྱུན་དུ་མི་ཚང་མར་བསམ་ཤེས་གནང་མཁན་ཞིག་རེད་ཅེས་འགྲེལ་བརྗོད་གནང་ཡོད་འདུག

བལ་ཡུལ་དུ་ལོ་བཅུ་ཕྲག་ཅིག་ཙམ་གྱི་རིང་མའོ་གྱེན་ལོག་པས་གཞུང་ལ་ངོ་རྒོལ་གྱིས་དམག་འཁྲུག་བྱས་པ་དང༌། ཁོང་ཉིད་སྲིད་བློན་བྱས་པའི་རིང་བལ་ཡུལ་དུ་ཅུང་ཙམ་ཞི་བདེ་ལྷིང་འཇགས་བྱུང་ཡོད་པས་མ་ཚད། ཁོང་གིས་སྣེ་ཁྲིད་ཀྱི་ལས་འགུལ་འོག་བལ་ཡུལ་དུ་སྲིད་དབང་སྒེར་འཛིན་དང༌། རྒྱལ་པོའི་ལམ་ལུགས་སོགས་རྩ་གཏོར་གཏོང་ཐུབ་པ་སོགས་གྲུབ་འབྲས་ཐོན་ཡོད་འདུག

སྐུ་ཞབས་ཀོ་རེ་ལཱ་ནི་འདི་ལོ་དགུངས་ལོ་༨༥ཡིན་འདུག་པ་དང༌། ཁ་ཉིན་རེས་གཟའ་སྤེན་པ་ཉིན་གྱི་ཕྱི་དྲོ་བལ་ཡུལ་གྱི་རྒྱལ་ས་ཀཱ་ཐི་མན་ཌུ་རུ་ཡོད་པའི་ཁོང་གི་བུ་མོའི་ནང་ཞིག་ཏུ་སྐུ་བཤེགས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༢༢༠༡༠༢༡༠༤
འདི་དཔེར་ཡག་པོ་འདུག་



བརྗོད་གཞི་གཞན་ཁག་ལ་གཟིགས།