དགོངས་ཚུལ།

༧གོང་ས་མཆོག་རྒྱ་གར་གྱི་ས་ཁུལ་ཁག་ཅིག་ཏུ་ཆིབས་བསྒྱུར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༨ཉིན། ཟླ་འདིའི་ཚེས་༡༦ཉིན་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བཞུགས་སྒར་དྷ་རམ་ས་ལ་ནས་ཕེབས་ཐོན་གྱིས། རྒྱ་གར་གྱི་མངའ་སྡེ་མཱ་དྷི་ཡ་ནང་མཛད་འཕྲིན་ལེགས་པར་བསྐྱངས་གྲུབ་པ་དང༌། ཕྱི་ཚེས་༡༨ཉིན་དབུ་འཛུགས་ཀྱིས་ཉིན་གྲངས་༤རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ་རུ་གསུང་ཆོས་བསྩལ་རྒྱུ་ཡིན་པ་རེད།

དེ་ཡང་རྒྱ་གར་གྱི་དབུས་མངའ་སྡེ་ཆེན་པོ་མཱ་དྷི་ཡ་ཞེས་པ་དེའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཞིག་གིས་གདན་ཞུ་ལྟར། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་ཁུལ་དེར་ཆིབས་བསྒྱུར་དང་མཛད་འཕྲིན་ཐོག ཕྱི་ཚེས་༡༧ཉིན་མཱ་དྷི་ཡ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་ཐོག་ཏུ་ཕེབས་ཏེ། ༼འགྲོ་བ་མིའི་ཐོབ་ཐང་བརྒྱུད་འཇིག་རྟེན་སྤྱི་ཡོངས་ལ་འཁྲིས་པའི་འོས་འགན་༽ཞེས་པའི་བརྗོད་ཐོག་བཀའ་སློབ་དང་གསུང་བཤད་གནང་ཡོད་འདུག་ལ། སྐབས་དེར་མངའ་སྡེའི་སྤྱི་ཁྱབ་པ་དང༌། མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སོགས་གནད་ཡོད་ཀྱི་མི་སྣ་མང་པོ་ཡང་ཚོགས་ཞུགས་གནང་ཡོད་འདུག

མཱ་དྷི་ཡ་མངའ་སྡེ་དེའི་ནང་མཛད་འཕྲིན་ལེགས་པར་གྲུབ་རྗེས། ཕྱིར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་ཆིབ་བསྒྱུར་བསྐྱངས་ནས་ཟླ་འདིའི་ཚེས་༡༨ནས་༢༡བར་ཉིན་༤རིང་རྒྱལ་སྲས་ཆེན་པོ་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་སྐོར་གསུངས་ཆོས་བསྩལ་གནང་མཛད་རྒྱུ་ཡིན་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།