སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་པ་གཏན་འཁེལ་བྱུང་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༡༣ཉིན། ༄༅། །སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་ཐོག་བཞི་པ་ྋསྐྱབས་རྗེ་སྨིན་གླིང་ཁྲི་ཆེན་རིན་པོ་ཆེ་མཆོག་དགོངས་པ་གཞན་དོན་དུ་གཟིགས་ནས་གནས་དུས་ཀྱི་རྐྱེན་པས་དབུ་འཛིན་གསར་པ་ད་ལྟ་བར་ཐུགས་གཏན་འཁེལ་བ་བྱུང་མེད། ཉེ་སྔོན་སྔ་འགྱུར་རྙིང་མའི་སྨོན་ལམ་ཆེན་མོ་ཐེངས་ ༢༡ སྐབས་གནས་མཆོག་རྡོ་རྗེ་གདན་དུ་རྙིང་མའི་དགོན་སྡེ་ཆེ་ཁག་གི་བླ་ཆེན་ཁག་དང༌། བླ་ཆེན་ཁག་གི་སྐུ་ཚབ། རྙིང་མའི་སྤྱི་འཐུས། སྨོན་ལམ་གྱི་འགན་འཛིན་ལྷན་ཚོགས་བཅས་ལྷན་འཛོམས་ཀྱིས་བཀའ་བསྡུར་ཐག་གཅོད་གནང་བར་རྙིང་མའི་བླ་ཆེན་ྋསྐྱབས་རྗེ་སྐུ་བགྲེས་ཁག་བཞི་ལ་སྙན་སེང་གིས་ཐུགས་འགན་མཚན་བཞེས་སུས་མཛད་རོགས་གནང་ན་བདག་ཅག་སློབ་འབངས་རྣམས་ལ་ཁྱད་པར་གཏན་ནས་མེད་པ་དང༌། ྋསྐྱབས་རྗེ་རྣམ་པ་བཞི་ལ་རྙིང་མ་སྤྱི་ནས་རྟེན་གསུམ་འདེགས་འབུལ་ཞུ་རྒྱུ་བཅས་ཐུགས་མཐུན་གཙང་བཅད་བྱུང༌།

སྙན་སེང་ཞུ་སྟངས་དགུང་ན་བགྲེས་གཞོན་ལྟར་ཞུ་གནང་རྒྱུ་གནང་བས་དང་པོ་ྋསྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་དང༌། ྋསྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག ྋསྐྱབས་རྗེ་རྡོ་གྲུབ་ཆེན་རིན་པོ་ཆེ་མཆོག ྋསྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་རྣམ་བཞི་རིམ་པས་སྙན་སེང་ཞུ་རྒྱུ་གནང་བ་ལྟར། དང་པོ་ྋསྐྱབས་རྗེ་བྱ་བྲལ་རིན་པོ་ཆེ་མཆོག་ལ་སྙན་སེང་གསོལ་འདེབས་ཨུ་ནན་ཞུས་པས་ཞལ་བཞེས་གནང་ཐོབ་མ་བྱུང་བ་དང༌། ཞུ་ཡུལ་པ་གཉིས་པ་ྋསྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་ལ་གསོལ་འདེབས་སྙན་སེང་ཨུ་ནན་ཞུས་པ་ལྟར་ཞལ་བཞེས་ལེགས་ཐོབ་བྱུང་སོང་བས།

རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་པ་ྋསྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་གིས་ཞལ་བཞེས་ལེགས་ཐོབ་ཀྱི་བཀའ་དྲིན་སྤྱི་བསྩལ་བྱུང་བ་ལྟར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་དང༌། རང་གཞུང་ཆོས་རིག་ལས་ཁུངས་བཅས་ལ་སྙན་སེང་ཡིག་ཆུང་ཕུལ་ཟིན་པས་ྋསྐྱབས་རྗེ་འཁྲུལ་ཞིག་རིན་པོ་ཆེ་མཆོག་རྙིང་མའི་དབུ་འཛིན་ཁྲི་ཐོག་ལྔ་པའི་མཚན་བཞེས་གནང་བར་བཀའ་དྲིན་བླ་མེད་དུ་ཆེ་ཞུ་རྒྱུ་དང༌། མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་ཐུགས་བཞེད་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་སྨོན་འདུན་ཞུ་རྒྱུ་བཅས། རྙིང་མའི་སྤྱི་འཐུས་སློབ་དཔོན་བསོད་ནམས་བསྟན་འཕེལ་དང༌། རྒྱ་རི་བུ་ཕྲུག་གཉིས་ནས་ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༢ ཉིན།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།