དགོངས་ཚུལ།

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་དུ་ངོ་རྒོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༩ཉིན། དེ་རིང་ཞོགས་པར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་གཞུང་ཚབ་མདུན་དུ་ངོ་རྒོལ་སྐད་འབོད་བྱས་ཡོད་འདུག་པ་དང་། རྒྱ་གར་ཉེན་རྟོག་པས་ཁྱོན་བོད་མི་༢༤ཙམ་འཛིན་བཟུང་བྱས་ཡོད་ཚུལ་ས་གནས་ཉེན་རྟོག་པ་ཞིག་གིས་འགྲེལ་བརྗོད་བྱས་འདུག

བོད་མི་དེ་དག་གིས་༼བོད་རང་བཙན་༽གྱི་འབོད་སྒྲ་སྒྲོག་བཞིན་རྒྱ་ནག་གི་གཞུང་ཚབ་མདུན་དུ་མཆོང་ཡོད་འདུག་ཀྱང༌། རྒྱ་གར་ཉེན་རྟོག་པས་དྲག་དམ་ཤུགས་ཆེར་འོག ཁོང་ཚོ་འཛིན་བཟུང་ཐོག་རླངས་འཁོར་ནང་བཅུག་ཏེ་ཉེ་འཁྲིས་ཀྱི་ཉེན་རྟོག་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་འདུག

ཉེན་རྟོག་པ་ཞིག་གིས་བོད་མི་དེ་དག་ཕ་ཆེར་རེས་གཟའ་མི་དམར་ཉིན་གྱི་རྗེས་ནས་གློད་བཀྲོལ་གཏོང་སྲིད་པའི་སྐོར་ཙམ་བརྗོད་པ་ལས། ཞིབ་ཕྲའི་གནས་ཚུལ་སོགས་འགྲེལ་བརྗོད་གནང་ཡོད་མི་འདུག་ལ། དོན་དངོས་ཐོག་ཁོ་མོར་གསར་འགོད་པ་ཚོར་འགྲེལ་བརྗོད་བྱེད་ཆོག་པའི་དབང་ཆ་མེད་མཁན་ཞིག་ཀྱང་ཡིན་འདུག

བོད་མི་ངོ་རྒོལ་བ་ཞིག་གིས་རྒྱ་ནག་གཞུང་ཚབ་མདུན་དུ་ཁོང་རང་ཉིད་གློག་ཤིང་ཞིག་ལ་ལྕག་ཐག་གིས་བཏགས་ཡོད་འདུག་ཀྱང༌། ད་ལྟ་ཁོང་ཡང་བོད་མི་གཞན་དེ་དག་དང་མཉམ་དུ་བཀག་ཉར་བྱས་ཡོད་འདུག ངོ་རྒོལ་གྱི་ལས་འགུལ་དེ་ནི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་བྱས་པ་ཞིག་ཡིན་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༤༢༠༡༡༡༣༣༩
ང་ཐེ་བའི་ཡོད་ཚད་ཀྱིས་སྲ་རྒྱུམ་དགོས།



བརྗོད་གཞི་གཞན་ཁག་ལ་གཟིགས།