དགོངས་ཚུལ།

༧གོང་ས་མཆོག་གིས་གྲོས་ཚོགས་ལ་བསྩལ་བའི་གསུང་འཕྲིན།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༩ཉིན། དེ་རིང་ཞོགས་པར་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། བོད་མི་མང་སྤྱི་འཐུས་སྐབས་༡༤པའི་གྲོས་ཚོགས་ཚོགས་དུས་༩པའི་ཐོག་མ་འོངས་ལེགས་ཉེས་བླངས་དོར་བཀའ་སློབ་གལ་ཆེན་ཞིག་བསྩལ་གནང་མཛད་ཡོད་པ་རེད།

༄༅། །སྐབས་བཅུ་བཞི་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་དགུ་པར་ཕེབས་པའི་སྤྱི་འཐུས་རྣམ་པར་འཚམས་འདྲི་དང༌། གྲོས་ཚོགས་ཀྱི་ལས་དོན་ཚགས་ཚུད་ཚད་ལྡན་ཡོང་བའི་སྨོན་འདུན་ཡོད། རིང་མོ་ཞིག་ནས་ཡིད་ལ་བརྣགས་པ་ལྟར་བོད་མིའི་ཆབ་སྲིད་མང་གཙོའི་ལམ་དུ་བསྒྱུར་རྒྱུ་བཙན་བྱོལ་བདུ་འབྱོར་མ་ཐག་པ་ནས་འབད་བརྩོན་རྒྱུན་བསྲིངས་བྱས་འབྲས་སུ་ད་ཆ་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་གྲོས་ཚོགས་ཀྱིས་ཁྲིམས་བཟོ་དང་དཔལ་འབྱོར་སྟངས་འཛིན་གྱིས་མཚོན་པའི་བྱེད་སྒོ་རྣམས་བྱ་རྒྱུའི་གོ་སྐབས་བྱུར་བར་དགའ་སྤོབས་བརྟས།

  སྔོན་དུ་བརྗོད་ཟིན་ལྟར་ལྗོད་མཉམ་སྟངས་འཛིན་གྱི་སོ་མཚམས་དང༌། རྟོན་བཞིའི་འཇུག་ལྡོག་མ་ནོར་བར་སྒེར་འཁོན་ཕྱོགས་འཐེན་སྤངས་ཏེ་གྲོས་ཚོགས་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་གནས་ཚད་དང་སྤུས་ཀ་གོང་མཐོར་གཏོང་རྒྱུའི་ཀུན་སློང་དང་རྩོམ་བ་མི་ལྷོད་པ་དགོས་གལ་མཐོང༌། འཛིན་སྐྱོང་དང་ཁྲིམས་ལུགས་དབང་འཛིན་གཉིས་ཀའི་འགན་ཁུར་ཞུ་ཡུལ་གྲོས་ཚོགས་ཡིན་པས། གྲོས་ཚོགས་ཀྱང་མང་ཚོགས་ལ་འགན་ཁུར་འཕེར་ངེས་དགོས། བོད་མིའི་ཆབ་སྲིད་ཀྱི་འགོ་ཁྲིད་འཀའ་བློན་ཁྲི་པ་མང་ཚོགས་ཀྱིས་འོས་འདེམས་བྱས་པ་ནས་བཟུང་གཞི་རྩའི་ལས་དོན་རྣམས་ངོས་རང་གིས་དོ་ཁུར་མ་དགོས་པར་ཕྱེད་རྒས་ཡོལ་ལྟ་བུ་ཡིན་རུང༌། བོད་ཀྱི་རྩ་དོན་དང་བོད་རྒྱའི་འབྲེལ་ལམ་སྐོར་ཇི་སྲིད་མང་ཚོགས་ནས་ཡི༨ད་ཆེས་རེ་འདུན་ཡོད་པ་དེ་སྲིད་དུ་ཅི་ནུས་གང་ལྕོགས་བྱེད་བཞིན་ཡོད། ཞི་བའི་དོན་ཚན་ལྔ་ནི་ཕུགས་ཀྱི་འཆར་སྣང་ཡིན་པས་འབྲེལ་མོལ་ལ་ཐད་འབྲེལ་དེ་ཙམ་མེད་རུང༌། སི་ཏྲས་སི་སྦག་གི་གྲོས་འཆར་ལ་རྒྱ་གཞུང་གིས་བསམ་ཞིབ་གོ་བསྡུར་བྱེད་ཐབས་མེད་པའི་ཚིག་ཐག་གཙང་གཅོད་བྱུང་བར་བརྟེན་རང་བཞིན་ནུས་མེད་དུ་གྱུར་ཡོད། ཕྱི་ལོ་༢༠༠༢ནས་འབྲེལ་མོལ་བསྐྱར་མཐུད་བྱས་འབྲས་སུ་རྒྱ་གཞུང་གི་ལངས་ཕྱོགས་ལ་བསམ་ཞིབ་ཀྱིས་རང་ཕྱོགས་ནས་མཁྲེགས་བཟུང་མ་བྱས་པར་དངོས་དོན་དང་བསྟུན་ཏེ་གུ་བཤང་གང་ཐུབ་བྱས་ཚུལ་ལོ་དུས་སོ་སོའི་གསུམ་དུ་གསུང་འཕྲིན་གསུམ་དུས་གསུང་འཕྲིན་སོགས་སུ་གསལ་བཤད་བྱས་ཡོད་པ་བཞིན་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་རང་སྐྱོང་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ལག་ལྟར་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཡོད་ཅིང༌། དེ་ལ་རྒྱ་ཕྱོགས་ནས་འཁྱོག་བཤད་བྱས་པ་རྣམས་གསེད་བཀྲོལ་སླད་འདི་ལོ་འབྲེལ་མོལ་དགུ་པའི་སྐབས་འབྲེལ་བརྗོད་ཅིག་སྤྲད་པ་བཅས་ཡིག་ཆ་དེ་དག་ད་ཆ་མང་ཚོགས་ཀྱི་མིག་ལམ་དུ་གྱུར་ཟིན།

གོང་སྨོན་རྣམས་གྲོས་ཚོགས་ཀྱི་སྤྱི་མོས་གྲོས་ཆོད་སྔ་རྗེས་ཀྱི་འབྲུ་དོན་ལྟར་ངོས་ནས་ལྷག་བསམ་ཟོལ་མེད་ཀྱི་འབད་འབུང་བྱེད་ཁུལ་ཡང༌། བསམ་འཆར་དང་འགྲེལ་བརྗོད་དེ་དག་གྲོས་ཚོགས་ནས་མོ་མཐུན་མ་བླངས་པའམ། གྲོས་ཚོགས་ལ་མ་བསྟན་པའི་ཡིག་ཆ་ཡིན་ཚུལ་དང༌། སོང་ཀྱི་བསམ་ཚུལ་མིན་ཚུལ་སོགས་དྭོགས་གླེང་རིགས་ཡོང་གི་ཡོད་ཚོད་འདུག་པས། རྩ་དོན་དང་འབྲེལ་བའི་གནད་དོན་འདི་རིགས་ཕྱི་གསལ་ནང་གསལ་མ་བྱུང་བར་མང་ཚོགས་སུ་ཐེ་ཚོམ་སྐྱེ་གཞིར་གནས་པས་ད་རེས་ཚོགས་དུས་འདིའི་རིང་བགྲོ་གླེང་མཐིལ་ཕྱིན་དང༌། དེ་བཞིན་བཀའ་ཤག་དང་ངོས་ཀྱི་སྐུ་ཚབ་སྦྲེ་པོ། གཞན་ཡང་འབྲེལ་ཡོད་ཇི་འོས་རྣམས་ལ་ཉན་ཞིབ་དོགས་འདྲི་འཁྲུན་ཆོད་བྱས་ཏེ་གསལ་པོ་བཟོ་དགོས།

འབྱུར་འགྱུར་བྱེད་ཕྱོགས་ཀྱི་གྲོས་ཚོགས་ཀྱི་བསམ་འཆར་དང་མངོན་འདོད་གསར་པ་ཡོད་ན་དེའི་སྦྱོར་དངོས་རྗེས་གསུམ་གྱི་ལས་རིམ་གསལ་སྟོན་བྱེད་དགོས་པ་བཅས་ཡིད་འཇགས་གྱིས། ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པ་ཤཱཀྱའི་དགེ་སྦྱོང་ཆོས་སྨྲ་བ་བསྟན་འཛིན་རྒྱ་མཚོས་ཕྱི་ལ་ ༢༠༡༠ ཟླ་ ༣ ཚེས་ ༨ ལ་ཕུལ།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།