དགོངས་ཚུལ།

དཔེ་དེབ་དབུ་འབྱེད་ཀྱི་མཛད་སྒོ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣པའི་ཚེས་༨ཉིན། ཁ་སང་བཞུགས་སྒར་དྷ་སའི་ཡོངས་གླིང་སློབ་གྲྭའི་ནང་བོད་དོན་གླེང་བ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་༼བཙན་པོའི་སྙིང་སྟོབས༽་ཞེས་པའི་དཔེ་དེབ་ཅིག་དང༌། ༼མེ་ལ་མི་སྐྲག་པའི་གསེར་ལྟར༽་ཞེས་པའི་བསྒྱུར་རྩོམ་གྱི་དེབ་གཉིས་དབུ་འབྱེད་གནང་བའི་མཛད་སྒོ་སྟབས་བདེ་ཞིག་བསྡུས་སོང༌།

དེ་ཡང་བོད་དོན་གླེང་བ་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གཉིས་ཀྱིས་འགྲེམས་སྤེལ་བྱས་པའི་གོང་གསལ་དཔེ་དེབ་ཀྱི་ངོ་སྤྲོད་དང་འབྲེལ་བའི་བསྒྲགས་ཡིག་ནང༌།  ༼བཙན་པོའི་སྙིང་སྟོབས༽་ཞེས་པའི་དཔེ་དེབ་འདི་ནི་བོད་རིགས་རྩོམ་པ་པོ་གང་མང་ཞིག་གིས་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ཆེན་མོའི་སྐབས་གཙོས་པའི་གཞིས་ལུས་བོད་རིགས་རྣམས་ཀྱིས་མྱོང་བའི་སྡུག་རྩུབ་དང༌། མནར་གཅོད་ཀྱི་མྱོང་ཚོར་ཡི་གེར་བྲིས་པའི་རྩོམ་རིག་ཕྱོགས་བསྒྲིགས་ཤིག་ཡིན་པ་དང༌། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱབ་སྐྱོར་འགོ་དངོས་བྱུང་གི་བརྗོད་གཞིས་ཕྱུག་པའི་བཙན་པོའི་སྙིང་སྟོབས་ཞེས་པའི་བོད་ནང་གི་དཔེ་དེབ་འདི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བསྐྱར་པར་གྱི་གོ་སྐབས་ཐོབ་ཡོད།

དེབ་དེའི་དབུ་འབྱེད་མཛད་སྒོ་དང་དུས་མཚུངས་སུ་བོད་ནང་གི་རྩོམ་ཡིག་གང་མང་ཞིག་དབྱིན་ཡིག་ནང་བསྒྱུར་ཡོད་པའི་དཔེ་དེབ་༼མེ་ལ་མི་སྐྲག་པའི་གསེར་ལྟར་༽ཞེས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསྒྱུར་རྩོམ་ཕྱོགས་བསྒྲིགས་ངོ་སྤྲོད་གནང་སོང་ལ། གོང་གསལ་གྱི་དེབ་དེ་ཉིས་སྟོང་དགུ་ལོར་ཕི་རན་ཁི་ཕིར་ཁི་ཞེས་པའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་གྱི་མཛད་སྒོའི་སྟེང་དུ་འཛུལ་ཞུགས་ཀྱི་གོ་སྐབས་བཟང་པོ་ཐོབ་ཡོད་པ་མ་ཟད། རྒྱལ་སྤྱིའི་རྩོམ་རིག་གི་གར་སྟེགས་སྟེང་ལ་བོད་ནང་གི་རྩོམ་ཡིག་སྒྱུ་རྩལ་གྱི་རྣམ་པ་གསར་པ་ཞིག་ངོ་སྤྲོད་བྱ་རྒྱུའི་སྐལ་བཟང་ལྡན་ཡོད་པ་རེད།

གཞིས་ལུས་བོད་རིགས་ཤེས་ཡོན་པ་གང་མང་ཞིག་གིས་དུས་དང་རྣམ་པ་ཀུན་ཏུ་རང་སྲོག་བློས་བཏང་གིས་བོད་རིགས་སྤུན་ཟླས་མྱངས་དང་མྱོང་བཞིན་པའི་དཀའ་སྡུག་དང༌། མནར་གཅོད་ཀྱི་ལོ་ཟླ་རིང་མོ་རྩོམ་ཡིག་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བོད་ནང་དུ་དངོས་སུ་གང་ཞིག་བྱུང་ཡོད་པ་དེ་འཛམ་གླིང་མི་མང་གི་སྤྱན་ལམ་དུ་ཕུལ་དང་འབུལ་བཟིན་ཡོད་པར་བརྟེན། བོད་རིགས་ཤེས་ཡོན་པ་གང་མང་ཞིག་མུན་ནག་གི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་ཀུན་གྱི་ཤེས་གསལ་རེད། ཅེས་བཀོད་ཡོད་འདུག 

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།