བོད་མིའི་ངག་རྒྱུན་ལོ་རྒྱུས་ཕྱོགས་བསྡུ་དང་འབྲེལ་བའི་ལས་འཆར།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༣ཚེས་༢ཉིན། ཨ་རིའི་ཁ་ལི་ཕོ་ནའེ་ཡ་མངའ་སྡེའི་སན་ཕི་རན་སིས་སི་ཁའོ་གྲོང་ཁྱེར་ནང་ཕྱག་ལས་གནང་བཞིན་པའི་སེམས་ཁམས་རིག་པ་བ་ལྕམ་མར་སིས་ལ་ལགས་ཀྱིས་བཙན་བྱོལ་དུ་གནས་པའི་བོད་མི་རྒན་རྒོན་ཏེ། རྒྱ་དམར་གྱི་བཙན་འཛུལ་དང་སྡུག་སྦྱོར་གཉའ་གནོན་མིག་མཐོང་དང་དངོས་མྱོང་བྱུང་མཁན་རྣམས་ལས་ངག་རྒྱུན་ལོ་རྒྱུས་ཕྱོགས་བསྡུ་བྱེད་པའི་ལས་འཆར་ཞིག་གནང་འགོ་ཚུགས་ཡོད་འདུག

དེ་ཡང་ལྕམ་མར་སིས་ལ་ལགས་ཀྱིས་ཐོག་མར་ྋགོང་ས་མཆོག་ལ་མཇལ་ཁ་ཞུ་དུས་བོད་མི་རིགས་ལ་ཇི་ལྟར་ཕན་དོན་སྒྲུབ་ཐུབ་མིན་གྱི་བཀའ་འདྲི་ཞུས་པར་མགོན་པོ་གང་ཉིད་ཀྱིས། རྒྱ་དམར་གྱི་བཙན་འཛུལ་གཉའ་གནོན་མིག་མཐོང་ལག་ཟིན་དང་དངོས་མྱོང་བྱུང་བའི་བོད་མི་རྒན་རྒོན་རྣམས་ཀྱི་ངག་རྒྱུན་ལོ་རྒྱུས་ཕྱོགས་བསྡུ་དང་ཉར་ཚགས་གནང་རྒྱུ་དགོས་གལ་ཆེ་ལུགས་ཀྱི་བཀའ་ཕེབས་ཡོད་པ་དང༌། དེ་རྗེས་ཕྱི་ལོ་༢༠༠༣ལོར། ཁོ་མོས་བོད་མིའི་ངག་རྒྱུན་ལོ་རྒྱུས་ཕྱོགས་སྒྲིག་ལས་འཆར་ཞེས་པའི་ཁེ་མེད་ཚོགས་པ་ཞིག་གསར་བཙུགས་གནང་འདུག་ལ།  ད་ལོའི་ཕྱི་ཟླ་༤པའི་ནང་ཁོ་མོས་སྣེ་ཁྲིད་པའི་ཨ་རི་བ་དང་བོད་མིའི་རུ་ཁག་ཅིག་རྒྱ་གར་ལྷོ་ཕྱོགས་མོན་གྷོ་གཞིས་གནས་ཀྱི་ཆོས་དགེ་གླིང་དུ་བསྐྱོད་དེ། ཡུལ་དེ་གའི་བོད་མི་རྒན་རྒོན་རྣམས་ཀྱི་མི་ཚེའི་དངོས་མྱོང་སྐོར་འཆར་འདྲི་ཞུ་འཆར་ཡོད་འདུག

ལྕམ་མར་སིས་ལ་ལགས་ཀྱི་བོད་མིའི་ངག་རྒྱུན་ལོ་རྒྱུས་ཕྱོགས་སྒྲིག་ལས་འཆར་ཚོགས་པའི་དྲ་གནས་སུ་ད་ལྟའི་ཆར་བཅར་འདྲི་ཉེར་ལྔ་བརྙན་རིས་དང་ཡིག་ལམ་གཉིས་བརྒྱུད་བལྟ་ཀློག་ཐུབ་ཅིང༌། ལྕམ་མར་སིས་ལ་ལགས་ཀྱིས་བརྗོད་པ་ལྟར་ན། བཅར་འདྲི་བྱས་པའི་བོད་མི་རྒན་རྒོན་དེ་ཚོའི་གྲས་སུ་འབྲོག་པ་དང༌། ཞིང་པ། ཁྱིམ་ལས་གཉེར་མཁན། ཚོང་བ། གྲྭ་བཙུན་དང་འཚོ་དཔོན་སོགས་རྒྱབ་ལྗོངས་རིགས་མི་འདྲ་བ་ཁུར་མཁན་ཡོད་ལ། རྒྱ་དམར་གྱིས་བོད་ས་བཙན་བཟུང་བྱས་རྗེས་ཁོ་ཚོ་མང་པོ་ཞིག་ཆབ་སྲིད་བཙོན་མ་དང་ངལ་རྩོལ་བསྒྱུར་བཀོད་ར་བའི་ནང་ཤུགས་ལས་བྱེད་མཁན་ཏུ་གྱུར་ཡོད་འདུག བོད་མི་སྐྱབས་བཅོལ་བ་རྒན་རྒོན་འདི་ཚོས་བོད་ས་བཙན་བཟུང་མ་ཐེབས་སྔོན་གྱི་རང་དབང་ལྡན་པའི་འཚོ་བ་ཇི་འདྲ་ཡིན་མིན་སྐོར་འགྲེལ་བརྗོད་བྱེད་རྒྱུ་མང་པོ་འདུག ཅེས་བརྗོད་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།