ལོ་གསར་ཚེས་གསུམ་ཉིན་ལྷ་རྒྱལ་རིར་བསང་གསོལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡༧ཉིན། དེ་རིང་ཞོགས་པར་རྒྱ་གར་བྱང་ཕྱོགས་བཞུགས་སྒར་དྷ་རམ་ས་ལར་ཆོལ་གསུམ་ཆིག་སྒྲིལ་དབུས་རྒྱུན་ལས་ཁང་གིས་གོ་སྒྲིག་འོག ལྷ་རྒྱ་རིར་བོད་པའི་སྲོལ་རྒྱུན་གྱི་ལུགས་ལྟར་ལོ་གསར་ཚེས་གསུམ་ཉིན་བསང་གསོལ་ཟབ་རྒྱས་ཞིག་བྱས་སོང༌།

སྐབས་དེར་བཞུགས་སྒར་དྷ་ས་གནས་བཞུགས་བོད་མི་སེར་སྐྱ་སྟོང་ཕྲག་མང་པོ་འདུ་འཛོམས་བྱས་འདུག་ལ། དུས་ཡུན་ཆུ་ཚོད་གཉིས་ཙམ་གྱི་རིང་ཆེད་དུ་གདན་ཞུ་བྱས་པའི་སྐྱབས་གནས་དགེ་འདུན་པ་རྣམས་ཀྱི་གཙོས་བོད་མི་རྣམས་ཀྱིས་གསང་མཆོད་ཞལ་འདོན་དང་ལྷན་དུ། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཇལ་དར་སོགས་སྒྲོན་སོང་བ་དང༌། མཇུག་མཐར་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་བཏང་ནས་མཛད་སྒོ་མཇུལ་སྒྲིལ་སོང༌། རྒྱུན་དུ་བོད་པའི་སྲོལ་རྒྱུན་གྱི་ལུགས་ལྟར་ལོ་གསར་ཚེས་གསུམ་ཉིན། གསང་གསོལ་དང་ལྷན་དུ་གཞས་དང་ཞབས་བྲོ་བྱེད་སྲོལ་ཡོད་ཀྱང༌། འདི་ལོར་བོད་ནང་གི་གནས་ཚུལ་གྱིས་རྐྱེན་པས་བསང་གསོལ་ཁོ་ན་ལས། གཞས་དང་ཞབས་བྲོ་སོགས་མི་བྱེད་རྒྱུའི་གསལ་བསྒྲགས་སྤེལ་འདུག

གཞན་ཡང་བཞུགས་སྒར་དྷ་རམ་ས་ལར་ཡོད་པའི། བཙུན་དགོན་དགེ་ལྡན་ཆོས་གླིང་ནས་ཀྱང་བོད་ལུགས་ལོ་གསར་ཚེས་གསུམ་ཉིན། བཙུན་དགོན་གྱི་ཉེ་འགྲམ་དུ་བསང་གསོལ་དང༌། བདེན་ཚིག་སྨོན་ལམ་སོགས་བྱས་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།