ལོ་གསར་ཚེས་གཅིག་ཉིན་རྒྱལ་དར་སྒྲེང་འཛུགས་ཀྱི་ལས་འགུལ་སྤེལ་རྒྱུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༡༣ཉིན། ལོ་གསར་པའི་ནང༌། དུས་ཚོད་འགྱུར་བ་དང༌། རེ་བ། འདས་དོན་བསྐྱར་གསོ་དང་མ་འོངས་ལས་དོན་ཐོག་བོད་མི་རྣམས་ཀྱི་ཆིག་སྒྲིལ་གྱི་རྣམ་པ་མཚོན་ཆེད། བོད་རྒྱལ་ལོ་༢༡༣༧ཕྱི་ལོ་༢༠༡༠ཟླ་༢ཚེས་༡༤བོད་ལྕག་སྟག་ལོའི་ལོ་གསར་ཚེས་གཅིག་ཉིན། བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ཀྱིས་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱ་རྒྱུར་བོད་རང་དབང་སློབ་ཕྲུག་ཚོགས་པས་བོད་ཀྱི་རྒྱལ་དར་གྲངས་༥༠༠འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག

རྒྱལ་ཁབ་ཀྱི་རྒྱལ་དར་ནི་རང་བཙན་དང་ངོ་རྒོལ་གྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང༌། དེ་སྔོན་ཕྱི་ལོ་༢༠༠༨ལོར་བོད་ནང་དུ་བོད་མི་རྣམས་ཀྱིས་བོད་ཀྱི་རྒྱལ་དར་བརྒྱ་ཕྲག་མང་པོ་སྒྲེང་འཛུགས་ཐོག་བོད་རང་བཙན་གྱི་སྐད་འབོད་བྱས་ཡོད་པ་རེད། རྒྱལ་དར་ནི་ང་ཚོ་བོད་མི་ཚང་མ་ཆིག་སྒྲིལ་གྱི་རྣམས་པ་མཚོན་ཆེད་ཀྱི་རྟགས་གལ་ཆེན་ཞིག་ཡིན་པ་དང༌། རྒྱལ་དར་སྒྲེང་འཛུགས་སོགས་ལས་འགུལ་དེའི་ཐོག་ནས་བོད་ནང་གི་མངོན་འདོད་དེ་འགྲུབ་པར་འགྱུར་བ་དང་ཕན་ཐོག་ཆེན་པོ་ཞིག་ཡོད་པ་རེད་ཅེས། རྒྱ་གར་རྒྱལ་ཡོངས་སུ་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་ཆོས་དབྱིངས་ལགས་ཀྱིས་འགྲེལ་བརྗོད་གནང་འདུག

དེང་སང་བོད་ཀྱི་རྒྱལ་དར་ནི་རྒྱལ་ནག་གཞུང་ལ་ངོ་རྒོལ་གྱི་མཚོན་རྟགས་གལ་ཆེ་ཤོས་དེ་ཆགས་ཡོད་པ་རེད། དེ་ཡང་ཕྱི་ལོ་༢༠༠༨ནས་བཟུང་སྟེ་བོད་ནང་དུ་བོད་མི་རྣམས་ཀྱིས་བོད་ཀྱི་རྒྱལ་དར་འཕྱར་བ་དང༌། སྒྲེང་འཛུགས་སོགས་བྱས་ཚེ། ལམ་སེང་རྒྱ་ནག་གཞུང་གིས་ཁ་བྲལ་གྱི་ལས་འགུལ་སྤེལ་བའི་ཉེས་འཛུགས་འོག ད་ལྟ་བར་བོད་མི་བརྒྱ་ཕྲག་མང་པོ་བཙོན་འཇུག་དང༌། བསད་རྨས་བཏང་ཡོད་པ་རེད། ཕྱི་ལོ་༢༠༠༩ཟླ་༣པའི་ནང་ཨ་མདོ་ལྔ་པའི་ཀེརྟི་དགོན་པའི་གྲྭ་པ་ཞིག་གིས་༧གོང་ས་མཆོག་གིས་སྐུ་དཔར་ཞིག་དང་བོད་ཀྱི་རྒྱལ་དར་ཞིག་ཁྱེར་ནས་འགྲོ་སྐབས། རྒྱ་གཞུང་གི་དྲག་ཆས་ཉེན་རྟོག་དམག་མིས་མེ་མདའ་བརྒྱབ་ནས་སྐུ་བཀྲོངས་ཡོད་པ་རེད།

བོད་ཀྱི་རྒྱལ་དར་ནི་བོད་རང་བཙན་གྱི་རྣམ་པ་དང་རྒྱ་གཞུང་ལ་ངོ་རྒོལ་གྱི་མཚོན་རྟགས་གལ་ཆེ་ཤོས་དེ་ཡིན་དུས། ཐེངས་འདིར་བོད་རང་དབང་སློབ་ཕྲུག་ཚོགས་པའི་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་བོད་མི་ཚང་མས་བོད་ཀྱི་རྒྱལ་དར་སྒྲེང་འཛགས་བྱེད་རྒྱུའི་ལས་འགུལ་སྤེལ་བ་ཞིག་རེད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་བྱས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:བརྗོད་གཞི་གཞན་ཁག་ལ་གཟིགས།