གསར་འགྱུར་གསར་པ།:

དགོངས་ཚུལ།

ཡིད་སྐྱོའི་གནས་ཚུལ།

20070420004900801བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢༨ ཉིན་འཁོད་གནས་ནང༌།  བཀའ་དྲུང་ཡིག་ཚང་ནས་ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༢༨ ཉིན་འཁོད་གནས་ནང༌། ༄༅། །མཚུངས་མེད་ལས་ཁུངས་ཁག་གི་དྲུང་ཆེ་འགན་འཛིན་ལྷན་རྒྱས་མཆོག་གང་དེར།

 

 ཆེད་ཞུ། ལམ་ཙམ་ཚང་མས་མཁྱེན་གསལ་ལྟར་རྒྱ་གར་སྲིད་བློན་ཟུར་པ་ V.P Singh འདི་ཟླའི་ཚེས་ ༢༧ ཉིན་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པ་དང༌། དེ་བཞིན་འདི་ཚེས་ ༢༦ དགོང་དྲོ་ཆུ་ཚོད་ ཡས་མས་སུ་རང་རེའི་ཕ་ཡུལ་གཉིས་པ་རྒྱ་གར་ནང་བྱུང་མ་མྱོང་བའི་འཇིགས་སྐུལ་དྲག་སྤྱོད་པ་འགས་གྲོང་འཁྱེར་མུམ་སྦའི་ནང་ཡོད་མགྲོན་ཁང་ཆེ་ཁག་དང༌། དེ་བཞིན་མེ་འཁོར་བབས་ཚུགས་སོགས་མདོར་ན་གྲོང་འཁྱེར་དེའི་ས་ཁག་བཅུ་སྐོར་ནང་དུས་གཅིག་ཏུ་བཙན་རྒོལ་ཤུགས་ཆེ་རྐྱེན་པས་མི་བསོད་ཁྲག་སྦྱོར་ཅི་ཆེ་བྱུང་བ་རྒྱ་གར་གཞུང་མང་གཉིས་ལ་གདུང་སེམས་མཉམ་སྐྱེ་མཚོན་ཆེད་དང༌། དེ་བཞིན་སྲིད་ཟུར་འདས་པོར་མྱ་ངན་གུས་བཏུད་ཆེད་ད་ཉིན་དགོང་དྲོའི་ཆུ་ཚོད་ པའི་ཐོག་ལས་བྱེད་གསོལ་ཚང་ཡང་སྟེང་ཚོགས་ཁང་དུ་སྲི་ཞུ་ལས་བྱེད་རྣམས་ཚང་འཛོམས་ཀྱིས་སྨོན་ལམ་གསུང་འདོན་གནང་རྗེས་ཆུ་ཚོད་ པ་ནས་དབུས་ལས་ཁུངས་ཁག་སྒོ་རྒྱབ་རྒྱུ་ཡིན་པ་དགོངས་འཇགས་ཞུ།

བཀའ་དྲུང་ཡིག་ཚང་ནས་ ༢༠༠༨ ཟླ་ ༡༡ ཚེས་ ༢༨ ལ་ཕུལ།།

 

 

 

 

 

 

 

 

 

 

 

 

 

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།