དྷ་ས་ས་གནས་གཞོན་ནུས་ལོ་གསར་གྱི་དུས་སྟོན་མེད་པའི་འབོད་སྐུལ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༢ཚེས་༡༠ཉིན། དེང་སང་བོད་ནང་དུ་རྒྱ་ནག་གཞུང་གིས་སྔར་ལས་དམ་དྲག་དང་བཙན་གནོན་བཙོན་འཇུག་བཅས་བྱེད་བཞིན་ཡོད་པས་མི་ཚད། ཉེ་སྔོན་བོད་རང་དབང་གི་ཆེད་དུ་བོད་མི་མང་པོའི་ཚེ་སྲོག་ཤོར་ཡོད་པས། དེ་ཚོའི་ནང་མི་བཅས་ལ་གདུང་སེམས་མཉམ་བསྐྱེད་མཚོན་ཆེད། ཁ་སང་དྷ་ས་ས་གནས་གཞོན་ནུས་འཛམ་གླིང་ཡུལ་གྲུ་གང་སར་གནས་པའི་བོད་མི་རྣམས་ཀྱིས་ལོ་གསར་དུས་སྟོན་མི་བྱེད་རྒྱུའི་འབོད་སྐུལ་ཞུས་འདུག

དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་ལགས་ཀྱིས། ང་ཚོས་འདི་ལོ་འཛམ་གླིང་གར་སར་གནས་པའི་བོད་མི་རྣམས་ལ་ལོ་གསར་གྱི་དུས་སྟོན་མི་བྱེད་རྒྱུའི་རེ་སྐུལ་བྱེད་བཞིན་ཡོད། གང་ཡིན་ཟེར་ན། དེ་སྔོན་ཕྱི་ལོ་༢༠༠༨ལོར་བོད་མིའི་ཞི་རྒོལ་ཆེན་མོ་ནང་མཉམ་ཞུགས་བྱེད་མཁན། བོད་པ་བཞི་ཉེ་ཆར་ཕྱི་ལོ་༢༠༠༩ཟླ་༡༠པར་རྒྱ་གཞུང་གིས་སྲོག་ཐོག་ཏུ་བཏང་བ་རེད་ལ། མ་ཚད་དེང་སང་བོད་ནང་གི་གནས་སྟངས་དེ་ཕྱི་ལོ་༢༠༠༨ནས་ཡར་རྒྱས་གང་ཡང་ཕྱིན་ཡོད་པ་མ་རེད། དེ་འདྲ་ཡིན་དུས་བོད་ནང་དུ་ཡོད་པའི་བོད་མི་དེ་ཚོ་དང་ལྷག་པར་རང་སྲོག་ཤོར་མཁན་གྱི་ནང་མི་དེ་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་དུ་ལོ་གསར་གྱི་དུས་སྟོན་མི་བྱེད་རྒྱུའི་འབོད་སྐུལ་བྱེད་བཞིན་ཡོད་ཅེས་གསུངས་སོང༌།

ཡང་ཁོང་གིས་ཕྱོགས་གཞན་ཞིག་ནི་རྒྱ་མིས་བོད་ལ་བཙན་འཛུལ་བྱས་ནས་ལོ་ངོ་༥༠འཁོར་ཡོད་པ་རེད། གལ་སྲིད་ང་ཚོས་ཐེངས་འདིར་ལོ་གསར་དུས་སྟོན་བྱས་པ་ཡིན་ན། རྒྱ་མིས་བོད་ལ་དབང་བསྒྱུར་བྱས་ནས་ལོ་ངོ་༥༠ཐོག་དུས་སྟོན་བྱས་པ་ལྟ་བུ་ཞིག་ཆགས་ཀྱི་འདུག་ཅེས་འགྲེལ་བརྗོད་ཡང་གནང་སོང༌།

དེ་བཞིན་ང་ཚོས་དབུས་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དོན་གྲུབ་ལྷ་དར་ལགས་སུ་ལོ་གསར་གྱི་དུས་སྟོན་མེད་པའི་ལས་འགུལ་སྐོར་བཀའ་འདྲི་ཞུས་པར། ཁོང་གིས་ལས་འགུལ་དེ་ནི་དྷ་ས་ས་གནས་གཞོན་ནུས་སྤེལ་བ་ལས། དབུས་གཞོན་ནུས་དེའི་སྐོར་བཀའ་རྒྱ་དང་བཀོད་ཁྱབ་བྱས་ཡོད་པ་མ་རེད་ཅེས་འགྲེལ་བརྗོད་གནང་སོང༌།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།