བཀའ་བློན་ཁྲི་པའི་ཚགས་པར་དབུ་འབྱེད་དང་འབྲེལ་བའི་བགྲོ་གླེང༌།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༢པའི་ཚེས་༨ཉིན། ཁ་སང་ཕྱི་དྲོར། སྒྲོན་མེ་རྩོམ་སྒྲིག་ཁང་གིས་དྷ་སྟེང་ཉིན་སློབ་གྱི་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་ནང་༼བཀའ་བློན་ཁྲི་པའི་ཚགས་པར་དབུ་འབྱེད་དང་འབྲེལ་བའི་བགྲོ་གླེང་༽ཞེས་པ་ཞིག་གོ་སྒྲིག་ཞུས་སོང་ལ། བོད་མི་སེར་སྐྱ་མང་ཚོགས་བརྒྱ་ཕྲག་ལྷག་བགྲོ་གླེང་ཚོགས་འདུའི་ཐོག་བཅར་ཡོད་པ་རེད།

དེ་ཡང་སྒྲོན་མེ་རྩོམ་སྒྲིག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་རྨེའུ་དཀོན་རྒྱམ་ལགས་ཀྱིས་བཀའ་བློན་ཁྲི་པའི་ཚགས་པར་དང་དེ་བཞིན་ཐེངས་འདིའི་༼༢༠༡༡ལོའི་བཀའ་བློན་ཁྲི་པ་འཚོལ་བ་༽ཞེས་པ་གླེང་བརྗོད་དུ་གྱུར་པའི་བགྲོ་གླེང་ལས་གཞི་ངོ་སྤྲོད་བྱས་དོན། འདི་ཚོགས་པ་དང་སྒྲིག་འཛུགས། དེ་བཞིན་ལངས་ཕྱོགས་སོགས་བྱེ་བྲག་ཏུ་བཟུང་བ་ཞིག་གང་ཡང་མ་རེད། བོད་མི་སྤྱི་བོའི་འགན་ལེན་ཁུར་ཏེ་མང་ཚོགས་རང་བཞིན་གྱི་ལས་འགུལ་འདི་སྤེལ་འགོ་བརྩམས་པ་ཡིན། དེ་རིང་བཀའ་བློན་ཁྲི་པའི་ཚགས་པར་དབུ་འབྱེད་དང་འབྲེལ་བའི་བགྲོ་གླེང་གོ་སྒྲིག་ཞུ་དགོས་དོན་གྱི་དམིགས་ཡུལ་གཙོ་བོ་ནི། སྤྱིར་བཏང་བཀའ་བློན་ཁྲི་པ་ཟེར་བ་དེ་ང་ཚོས་ནམ་རྒྱུན་ངོས་འཛིན་བྱེད་བཞིན་པའི་ཆབ་སྲིད་ཀྱི་གནད་དོན་ཞིག་རྩ་བ་ནས་མ་རེད། ང་ཚོ་བོད་མི་མང་གི་འབྱུང་འགྱུར་དང་དེའི་བདེ་སྡུག་བཅས་ཆགས་བསྡད་ཡོད་པ་རེད། བཙན་བྱོལ་བོད་ཀྱི་མང་གཙོའི་འཕེལ་རིམ་དང་སྒྲིག་འཛུགས་ཚགས་ཚུད་ཡོང་བར་ང་ཚོ་མི་མང་རང་གིས་འགན་ཁུར་ཏེ་བཀའ་བློན་ཁྲི་པ་དང་སྤྱི་འཐུས་འདེམས་བསྐོ་ཚགས་ཚུད་དུ་གཏོང་དགོས་པ་རེད། དེ་བས་ང་ཚོའི་བཀའ་བློན་ཁྲི་པའི་ཚགས་པར་དང་དེ་དང་འབྲེལ་བའི་བགྲོ་གླེང་འདི་བཀོད་སྒྲིག་ཞུས་པ་ཡིན། དེ་ཙམ་དུ་མ་ཟད། ྋསྐྱབས་མགོན་རིན་པོ་ཆེ་མཆོག་གིས་ནམ་རྒྱུན་གསུང་བ་བཞིན་མང་གཙོའི་འཕེལ་རིམ་འདི་ང་ཚོ་བཙན་བྱོལ་སྤྱི་ཚོགས་ནང་གི་དམིགས་བསལ་གྱི་འཕེལ་རིམ་ཞིག་ཆགས་བསྡད་ཡོད་པ་རེད། གང་ལྟར་ང་ཚོས་འདི་འདྲའི་ལས་རིམ་ཞིག་སྒྲོགས་སྦྱང་བྱེད་དགོས་དོན་ནི། ང་ཚོ་བོད་མི་རིགས་སྤྱི་ཙམ་མ་ཟད། འཛམ་བུ་གླིང་སྤྱི་ཡོངས་ལ་ཆ་བཞག་ན་གལ་ཆེན་པོ་ཞིག་ཆགས་བསྡད་ཡོད་པ་རེད།

བགྲོ་གླེང་ཚོགས་འདུའི་ཐོག་གདན་འབོད་བྱས་པའི་བོད་མི་མང་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས་ཀྱིས་མི་མང་གི་ངོས་ནས་བཀའ་ཁྲི་དང་སྤྱི་འཐུས་ཚད་ལྡན་ཞིག་ཡོང་བར་ཟབ་ནན་ག་འདྲ་བྱེད་དགོས་ཞེས་པ་དང༌། གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ཀྱིས་༢༠༡༡ལོའི་བཀའ་ཁྲིའི་འོས་མིར་དམིགས་བསལ་གྱི་ཁྱད་ཆོས་ག་འདྲ་ཞིག་ཚང་དགོས་ཞེས་པ། བོད་ཀྱི་བང་ཆེན་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ཀྱིས་གསར་འགོད་པ་ཚོས་༢༠༡༡ལོའི་བཀའ་ཁྲིའི་འོས་འདེམས་སྐོར་མི་མང་ལ་གོ་རྟོགས་ཇི་ལྟར་སྤེལ་ན་བཟང་ངམ་ཞེས་པ། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་ལུང་རིགས་རྒྱལ་གྱིས་གསར་འགྱུར་བརྒྱུད་ལམ་ཁག་གིས་འབྱུང་འགྱུར་བཀའ་ཁྲིའི་སྐོར་ལ་འགན་ལེན་ཇི་ལྟར་བྱ་དགོས་ཞེས་པའི་བརྗོད་གཞིའི་སྒང་ལ་བགྲོ་གླེང་གཏམ་བཤད་སྤེལ་བྱུང༌།

༼བཀའ་བློན་ཁྲི་པ་༽ཞེས་པའི་ཚགས་པར་འདི་ནི་དྷ་སའི་གཞོན་སྐྱེས་སྐོར་ཞིག་གིས་མ་སྐུལ་རང་འགུལ་གྱི་སྒོ་ནས་འདོན་འགོ་ཚུགས་མ་ཐག་པའི་ཟླ་རེའི་ཚགས་ཤོག་ཅིག་རེད་ཅིང༌། ཚགས་པར་འདིའི་རྒྱུས་སྟོན་པ་ནི་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་རྡོ་རྗེ་དབང་ཕྱུག་དང༌། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་ལུང་རིགས་རྒྱལ། དེ་བཞིན་ཨ་འབྲུག་དཀོན་མཆོག་དང་སྨན་ཤེར་བློ་གྲོས་སོགས་རེད་ལ། ཚགས་པར་འདི་ནི་གསར་འགྱུར་དང་རྒྱུན་ཤེས། འོས་གཞི། བཅར་འདྲི། བསམ་ཚུལ། དཔྱད་གླེང་སོགས་ཀྱི་སྡེ་ཚན་སྣ་མང་ལྡན་པའི་ཚགས་ཤོག་ཅིག་རེད།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་བྲིས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
ཕྱོགས་ཡོངསནབལྟ
2 ༠༨༢༠༡༠༡༧༥༢
ཚགས་པར་འདི་ལ་མིང་ཡག་པོ་ཞིག་བཏགས་འདུག་ལ། སྐད་ཆ་འང་འདྲ་ཆ་པོ་འགའ་བཤད་འདུག འོན་ཀྱང་རྒྱབ་ལྮོངས་དང་དམིགས་ཡུལ་ཅི་ཡིན་མི་ཤེས། གཅིག་བྱས་ན་ཆབ་སྲིད་པ་རེས་འགའ་རང་ཉིད་བཀའ་བློན་བྱ་འདོད་ནས་འདི་ལྟ་བུའི་འཁྲབ་སྟོན་ཞིག་འཁྲབ་པའང་ཡིན་སྲིད། གཅིག་བྱས་ན་ཆོས་ལུགས་སྤྱི་འཐུས་རྩ་མེད་བཏང་པའི་སླད་དུ་ཡིན་སྲིད། ང་ཚོས་ཨ་ལོ་ཨེ་འདུག་རྗེས་སུ་བལྟས་ཆོག
1 ༠༨༢༠༡༠༡༧༠༠
ཚགས་ཤོག་དེ་གཙོ་བོ་དྲང་བདེན་དང་ཕྱོགས་ལྷུང་མེད་པའི་ལམ་དུ་བསྐྱོད་དེ་མི་མང་ལ་མིག་སྟོན་བཟང་པོ་ཞིག་བྱེད་ཐུབ་པའི་སྨོན་འདུན་ཞུ།



བརྗོད་གཞི་གཞན་ཁག་ལ་གཟིགས།