གསར་འགྱུར་གསར་པ།:
  • ཕྱི་ཚེས་༨ཉིན་པཱ་ཀི་སི་ཐན་ཁུལ་དུ་ཡོད་པའི་པཱ་ཇབ་གྱི་མངའ་སྡེ་ལ་ཧོ་རིས་ནང་རླངས་འཁོར་ཞིག་ནས་རང་སྲོག་བློས་བཏང་གི་གཏོར་རྒོལ་འོག་མི་༡༢བསད་ཡོད་པ་རེད།
    ༠༩༠༣༡༠
  • རྒྱལ་སྤྱིའི་བེུད་ཉིན་མོར་ལྕམ་ཧེ་ལ་རུ་ཁི་ལི་ཊོན་གྱིས་བེུད་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་དང་འགྲོ་བ་མིའི་ཐོབ་ཐང་ནི་བུད་མེད་ཀྱི་ཐོབ་ཐང་ཡིན་ཞེས་གསུངས་ཡོད་པ་རེད།
    ༠༩༠༣༡༠
  • ཡོང་ལ་ཉེ་བའི་སུམ་ཅུ་དུས་དྲན་ལ་དམིགས་ནས་རྒྱ་གཞུང་གིས་བོད་ནང་དུ་དམ་དྲག་བྱེད་བཞིན་ཡོད་པ་རེད།
    ༡༨༠༢༡༠
  • རྒྱ་གར་བྱང་ཕྱོགས་ཨུ་ཊར་མངའ་སྡེའི་ནང་ཧིན་དྷུའི་ལྷ་ཁང་ཞིག་གི་སྒོ་ཆེན་བརྡིབས་སྐྱོན་གྱིས་མི་༦༠འཆི་སྐྱོན་བྱུང་ཡོད་འདུག
    ༡༡༠༡༡༠
  • ཨ་རིས་དབྱི་རན་གྱི་རྡུལ་ཕྲན་གནད་དོན་ཐད་དམག་གི་སྟོབས་ཤུགས་སྤེལ་རྒྱུ་མིན་ཟེར།
    ༡༡༠༡༡༠
  • ཐའེ་ལན་ཌིའི་གཞུང་ཚབ་ཀྱིས་ཨ་མ་རྗེ་བཙུན་པདྨ་མཆོག་ལ་ཐོངས་ཆེན་སྤྲད་ཡོད་མི་འདུག
    ༢༩༡༠༠༩

ཉེ་དུས་གསར་འགྱུར།

finallamp

ལོ་གསར་གྱི་ཚབ་ཏུ་མཆོད་འབུལ།

༢༠༡༡ལོའི་བཀའ་ཁྲི།?

མི་མང་གི་ཆེད་དུ། མི་མང་ནས་བསྐོས། མི་མང་གི་རང་དབང༌། མང་གཙོ།













གྲུབ་འབྲས།

ཞལ་འདེབས་གནང་ས།

བོད་ཀྱི་སྐུ་ཚབ་ཚོགས་ཆུང་ཕྱིར་ཕེབས་གནང་ཡོད་འདུག

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ལོའི་ཟླ་༢པའི་ཚེས་༡ཉིན། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ྋགོང་ས་ཏཱ་ལའི་བླ་མ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐུ་ཚབ་སྐལ་བཟང་རྒྱལ་མཚན་གཉིས་ཀྱིས་སྣེ་ཁྲིད་པའི་སྐུ་ཚབ་ཚོགས་ཆུང་གིས་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཚོ་དང་ལྷན་དུ་བོད་རྒྱ་འབྲེལ་མོལ་ཐེངས་དགུ་པ་གྲུབ་སྟེ། དེ་རིང་ཞོགས་པར་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཕེབས་འབྱོར་གནང་ཡོད་ལུགས་སྐུ་སྒེར་ཡིག་ཚང་གི་དྲུང་ཆེ་འཆི་མེད་ཆོས་སྐྱབས་ལགས་ཀྱིས་ཕི་རན་སིའི་གསར་ཁང་༼AFP༽ཞེས་པར་འགྲེལ་བརྗོད་གནང་ཡོད་པ་རེད།

བོད་རྒྱའི་སྐུ་ཚབ་རྣམ་པ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཟླ་སྔོན་མའི་ཕྱི་ཚེས་༣༠དང་༣༡ཉིན་གཉིས་རིང་ལ་ལྷན་འཛོམས་ཀྱིས་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བ་དེ་བསྐངས་ཡོད་འདུག་ལ། རྒྱ་གཞུང་གིས་ཐེངས་འདིའི་འབྲེལ་མོལ་ཐད་ཀྱི་གསར་འགོད་གསལ་བསྒྲགས་ཤིག་ཕྱི་ཚེས་༢ཏེ་སང་ཉིན་སྤེལ་འཆར་རེད་འདུག

དྲུང་ཆེ་འཆི་མེད་ཆོས་སྐྱབས་ལགས་ཀྱིས་བོད་རྒྱའི་སྐུ་ཚབ་དབར་གྱི་འབྲེལ་མོལ་སྒང་ལ་ཞིབ་ཕྲའི་གནས་ཚུལ་ཅི་ཡང་འགྲེལ་བརྗོད་གནང་མི་འདུག་མོད། ཁོང་གིས་བོད་ཀྱི་སྐུ་ཚབ་ཚོགས་ཆུང་དེ་རིང་ཕྱི་དྲོར་བཞུགས་སྒར་དྷ་སར་ཆིབས་བསྐྱོད་ཀྱིས་ཐེངས་འདིའི་འབྲེལ་མོལ་སྐོར་བཙན་བྱོལ་བོད་ཀྱི་བཀའ་བློན་ཁྲི་བ་མཁས་དབང་ཟམ་གདོང་རིན་པོ་ཆེར་སྙན་གསེང་ཞུ་རྒྱུ་ཡིན་ལུགས་བརྗོད་ཡོད་འདུག

ཕྱི་ལོ་༢༠༠༨ལོའི་བོད་རྒྱ་འབྲེལ་མོལ་ཐེངས་༨པའི་སྟེང༌། ༧གོང་ས་མཆོག་གི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྙིང་དོན་གཞིར་བཟུང་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་ཞིག་སྤྲད་ཡོད་ཀྱང༌། རྒྱ་གཞུང་གིས་ཡིག་ཆའི་དགོངས་དོན་དང་དགོས་འདུན་ཁག་ཁས་ལེན་ཐབས་མེད་ཚུལ་བརྗོད་ཡོད་འདུག འོན་ཏེ་མ་འོངས་པའི་འབྲེལ་མོལ་གྱི་སྒོ་མོ་མུ་མཐུད་ཕྱེ་རྒྱུ་ཡིན་ཞེས་གསལ་འདེབས་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་གཡང་བྱམས་ཀྱིས་ཕབ་བསྒྱུར་བྱས།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (2)
རྡོག་རྡོག་གསུངས་རོགས།
2 ༠༢༢༠༡༠༢༠༡༦
མགོན་ཆོས།
དང་ཐོག་སྐུ་ཚབ་རྣམས་ཕྱིར་པེབས་གནས་ཚུལ་ཐོས་འཕྲལ་དགའ་སྐྱོ་གཉིས་ལྡན་ཀྱི་ཚོར་སྣང་ཞིག་སླེབས་སོང་། དེ་རྗེས་གོང་གི་གསར་འགྱུར་དེ་བཀླགས་པ་དང་རྡོག་རྡོག་ཏིག་ཏིག་གང་ཡང་ཧ་གོ་མ་སོང་བས།
་་་མྱུར་དུ་གཏམ་བཟང་ཡོང་རྒྱུརེ་བ་བྱེད་བཞིན་ཡོད།
དྲི་བ།
1 ༠༢༢༠༡༠༡༥༠༣
མི་ནག
དྲ་གྲོགས་ཚོ། ཁྱོད་ཚོས་སྐུ་ཚབ་རྣམས་ཡར་ཕེབས་པ་ཐོས་ཨེ་བྱུང་། བོད་ཀྱི་སྐུ་ཚབ་དང་རྒྱ་མིའི་དཔོན་རིགས་དབར་གྱི་གྲོས་རྣམས་གོ་ཨེ་བྱུང་། ད་ང་ཚོ་བོད་པ་ལ་རེ་བ་འདྲ་ཡོད་པ་དྲན་ཨེ་བྱུང་།