༧གོང་ས་མཆོག་གི་སྐུ་ཚབ་རྣམས་བོད་རྒྱ་འབྲེལ་མོལ་ཆེད་ཕྱོགས་ཐོན་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༠ཟླ་༡ཚེས་༢༥ཉིན། དྷ་རམ་ས་ལ་ནས་གནས་ཚུལ་སྤེལ་གསལ་ལྟར་ན། བདུན་ཕྲག་སྔོན་མར་རྒྱ་ནག་གཞུང་དང་བཙན་བྱོལ་བོད་གཞུང་ཕྱོགས་གཉིས་ཀ་ནས་བོད་དོན་སྐོར་ཚོགས་འདུ་སྐོང་ཚོགས་བྱས་རྗེས། བདུན་ཕྲག་འདིའི་རེས་གཟའ་ཟླ་བ་ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱལ་རི་བློ་གྲོས་རྒྱལ་མཚན་མཆོག་གིས་གཙོས། བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ལྔ་རྒྱ་ནག་ཧུ་ནན་ཞིང་ཆེན་དུ་ཆེད་ཕེབས་ཀྱིས་རྒྱ་ནག་གཞུང་གི་དཔོན་རིགས་ཚོ་དང་གསར་དུ་བོད་རྒྱ་འབྲེལ་མོལ་སྐོར་སྐད་ཆ་བྱེད་པར་ཕེབས་ཡོད་པ་རེད།

དེ་ཡང་ཐེངས་འདིའི་སྐུ་ཚབ་ལྔ་ནི། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱལ་རི་བློ་གྲོས་རྒྱལ་མཚན་མཆོག་དང༌། སྐལ་བཟང་རྒྱལ་མཚན། དེ་བཞིན་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གི་ཚོགས་མི་བུ་ཆུང་ཚེ་རིང༌དང་འཇིགས་མེད་པ་སངས། བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་གསར་པ་བསྟན་འཛིན་ཕུན་ཚོགས་བཅས་ཡིན་འདུག

དེ་སྔོན་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཚོས་རྒྱ་ནག་གཞུང་ལ། བོད་མི་ཚོར་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཞིག་གི་གནས་བབས་དགོས་ཀྱི་ཡོད་ལུགས་ཀྱི་ཞུ་སྙན་ཕུལ་ཡོད་ཀྱང་། བོད་རྒྱལ་འབྲེལ་མོལ་གྱི་གནས་སྟངས་ཐད་ད་ལྟ་བར་དུ་ཡར་རྒྱས་གང་ཡང་ཕྱིན་མེད་པ་རེད།

བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་པའི་གནད་དོན་དེ་བོད་རྒྱ་གཉིས་ཀྱི་སྐུ་ཚབ་དབར་ཕན་ཚུན་འབྲེལ་མོལ་གྱི་ལམ་ནས་སེལ་དགོས་པ་ཞིག་རེད་ཅེས་དང༌། ངོས་ནས་བོད་མི་ཚོའི་རེ་བ་དེ་མ་འོངས་པར་མངོན་སུམ་དུ་འགྲུབ་པའི་རེ་བ་དང་སྨོན་འདུན་ཡོད་ཅེས། ཨེ་ཤ་ཡིའི་དུས་བབ་ཞེས་པའི་དྲ་རྒྱ་ཐོག་འགྲེལ་བརྗོད་གནང་ཡོད་འདུག

སྤྱི་ལོ་༢༠༠༨བར་དུ་བོད་རྒྱ་གཉིས་དབར་གཞུང་འབྲེལ་གྱི་གྲོས་མོལ་ཐེངས་༧ནས་༨བར་བྱས་ཀྱང་དོན་དངོས་ཐོག་ཡར་རྒྱས་ཀྱི་རྣམ་པ་གང་ཡང་ཕྱིན་མེད་ཀྱང༌། ཉེ་ཆར་བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་རྒྱ་ཞི་མོལ་སྐོར་བོད་རྒྱ་ཞི་མོལ་ལས་དོན་ཚོགས་ཆུང་གིས་ཚོགས་འདུ་ཞིག་ཉིན་༢རིང་བཞུགས་སྒར་དྷ་རལ་ས་ལར་འཚོགས་ཡོད་པ་དང༌། རྒྱ་ནག་གཞུང་ཕྱོགས་ནས་ཀྱང་བོད་ཀྱི་གནད་དོན་ཐད་ཚོགས་འདུ་ཐེངས་༥པ་དེ་རྒྱ་ནག་པེ་ཅིང་དུ་འཚོགས་ཡོད་འདུག་ལ། ཚོགས་འདུ་དེར་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིང་ཐའོ་དང་སྲིད་བློན་ཝུན་ཅ་པའོ་ཐེའི་མཐོ་རིམ་མི་སྣ་མང་པོ་ཚོགས་ཞུགས་བྱས་ཡོད་འདུག

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་དྲ་བའི་གསར་འགོད་པ་སངས་རྒྱས་ཀྱིས་ཕབ་བསྒྱུར་ཞུས།།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (3)
3 ༢༧༢༠༡༠༡༠༠༠
ལགས་སོ་ཁམས་ཕྲུག་ལགས། དགོངས་ཚུལ་གསུངས་བར་ཐུགས་རྗེ་ཆེ། ཝུ་ཧན་རེད་མི་འདུག ཧུ་ནན་རེད་འདུག དངོས་གནས་ནོར་འཁྲུལ་ཤོར་འདུག དྲ་རྒྱ་འདི་ཚགས་ཚུད་དུ་ཡོང་ཆེད་རྗེས་ཕྱོགས་སུ་ཡང་དགོངས་ཚུལ་འདི་འདྲ་གང་མང་གསུང་རོགས། མ་ཚད་སྐུ་ཉིད་ཤམ་བྷ་ལའི་དྲ་རྒྱའི་ཟིན་བྲིས་ནང་ཕེབས་ཐུབ་ན་དགེ་ཚན་ཡང་ཆེ་སྙམ། གལ་སྲིད་ཟིན་བྲིས་ཀྱི་ཁ་བྱང་བཟོ་ཕྱོགས་ཐད་དཀའ་ངལ་ཡོད་ཚེ། ཤམ་བྷ་ལའི་དྲ་རྒྱའི་མདུན་ཤོག་ངོས་སུ་གོང་གི་ཁ་བྱང་ཟིན་བྲིས་ཞེས་པ་དེ་ནས་གཟིགས་ན། ཟིན་བྲིས་སྐོར་འབྲེལ་བཤད་ཆ་ཚང་ཡོད་པ་དང་། མ་ཚད་འདི་གའི་དྲ་རྒྱ་དོ་དམ་པར་འབྲེལ་བ་གནང་ནའང་འཐུས། །
ཨོ། སྐུ་ཉིད་ཀྱི་དྲི་བ་གཞན་པ་དེ། ངས་མི་ཁ་ཤས་ལ་སྐད་ཆ་འདྲི་དུས། ཐེངས་འདིའི་སྐུ་ཚབ་ནང་རྒྱ་སྐད་ཤེས་མཁན་ཡོད་པ་མ་རེད་ཟེར།
2 ༢༥༢༠༡༠༡༧༤༡
སྐུ་ཚབ་རྣམ་པའི་ནང་ན་རྒྱ་ཡིག་མཁྱེན་མཁན་རེ་ཡོད་པ་ཨེ་རེད།
1 ༢༥༢༠༡༠༡༧༣༩
གསར་འགོད་པ་ལགས། ཝུ་ཧན་ཞིང་ཆེན་ཟེར་བ་ཞིག་རྩ་བ་ནས་ཡོད་པ་མ་རེད།



བརྗོད་གཞི་གཞན་ཁག་ལ་གཟིགས།