གཞོན་ལྷན་གྱིས་རྒྱ་གར་རྒྱལ་ཡོངས་སུ་ལས་འགུལ་སྤེལ་འགོ་བཙུགས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༡༢།༡༣ ཉིན་སྤེལ། "རྒྱ་མིའི་སྣོད་ཆས་ཉོ་འཚོང་བྱས་པའི་མཐའ་མིའི་དངུལ་དེ་ནི་རྒྱ་ནག་གི་དམག་དང་གོ་མཚོན། ལག་ཆ་སོགས་སུ་བེད་སྤྱོད་གཏོང་གི་ཡོད་པ་དེ་རྒྱ་གར་གཞུང་མང་གིས་མཁྱེན་རྟོགས་གནང་རོགས་ཞུས་པ་ཡིན།"ཞེས་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་ཀྱིས་གསུང་སོང་།

Tibet-BJY-2017ཁ་སང་སྔ་དྲོའི་ཚོུད་ ༩ ཐོག  བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཐེངས་ ༦༩ དང་༧གོང་ས་མཆོག་གིས་ཞི་བདེ་གཟེངས་རྟགས་བཞེས་ཏེ་ལོ ༢༨ འཁོར་བའི་མཛད་སྒོའི་ཉིན་མོ་དང་སྟབས་བསྟུན་གྱིས་ས་ཁུལ་ཆེ་ཁག་གསུམ་ནས་གྲོས་ཆོད་ལྟར་འབོད་སྐུལ་གསུམ་གྱི་ཐོག་རྒྱལ་ཡོངས་གཞུང་མང་གོ་རྟོགས་ལས་འགུལ་ཟེར་བ་ཞིག་རྒྱ་གར་གྱི་གྲོང་ཁྱེར་དང་གྲོང་བརྡལ་ཆེ་ཁག་ ༡༥༠ སྤེལ་རྒྱུ་དེ་ནི་དབུས་ས་གཉིས་ནས་ལས་འགུལ་འགོ་འཛུགས་བྱས་པ་དང་། རྒྱ་གར་བྱང་ཕྱོགས་མེག་རྒན་གྱི་ཁྲོམ་ཆེན་དཀྱིལ་དུ་སྐབས་འདིའི་ལས་འགུལ་དབུས་གཞོན་ནུའི་རིག་གཞུང་དྲུང་ཆེ་བཀྲ་ཤིས་དོན་འགྲུབ་ཀྱི་སྣེ་ཁྲིད་འོག་འགོ་འཛུགས་གནང་སོང་།

ཉིན་འདིར་སྣེ་ཁྲིད་པ་བཀྲ་ཤིས་དོན་འགྲུབ་ལགས་སུ་གསར་འགོད་པས་བཅར་འདྲི་ཞུས་ལན་དུ། "ལས་འགུལ་འདི་ནི་བཙན་བྱོལ་གྱི་མི་ཚང་མས་གནང་ཐུབ་པ་ཞིག་རེད། རྒྱ་གར་མི་མང་མཉམ་དུ་མཐུན་ལམ་བཟོ་བ་དང་རྒྱ་གར་དཔོན་རིགས་རྣམས་སུ་བོད་ཀྱི་རྩ་དོན་དང་འབྲེལ་བའི་ཞུ་གཏུགས་བྱེད་པ་བཅས་རེད། "ཅེས་དང་། གཞན་ཡང་། "ངྷ་ས་ནས་འགོ་བཙུགས་ཏེ་ས་གནས་ཁག་ ༥༦ དང་མངའ་སྡེ་ ༦  ལྷག་ཅིག་ལ་ལས་འགུལ་སྤེལ་གྱི་ཡོད། སྤྱིར་ང་ཚོས་ས་ཁུལ་ཁག་གསུམ་ནས་གཞི་རྒྱ་ཆེ་བའི་ལས་འགུལ་འདི་འགོ་འཛུགས་བྱས་ཡོད།" ཅེས་འགྲེལ་བརྗོད་གནང་སོང་།

Tibet-Deputy-sapeaker-2017དེ་ཡང་དབུ་འཛུགས་སྐབས་ཀྱི་སྐུ་མགྲོན་གཙོ་བོ་སྤྱི་འཐུས་ཚོགས་གཞོན་ཨ་ཅཱརྱ་ཡེ་ཤེས་ཕུན་ཚོགས་མཆོག་གིས་འབྲེལ་ཡོད་གསུང་བཤད་དུ། "སྐབས་འདིའི་གཞོན་ནུའི་གཞི་རྒྱ་ཆེ་བའི་ལས་འགུལ་ས་ཁུལ་ཁག་གསུམ་དུ་སྤེལ་རྒྱུ་ཡོད་པ་དང་། ངྷ་སའི་ལས་འགུལ་དབུ་འཛུགས་ཀྱི་སྐུ་མགྲོན་གཙོ་བོར་འབོད་སྐུལ་ཞུས་པ་བཞིན་བཅར་བ་ཡིན། ཁོང་ཚོས་རྒྱ་གར་རྒྱལ་ཡོངས་སུ་ལས་འགུལ་སྤེལ་བར་དོན་ཚན་གསུམ་ཡོད་ཅིང་། རྒྱ་ནག་གི་ཅ་ལག་བེད་སྦྱོད་མི་གཏོང་བར་རྒྱ་གར་གྱི་མི་འབུམ་གཅིག་དང་སྟོང་ཕྲག་ལྔ་བཅུ་ལྷག་གིས་ལས་འགུལ་ཤུགས་ཆེན་པོ་ཞིག་སྤེལ་ཡོད་པ་དང་། རྒྱ་མིས་ཅ་ལག་དེ་དག་ནི་བཙོན་མ་རྣམས་ཕོག་མེད་ཀྱིས་བཟོ་རུ་བཅུག་པ་ཞིག་ཡིན་པས་ན། གཞོན་ནུའི་ལས་འགུལ་ལ་རྒྱབ་སྐྱོར་གང་ཐུབ་གནང་རོགས་གནང་ཞུ་ཡ་དང་། ལྷག་པར་དུ། ང་ཚོའི་བོད་ཀྱི་འཐབ་རྩོད་འདི་ནི། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་ལམ་སྟོན་བཟང་པོའི་འོག་ཏུ་འཛམ་གླིང་ཡོངས་ཁྱབ་ཆགས་པ་དེ་ནི།
ཐོག་མ་ཕྱི་ལོ་ ༡༩༥༩ ལོར་རྒྱ་གར་བལ་ཡུལ་འབྲུག་གསུམ་ནས་གཙོ་བོ་རྒྱ་གར་གཞུང་དང་མི་མང་གིས་མཐུན་འགྱུར་གནང་བའི་རྐྱེན་རེད། ད་དུང་མི་མཐུད་དུ་གནང་རོགས་གནང་།" ཞེས་དང་།
གཞན་ཡང་། "རྒྱ་མིའི་སྣོད་ཆས་ཉོ་འཚོང་བྱས་པའི་མཐའ་མིའི་དངུལ་དེ་ནི་རྒྱ་ནག་གི་དམག་དང་གོ་མཚོན། ལག་ཆ་སོགས་སུ་བེད་སྤྱོད་གཏོང་གི་ཡོད་པ་དེ་ཡིས། རྒྱ་གར་ལ་དངོས་སྲོག་གི་དུག་དང་རྫས་ཡིན་པ་མ་ཟད། དངུལ་ཡང་བེད་མེད་ལོག་སྤྱོད་ཅིག་ཏུ་གཏོང་གི་ཡོད་པ་དེ་ནི་མཁྱེན་རྟོགས་གནང་རོགས་ཞུས་པ་ཡིན།"ཞེས་འགྲེལ་བརྗོད་གནང་སོང་།

Tibet-support-2017ད་མིན། གཞི་རྒྱ་ཆེ་བའི་ལས་འགུལ་གྱི་འབོད་སྐུལ་གསུམ་ནི། རྒྱ་གར་མི་མང་གིས་གྲོས་ཚོགས་འཐུས་མི་ལ་བོད་ཀྱི་གནད་དོན་གྲོས་ཚོགས་སུ་གླེང་སློང་གནང་རྒྱུར་འབོད་སྐུལ་ཞུ་རོགས།
རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་སྐྱར་ཞིབ་ཀྱིས་བོད་དེ་འདས་པའི་ལོ་རྒྱུས་ནང་རང་བཙན་རྒྱལ་ཁབ་ཞིག་དང་ད་ལྟ་བཙན་འོག་ལ་ཡོད་པའི་རྒྱལ་ཁབ་ཞིག་ལ་ངོས་འཛིན་གནང་རོགས།
ཧིན་བོད་མི་མང་ནས་རྒྱ་དམར་གྱི་ཅ་དངོས་ཉོ་འཚོང་སྤྱོད་གསུམ་བྱ་རྒྱུ་མཚམས་འཇོགས་གནང་རོགས།
ཅེས་འབོད་སྐུལ་གསུམ་གཞི་བྱས་ཏེ་བོད་ཀྱི་གཞོན་ནུ་དབུས་ས་གཉིས་ནས་རྒྱ་གར་རྒྱལ་ཡོངས་སུ་ལས་འགུལ་ཆེན་པོ་སྤེལ་བཞིན་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།