དགོངས་ཚུལ།

དོན་གཅོད་འཕོ་འགྱུར་ཐད་བཀའ་ཤག་ལ་ཞུ་འབོད་ལས་འགུལ་སྤེལ་བ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༡༡།༢༨ཉིན་སྤེལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ནས་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་འཕོ་འགྱུར་གཏོང་སྟངས་ཐད་མི་མང་གིས་འདོད་བློ་འཁེངས་མེད་ལུགས་འགྲེལ་བརྗོད་བྱེད་བཞིན་ཟླ་འདིའི་ཚེས་༢༧་ཉིན་བཞུགས་སྒར་དུ་ཉིན་གཅིག་རིང་ཞི་བའི་ཞུ་འབོད་ཀྱི་ལས་འགུལ་ཞིག་སྤེལ་སོང་།

Tibet-protestcabinet-2017དེ་ཡང་འདི་ག་གསར་འགོད་པ་ཡུལ་དངོས་སུ་བསྐྱོད་པའི་གནས་ཚུལ་ལྟར་ན། དེ་རིང་སྔ་དྲོའི་ཚོུད་ ༡༠ ཐོག  བཞུགས་སྒར་ངྷ་སའི་གངས་སྐྱིད་སྤོ་ལོ་རྩེད་ཐང་དུ། བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་ཀྱི་ཆེད་དུ་ལས་འགུལ་དེའི་ནང་དུ་རྒྱ་གར་དང་བལ་ཡུལ་གྱི་ས་གནས་ཁག་ཅིག་དང་། བཞུགས་སྒར་དྷ་ས་ཁུལ་བཅས་ནས་མི་མང་ ༡༠༠ མ་ཟིན་ཙམ་འདུ་འཛོམས་ཀྱིས་ཞུ་འབོད་གནང་གིན་འདུག་ལ། ཁོང་ཚོ་རེ་རེའི་ལག་ཏུ་འཕྲེད་བྱང་རེ་བཟུང་ཡོད་པའི་སྟེང་དུ། "བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་བྱེད་དགོས། དབང་ཆ་ལོག་སྤྱོད་མ་བྱེད། བོད་མིའི་རྩ་ཁྲིམས་ལོག་སྤྱོད་མ་བྱེད། མི་མང་གི་མངོན་འདོད་སྣང་མེད་བཏང་མི་ཆོག ༧གོང་ས་མཆོག་གི་མཛད་འཕྲིན་ལ་བརྩི་མེད་རྡོག་རོལ་གཏོང་མི་མཆོག རང་དབང་ལྡན་པའི་ཞིབ་འཇུག་ཚོགས་ཆུང་བཙུགས་ཏེ་དོན་རྐྱེན་འདི་གང་མགྱོགས་ཐག་གཅོད་བྱེད་དགོས། "  ཅེས་བྲིས་པའི་འཕྲེད་བྱང་འཕྱར་བ་དང་གྱང་ངོས་སུ་སྦྱར་སྟེ། བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་ཀྱི་ལས་འགུལ་ཞེས་ཞུ་འབོད་གནང་བཞིན་འདུག

གཞན་ཡང་ལས་འགུལ་འདི་སོ་སོས་དྭངས་བླང་གིས་སྤེལ་གྱི་ཡོད། ང་འགྲོ་ཐུབ་ཀྱི་མི་འདུག དོ་བདག་སོ་སོ་ལ་ཁྱེད་རང་འགྲོ་ཡི་ཡོད་ན། པེ་ཤག་འདི་ཁྱེད་རང་གིས་ཁྱེར་ལབ་ཡོད་ན་དོ་བདག་སོ་སོ་ལ་སྤྲད་ཡོད་ཀྱི་རེད་མ་གཏོགས། ང་ཚོ་ལ་པེ་ཤག་སྤྲད། ལས་འགུལ་སྤེལ་ཤོག འགྲོ་སོང་ངས་བཏང་ཡོང་ཟེར་མཁན་ཞིག་མེད། མི་མང་གིས་འགན་ཁུར་ནས་ད་ཐེངས་འཕོ་འགྱུར་ལ་བློ་ཕམ་ཡོད། ཆིག་སྒྲིལ་གཏོར་བཤིག་བཏང་སོང་ཟེར་གྱི་ཡོད། ང་ཚོ་ཆིག་སྒྲིལ་དགོས་ཀྱི་འདུག ཅེས་ལས་འགུལ་ཞུ་འབོད་ཀྱི་མགྲིན་ཚབ་པ་སྒྲོལ་མ་སྐྱབས་ཀྱིས་གསར་འགོད་པའི་དྲི་བར་ལན་བཏབས་སོང་།

ཁོང་ཚོའི་ཞུ་འབོད་ཡིག་ཆའི་ནང་དོན་མདོར་བསྡུས་སུ་བཀོད་ན།
 སྐུ་ཚབ་དོན་གཅོད་ཁག་ལ་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་མ་གནང་ཚེ། གནས་ཡུལ་རྒྱལ་ཁབ་ཏུ་དོན་གཅོད་ལས་ཁུངས་གནས་ཐབས་མེད་པ་ཡིན་པས། དོན་གཅོད་དེ་དག་ལ་༧གོང་ས་མཆོག་གི་སྐུ་ཚབ་ཡིན་པའི་མཚན་གནས་གཡར་གནང་ཡོང་བའི་ཆ་རྐྱེན་ཞིག་ཡིན་པ་ལས། དོན་གཅོད་བསྐོ་གཞག་བྱེད་མཁན་བཀའ་ཤག་ལ་དོན་ཚན་འདིའི་ཐོག་ནས་དོན་གཅོད་བསྐོ་གཞག་དང་འཕོ་འགྱུར་བྱེད་ཆོག་མིན་གྱི་དབང་ཆ་གང་ཡང་གསལ་མེད། གལ་སྲིད་དོན་གཅོད་འཕོ་འགྱུར་སྐོར་༧གོང་ས་མཆོག་ལ་༧སྙན་གསན་ཞུས་པ་ཡིན་ཟེར་བ་ཙམ་ཞིག་རྒྱུ་མཚན་དུ་བགྲང་གི་ཡོད་ན་ནི། བཀའ་ཤག་གིས་བསྐོ་བཞག་གནང་བའི་དོན་གཅོད་དེ་དག་ལ་སྐུ་ཚབ་ཀྱི་མཚན་གནས་གནང་རྒྱུ་བཅའ་ཁྲིམས་དོན་ཚན་འདིའི་ཐོག་ནས་༧གོང་ས་མཆོག་ལ་མཛད་འགན་ཕུལ་བ་ཞིག་ཡིན་ལ། བཅའ་ཁྲིམས་སུ་དོན་གཅོད་རྣམས་ལ་༧གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་བསྩལ་རྒྱུའི་ཆ་རྐྱེན་འདི་ཕྱིར་བསྡུ་གནང་རྒྱུའི་བསྐྱར་བཅོས་གཏན་འབེབས་མ་གནང་བར་དུ། དེའི་ཐོག་བཀའ་ཤག་གིས་༧གོང་ས་མཆོག་ལ་གསར་དུ་བསྐོ་འཛུགས་བྱས་པའི་དོན་གཅོད་ཅིག་ལ་མཚན་གནས་གནང་སྐྱོང་ཡོང་བའམ། ཡང་ན་དོན་གཅོད་འཕོ་འགྱུར་བཏང་བ་དེའི་མཚན་གནས་ཕྱིར་བསྡུ་གནང་སྐྱོང་ཡོང་བའི་བཀའ་འཁྲོལ་ཞུ་ལམ་མེད་ལ། བཀའ་འདྲེན་གནང་བ་དེར་གཞི་རྩ་གང་ཡང་མེད།

Tibet- protesttocabenet-2017ལར་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ ༡ པོའི་ནང་གསེས་ ༣ པའི་ནང་གོང་གསལ་བརྗོད་ཁག་དང་། དོན་ཚན་ ༧༢ ནང་གསེས་ ༡ ནང་། ས་གནས་མགོ་འཛིན་གྱི་གདམ་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མཚམས་འཛིན་གནང་སྐབས། སྐུ་ཚབ་དོན་གཅོད་ཁག་འོས་འདེམས་མ་དགོས་པ་ཡིན་ཞེས་བཀོད་པ་མ་གཏོགས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཡོངས་སུ་རྫོགས་པའི་ནང་། སྐུ་ཚབ་དོན་གཅོད་ཁག་བསྐོ་གཞག་བྱེད་ཕྱོགས་དང་། འཕོ་འགྱུར་གཏོང་སྟངས་ཀྱིས་མཚོན་པའི་བྱེད་སྒོ་གཅིག་ཀྱང་བསྟན་མེད། དེར་བརྟེན། སྲིད་ཚབ་ཆོས་རིག་བཀའ་བློན་གྱིས་གསུང་པ་ལྟར་ན། སྐུ་ཚབ་དོན་གཅོད་ཀྱི་ལས་འགན་ནས་འཕོ་འགྱུར་གཏོང་རྒྱུའི་ཐག་གཅོད་ཀྱང་བཅའ་ཁྲིམས་ཀྱི་དོན་ཚན་དང་ལག་བསྟར་བརྒྱུད་རིམ་དེ་དག་རང་གི་འོག་ནས་བྱས་ཡོད་པ་ཞིག་ཡིན་ཞེས་གསུངས་པ་དེར་གཞི་འཛིན་ས་གང་ཡང་མེད། རྒྱུ་མཚན་ནི། བཅའ་ཁྲིམས་སུ་དོན་གཅོད་འཕོ་འགྱུར་གཏོང་ཕྱོགས་སྐོར་ཚིག་འབྲུ་གཅིག་ཀྱང་གསལ་མེད་པ་དང་། དོན་ཚན་ ༡ ནས་གསེས་ ༣ པ་དེ་༧གོང་ས་མཆོག་ཁོ་ནའི་སྐུ་དབང་ཡིན་སྟབས། ཨ་རིའི་དོན་གཅོད་སྤེན་པ་ཚེ་རིང་ལགས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དང་པོའི་དོན་ཚན་ ༡ པོའི་ནང་གསེས་ ༣ ནང་གསལ་ལྟར་འཕོ་འགྱུར་བཏང་ཡོད་ཟེར་བ་ནི། ༧གོང་ས་མཆོག་གི་རང་ཆས་སུ་ཡོད་པའི་སྐུ་དབང་ཐོག་བཀའ་ཤག་ནས་ཐད་ཀར་ལག་པ་འཆང་བ་ཞིག་ཡིན་པ་མ་ཟད། བཀའ་ཤག་ལ་དོན་ཚན་དེའི་ཐོག་ལག་བསྟར་བྱེད་པའི་ཐོབ་ཐང་དང་དབང་ཚད་མེད་པ་མངོན་རྗེན་ཡིན་སྟབས། དངོས་གནས་བཅའ་ཁྲིམས་དོན་ཚན་འདིའི་ཆ་རྐྱེན་འོག་ནས་དོན་གཅོད་འཕོ་འགྱུར་གྱི་དབང་ཚད་བཀོལ་སྤྱོད་བྱས་པ་ཡིན་ཚེ། དེ་ནི་ཁྲིམས་འགལ་ཡིན། ཞེས་འཁོད་འདུག

Tibet-cabnetདེ་ཡང་མི་མང་དེ་དག་གིས་བཀའ་ཤག་ནས་བྱང་ཨ་རིའི་དོན་གཅོད་འཕོ་འགྱུར་གཏོང་དོན་ཕྱི་གསལ་ནང་གསལ་བཟོ་དགོས་པའི་ཞུ་འབོད་ཡིག་ཆ་དང་ཆབ་གཅིག་བོད་མིའི་སྒྲིག་འཛུགས་ཀྱི་ཆེ་མཐོང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བཞིན་པ་དང་། བཀའ་ཤག་གི་དྲུང་ཡིག་ཕུན་ཚོགས་ཚེ་རིང་གིས་གསར་འགོད་པར་བརྗོད་པ་ལྟར་ན། མིང་མང་གིས་ལས་འགུལ་སྤེལ་བའི་ཡིག་ཆ་དེ་དག་སང་ཉིན་བཀའ་ཤག་ལ་ཕུལ་ཆོག་པ་དང་དེ་དུས་བཀའ་ཤག་གིས་མར་ལན་རྒྱག་གི་ཡིན་སྐོར་བརྗོད་སོང་བ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:
བསམ་ཚུལ། (1)
1 ༢༩༢༠༡༧༠༢༠༤
younten
མི་ཁྱོད་ཚོའི་རྣ་བ་དང་རྣམ་ཤེས་དེ་འགྲེལ་བཤད་ག་ཚོད་བརྒྱབ་ཀྱང་ཉན་མི་ཤེས་པ་དང་གོ་མི་ཤེས་པའི་ཁྱི་དང་བོང་བུའི་རྣ་བ་དང་རྣམ་ཤེས་རེད། བཀའ་ཤག་གི་གསལ་བཤད་ཞིབ་རྒྱས་གནང་བ་དེས་གོ་རྟོགས་མེད་པའི་ཁྱི་དང་བོང་བུ་འདྲ་བ་ཁྱོད་ཚོ་ཉུང་ཤས་ཤིག་མ་གཏོགས་བཙན་བྱོལ་བོད་མིའི་བརྒྱ་ཆ་དགུ་བཅུ་གོ་དགུའི་དོགས་པ་རྣམ་རྟོག་སངས་ཏེ་ཚང་མས་ཡིད་ཆེས་དང་རྒྱབ་སྐྱོར་ཞུ་གི་ཡོད། དེ་རེད་འདུག་གམ་མི་འདུག་ཁྱོད་རང་ཚོ་བསམ་བློ་ཐོངས་དང་ས་རིས་ཐང་གསལ་རེད། བཀའ་ཤག་གི་དེ་སྔོན་གསལ་བཤད་གནང་བ་དེས་གསལ་པོ་མ་ཆགས་ན་ད་ཕྱིན་གསལ་བཤད་གནང་དང་མ་གནང་མེད་དེ། དམུས་ལོང་ལ་ཉི་མ་ཤར་བ་དང་། འོན་པའི་རྣ་བར་འབྲུག་གྲགས་ཀྱང་མཐོང་ཐོས་གང་ཡང་མེད་པ་དང་འདྲ་འདྲ་རེད། དེ་བས་ཁྱོད་རང་སྐད་འབོད་ག་ཚོད་བརྒྱབ་རྒྱུ་ཡོད་ནའང་བརྒྱག་རོགས་གྱིས། དམངས་གཙོ་ཡིན་ཙང་རང་དབང་རེད། སོ་སོས་སོ་སོ་ལ་ཞབས་འདྲེན་ཞུ་མཁན་ཁྱོད་ཚོ་ལ་སྙིང་རྗེ་བ་ལས་ཧ་ལས་རྒྱུ་དང་ཧང་སངས་རྒྱུ་གང་ཡང་མེད།

བསྟན་འཛིན་ཕུན་ཚོགས་མཆན་ལས་བཤུས།
http://tibettimes.net/2017/11/27/165137/comment-page-4/#comments



བརྗོད་གཞི་གཞན་ཁག་ལ་གཟིགས།