དགོངས་ཚུལ།

བོད་ཀྱི་དུས་སྟོན་གོ་སྒྲིག་བྱས་ཏེ་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༡༡།༢༧ཉིན་སྤེལ།
བོད་ཀྱི་འབྲས་ནད་ཚོགས་པའི་ངོས་ནས་རྒྱ་གར་གཞུང་མང་གཉིས་སུ་ཐུགས་རྗེ་མཚོན་སླད་དུ། བོད་ཀྱི་དུས་སྟོན་ཞེས་པའི་ལས་རིམ་ཞིག་ཉིན་ལྔའི་རིང་གོ་སྒྲིག་གནང་ཡོད་འདུག

Tibet-Tsulthumdorjeee-2017ཁ་སང་སྔ་དྲོའི་ཚོུད་༡༡ཐོག བཞུགས་སྒར་ངྷ་སའི་བོད་ཀྱི་གསོལ་མགྲོན་ཁང་གི་ཚོགས་ཁང་དུ། བོད་ཀྱི་འབྲས་ནད་ཚོགས་པའི་ངོས་ནས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན། རྒྱ་གར་ལྷོ་ཕྱོགས་སྦེང་ལོར་གྲོང་ཁྱེར་ནས་བོད་ཀྱི་དུས་སྟོན་ཞེས་པའི་ལས་རིམ་ཞིག་རྒྱ་གར་གཞུང་མང་གཉིས་སུ་ཐུགས་རྗེ་ཆེ་ཞུ་མཚོན་བྱེད་དུ་གོ་སྒྲིག་ཞུས་ཡོད་པའི་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་།

བོད་ཀྱི་འབྲས་ནད་ཚོགས་པ་གསར་འཛུགས་གནང་མཁན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་བརྗོད་པ་ལྟར་ན། བོད་ཀྱི་དུས་སྟོན་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་གཙོ་བོ་ནི། མཐོ་སློབ་ཏུ་བསྐྱོད་བཞིན་པའི་ཧིན་བོད་གཉིས་ཀྱི་སློབ་ཕྲུག་དང་མི་མང་ཚོར་རིན་མེད་ཐོག་སྐྲན་ནད་བརྟག་དཔྱད་བྱ་རྒྱུ། གཞན་ཡང་འགྲེམས་སྟོན་དང་རིག་གཞུང་འཁྲབ་སྟོན་སོགས་བརྒྱུད་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་དྲིལ་བསྒྲགས་བྱ་རྒྱུ་ཡིན། སྐབས་དེའི་དུས་སྟོན་སྐབས་དཔལ་འབྱོར་འདུ་འགོད་ཆེད་དུ་རྒྱན་ཤོག་ཚོང་འགྲེམས་བྱ་རྒྱུ་དང་། ཡོང་འབེབ་ཇི་ཡོད་ཐེངས་འདིའི་དུས་སྟོན་དང་མ་འོངས་ལས་འཆར་ཐོག་བེད་སྤྱོད་བྱ་རྒྱུ་ཡིན། ཞེས་གསལ་བཤད་གནང་སོང་།

Tibet-Tsulthumdorjee-2017དེ་ཡང་གསར་འགོད་པའི་དྲི་བར་ལན་གདབས་དོན།
ང་ཚོས་རིན་མེད་ཀྱིས་གཞི་ཆགས་ཁག་གི་མི་མང་ལ་བརྟག་དཔྱད་ཞིབས་འཇུག་བྱས་པ་མ་ཟད། སྨན་པ་ཡང་ཁྱད་ལས་པ་གདན་འདྲེན་ཞུ་ཐུབ་ཀྱི་ཡོད། ཅེས་དང་། སྐབས་འདྲིའི་འགྲོ་སོང་མང་ཤོས་ནི་ངའི་གླ་ཕོག་དང་ང་རང་གིས་སྟོད་ཐུང་གི་ཚོང་འགྲེམས་ཤིག་བྱེད་ཀྱི་ཡོད་པ་མ་ཟད། ང་ཚོའི་ཚོགས་མི་རྣམས་ཀྱིས་འགྲོ་སོང་སོ་སོའི་ངོས་ནས་བཏང་སྟེ་དྭངས་བླངས་བྱེད་ཀྱི་ཡོད། ད་ལྟའི་ཆ་ལ་ང་ཚོའི་ལས་གཞི་འདི་ནི་ལྷོ་ཕྱོགས་གཞིས་ཆགས་ཁག་གཅིག་པུ་ཡིན་མོད། མ་འོངས་པར་ང་ཚོ་གཞིས་ཆགས་ཁག་ཆ་ཚང་ལ་སྐོར་བསྐྱོད་བྱེད་པའི་འཆར་གཞི་ཡོད། ཅེས་བརྗོད་སོང་།

བོད་ཀྱི་འབྲས་ནད་ཚོགས་པ་ནི། ཕྱི་ལོ་ ༢༠༡༤ ཟླ་ ༡༢ པའི་ནང་དུ་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་ཐོགས་མར་གསར་འཛུགས་བྱས་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༨ ཉིན་རྒྱ་གར་གཞུང་ལ་ཁྲིམས་མཐུན་དེབ་སྐྱེལ་བྱས་ཡོད་ཅིང་། ཚོགས་པའི་ངོས་ནས་མཐོ་སློབ་ཁག་དང་གཞིས་ཆགས། གཞི་རིམ་སློབ་གྲྭ་ཁག་ཏུ་ཐེངས་བདུན་ཙམ་རིན་མེད་འཕྲོད་བསྟེན་བརྟག་དཔྱད་དང་སྐྲན་ནད་ཀྱི་ནད་གཞིའི་སྐོར་གོས་རྟོགས་སྤེལ་ཡོད་འདུག་མ་ཟད། མ་འོངས་པར་ཚོགས་པའི་ངོས་ནས་རྒྱ་གར་ལྷོ་ཕྱོགས་མེ་སོར་གྲོང་ཁྱེར་དུ་སྨན་ཞབས་ཁང་དང་ནད་པ་སྡོད་ཁང་གསར་རྒྱག་གིས་དུས་ཡུན་ཚོུད་ ༢༤ རིང་ནད་པར་མཐུན་འགྱུར་གནང་བའི་འབད་བརྩོན་བྱ་རྒྱུ་ཡིན་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།