དགོངས་ཚུལ།

བོད་ཀྱི་གཞོན་ནུ་ངོ་རྒོལ་བ་ ༥༠ འཛིན་བཟུང་བྱས་པ།

Attention, open in a new window. ཕི་ཌི་ཨེཧཕ། པར་འདེབས།གློག་འཕྲིན།

༢༠༡༧།༡༠།༡༨ཉིན་སྤེལ། རོ་ཧི་ནི་ས་གནས་གཞོན་ནུ་དང་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་གཞོན། ཟུང་དྲུང་། རིག་གཞུང་འགན་འཛིན། སྤྱི་ཚོགས་ཞབས་ཞུའི་འགན་འཛིན་བཅས་ཁྱོན་ལས་འགུལ་བ་མི་ ༥༠ ཙམ་གྱིས་རྒྱ་གར་རྒྱལ་ས་ལྡི་ལིའི་རྒྱ་དམར་གཞུང་ཚབ་ཁང་མདུན་དུ་ངོ་རྒོལ་ལས་འགུལ་སྤེལ་སྟབས་འཛིན་བཟུང་བྱས་ཡོད་འདུག

Tibet-Youthcongress-2017འདི་ཟླའི་ཕྱི་ཚེས་ ༡༨ ཉིན། རྒྱ་ནག་དམར་ཤོག་གི་ཚོགས་འགོ་བཙུགས་དང་སྟབས་བསྟུན་གྱིས་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ཁ་ཤས་གཙོས་པའི། ལྡི་ལི་རི་ཧི་ནེ་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་བཅས་མི་གྲངས་༥༠ ལྷག་གིས་རྒྱ་ནག་གི་གཞུང་ཚབ་ཁང་མདུན་དུ་ཞི་བའི་ངོ་རྒོལ་གྱི་བོད་དོན་ལས་འགུལ་སྤེལ་སྐབས་སུ་རྒྱ་གར་ཉེན་རྟོག་པས་བཀག་ཉར་བྱས་པའི་གནས་ཚུལ་འདུག

དེ་ཡང་། རྒྱ་ནག་གི་རྒྱལ་ས་པི་ཅིང་དུ་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་༡༩ པ་དེ་འགོ་འཛུགས་བྱེད་ཀྱི་ཡོད་པ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག འཛམ་གླིང་གི་གྲོང་ཁྱེར་ཆེ་ཁག་མང་པོ་ཞིག་ཏུ་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་པ་དང་། གོང་འཁོད་ཁྲོད་དུ་ལྡི་ལིའི་རི་ཧི་ནི་ས་གནས་གཞོན་ནུ་ལྷན་ཚོགས་ཀྱི་མཐོ་རིམ་སློབ་མ་ལས་འགུལ་བ་དང་། དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིགས་མེད་དང་། ཚོགས་གཞོན་རྟ་མགྲོན་སྲི་གཅོད། ཟུང་དྲུང་ངག་དབང་བློ་བཟང་། རིག་གཞུང་འགན་འཛིན་བཀྲ་ཤིས་དོན་གྲུབ། སྤྱི་ཚོགས་ཞབས་ཞུའི་འགན་འཛིན་བཀྲ་ཤིས་དར་རྒྱས་བཅས་ཡོད་པ་བཅས།།

གསར་འགོད་པ་ཆོས་ཉིད།

Shareསྤྱི་ཚོགས་དྲ་གནས་ཁག་ཏུ་ཁྱབ་སྤེལ།

ཁྱེད་ཀྱི་བསམ་ཚུལ་བྲིས།

ཁྱེད་ཀྱི་མིང༌།:
བརྗོད་གཞི།:
བསམ་ཚུལ།:



བརྗོད་གཞི་གཞན་ཁག་ལ་གཟིགས།